དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

"རི་ཆུའི་མགོ་ཁུངས། རབ་མཛེས་མཚོ་སྔོན" "དག་སྣང་མཚོ་བྱང་། ལྷ་ཁམས་མདོ་ལས"ཁྱེད་རང་ཕེབས་པར་དགའ་བསུ་ཞུ།

2024-05-07 15:20:33   |   458

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།   བཤེར་འབེབས།  རིན་ཆེན་ཚེ་རིང།


01.jpg

02.jpg

ལྷ་ཁམས་མདོ་ལ།

མཚོ་བོད་མཐོ་སྒང་གི་བྱང་ཕྱོགས་སུ་མཛེས་སྡུག་དང་འབྱོར་ཕྱུག་གིས་གཏོས་པའི་ཡུལ་གྲུ་ཞིག་ཡོད་ལ། གནས་དེ་གར་འཛམ་གླིང་སྟེང་སྐད་གྲགས་ཆེ་བའི་རྔམ་བརྗིད་ཀྱི་མདོ་ལ་རི་བོ་དང་མཛེས་སྡུག་ལྡན་པའི་རང་བྱུང་ཡུལ་ལྗོངས། ཐུན་མིན་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས། ཡུན་རིང་གནའ་རབས་ལོ་རྒྱུས་ཀྱི་རྗེས་ཤུལ་བཅས་ཡོད། ངོ་མཚར་ཆེ་བའི་གནས་མཆོག་དེ་ནི་གནས་སྐོར་བས་ཡིད་སྨོན་བྱེད་པའི་མི་ཡུལ་གྱི་དག་ཞིང་སྟེ"ལྷ་ཁམས་མདོ་ལ"ཞེས་པ་དེ་རེད། མདོ་ལའི་ཕྱི་སྣོད་ཀྱི་བཀོད་པ་ཕུན་སུམ་ཚོགས་ཤིང་ནང་བཅུད་ཀྱི་སེམས་ཅན་དཔལ་གྱིས་ཕྱུག གནས་འདི་རུ་གངས་རི་དང་གྲོག་རོང་། ཏན་ཞ། རྩྭ་ཐང་། ནགས་ཚལ་དང་གཙང་པོ།  ཆུ་ཚན་དང་ཞིང་སྡེ་བཅས་གཞི་གཅིག་ཏུ་འདུས་པའི་ཡིད་འོང་གི་གནས་མཆོག་ཅིག་རེད།

03.jpg

04.jpg

05.jpg

06.jpg

07.jpg

མདོ་ལའི་རང་བྱུང་ཁམས་དང་དེའི་ལྷད་མེད་ཀྱི་ཡིད་དབང་འཕྲོག་ཤུགས།  ད་དུང་།  ཨ་སྔོན་དང་སྤྲིན་དཀར།  ཡོད་ཚད་མིག་གི་ལོངས་སྤྱོད་དང་སེམས་ཀྱི་མགུ་སར་འགྱུར་ངེས།

08.jpg

09.jpg

10.jpg

སྤྲིན་དཀར་དང་དབྱིངས་རིམ་བཅར་བའི་གངས་ཀྱི་རྩེ་མོ།།

དཔོག་ཚད་དང་ཕ་མཐའ་བྲལ་བའི་མུ་མེད་རྩྭ་ཐང་།།

སྤྲིན་དཀར་གྱི་ཚོམ་བུ་སྔོ་ཐིང་ཐིང་གི་ནམ་མཁའི་དབྱིངས་སུ་བཞད་ཅིང་། གཙང་བོ་དང་ནམ་མཁའ་གཞི་གཅིག་ཏུ་འདྲེས། ཡོད་ཚད་ནི་དེ་འདྲའི་རྒྱང་རིང་ལ་ཐག་ཉེ་བ་ཞིག་ཏུ་སྣང་།

11.jpg

12.jpg

13.jpg

14.jpg

015.jpg

གནས་རི་ཨ་མྱེས་སྟོང་སོར་སྤྲིན་གྱི་རྒྱ་མཚོའི་བང་རིམ་འཁྲིགས།

རི་རྩེ་གྱ་གྱུ་སྨུག་པ་ལིང་ལིང་བརྒྱ་བྱིན་ཕོ་བྲང་བཞེངས་འདྲ་རེད།

016.jpg

017.jpg

018.jpg

019.jpg

020.jpg

021.jpg

གཡའ་དག་པའི་ནམ་མཁའ།

འཇམ་མཉེན་གྱི་སྤྲིན་དཀར། ད་དུང་།

ཕྱིར་རི་ཤོད་དུ་འབབ་པའི་གོམ་པ་རེ་རེའི་མཚམས་སུའང་།

ཡིད་ཀྱི་དབང་ཤུགས་ཅིག་ཅར་འཕྲོག་པའི་མཛེས་སྡུག་གི་ལྗོངས་རྣམ་མཐོང་སྲིད།

022.png

023.jpg

024.jpg

སུ་ཞིག་གི་ཚོན་གྱི་བུམ་པ་ས་ལ་འཕོས་ནས་ས་ཆེན་གྱི་ཁུག་སོ་འདིར་རང་བྱུང་གི་རི་མོ་བྲིས།


མཉམ་སྤྱོད།