དེ་རིང་ནི2025ལོའི་ཟླ05པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་མདའ་བཞི་རྫོང་དུ་རྟོག་ཞིབ་གནང་བར་ཕྱིན།

2024-05-08 09:52:09   |   1719

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ4པའི་ཚེས30ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་དང་ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་ཁུལ་དཔོན་ཀྲང་ཧྲིང་ཡོན་གྱིས་མདའ་བཞི་རྫོང་གི་གཙོ་གནད་ལས་དོན་དག་ལ་དམིགས་ཏེ། མདའ་བཞི་རྫོང་ཞབས་དྲུང་སྒར་ཐོག་དགོན། གསེར་ཐང་ཞང་ཏོ་ཡང་སྡེ་བའི་སྔོ་ཚལ་འདེབས་འཛུགས་རྟེན་གཞི་དང་ལྗང་མདོག་རིག་གནས་གླིང་དུ་རྟོག་ཞིབ་དང་ལྟ་སྐུལ་མཛུབ་ཁྲིད་གནང་།

1.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་ཀྱིས་ཞབས་དྲུང་སྒར་ཐོག་དགོན་དུ་དགོན་པའི་གྲྭ་བཙུན་གྱི་སློབ་སྦྱོང་དང་འཚོ་བ། དགོན་སྡེའི་བཅའ་སྡོད་ལས་བྱེད་པའི་དགོན་སྡེའི་དོ་དམ་སོགས་ཀྱི་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་བྱས་པ་དང་། མི་རིགས་མཐུན་སྒྲིལ་དང་། ཆོས་ལུགས་འཆམ་མཐུན། ལྗང་སྒྱུར་འཛུགས་སྐྲུན་སོགས་ཀྱི་དགོན་སྡེའི་ལས་དོན་ལ་བསྔགས་བརྗོད་གནང་ཞིང་རྗེས་ཕྱོགས་ཀྱི་ལས་དོན་ཐད་ཞིབ་ཕྲའི་བླང་བྱ་བཏོན་པ་སྟེ། གཅིག་ནས་མདའ་བཞི་རྫོང་གིས་བོད་བརྒྱུད་ནང་བསྟན་ཀྲུང་གོ་ཅན་གྱི་ཁ་ཕྱོགས་འགྲེམས་སྟོན་ཁང་གི་ནུས་པ་འདོན་སྤེལ་བྱས་ཏེ་མཚོ་བྱང་ཁུལ་གྱི་བོད་བརྒྱུད་ནང་བསྟན་དགོན་སྡེའི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ཀྱི་དཔེ་མཚོན་སྔོག་འདོན་གཏིང་ཟབ་བྱེད་པ་དང་། དགོན་སྡེས་དམར་དམག་ནུབ་ལམ་དམག་དཔུང་དང221བཟོ་གྲྭར་རྒྱབ་སྐྱོར་བྱས་པའི་ལོ་རྒྱུས་དཔྱད་གཞི་ལེགས་སྒྲིག་ནན་ཏན་བྱེད་དགོས། གཉིས་ནས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་ཤུགས་ཆེན་བཏང་ནས་མཚོ་བྱང་ཁུལ་གྱི་ཁུལ་དཔོན་ཐོག་མ་ཞབས་དྲུང་དཀར་པོ་ཡིས་ཏང་དང་རྒྱལ་ཁབ་ཀྱི་འབོད་སྐུལ་དང་དུ་བླངས་ནས་རྒྱལ་སྲུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་། ཆོས་ལུགས་གོང་འཕེལ་ཡར་རྒྱས་བཏང་བ་བཅས་ཀྱི་ལོ་རྒྱུས་གཏམ་རྒྱུད་ནུས་ཤུགས་ཡོད་རྒུས་སྔོག་འདོན་བྱས་ཏེ་མཚོ་བྱང་གི་བསམ་པའི་མཐོ་ས་གཏོད་ཆེད་ལེགས་སྐྱེས་ཧུར་ཐག་འབུལ་དགོས། གསུམ་ནས“སྔོ་ལྗང་དགོན་པ”སྐྲུན་པའི་སྤུས་ཚད་མཐོར་གཏོང་དང་ཕན་འབྲས་ཆེ་རུ་གཏོང་རྒྱུར་དམིགས་ཏེ་མིག་སྔའི་ཤིང་འཛུགས་ནགས་སྐྲུན་གྱི་དུས་སྐབས་ཡག་ཤོས་དམ་འཛིན་བྱེད་དགོས་ཤིང་། སྔོ་ལྗང་འདེབས་འཛུགས་ཀྱི་ལས་དོན་ཧུར་ཐག་གིས་བསྒྲུབ་དགོས་པ ་དང་། དུས་བཀག་ལྟར་དགོན་སྡེའི་ཕྱི་ནང་གི་ཁོར་ཡུག་འཕྲོད་བསྟེན་བཅོས་སྒྲིག་བྱས་ཏེ་སྔར་ལས་ལྷག་པའི་སྒོ་ནས་སྔོ་ལྗང་ཅན་དང་མཛེས་སྡུག་ཅན་དུ་བསྒྱུར་དགོས། བཞི་ནས་མདའ་བཞི་རྫོང་གི་རྒྱལ་ཁབ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་ནང་གསེས་ཏེ་མཚོ་སྔོན་པོའི་མཆོད་འབུལ་བྱེད་སྒོ་ཚད་ལྡན་ངང་སྤེལ་ནས་བསང་གཏོང་བ་དང་མཚོ་མཆོད་ཡོ་བྱད་སོགས་ཐོན་ལས་འཕེལ་རྒྱས་ཧུར་ཐག་བཏང་སྟེ་དད་ལྡན་མང་ཚོགས་ཀྱི་ཁུར་པོ་ཡང་དུ་གཏོང་དགོས།

2.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་ལྗང་མདོག་རིག་གནས་ཐོན་ལས་གླིང་དུ་ཁུ་ཁུ་ནུའོ་ཨར་སྔོ་ཚལ་ལས་སྣོན་ཁེ་ལས་དང་ཆིང་ཧུའུ་ཡོན་ཕྱུགས་ལས་ཐོན་རྫས་ལས་སྣོན་ཞིབ་ཚགས་ཁེ་ལས་ཀྱི་འགན་འཁུར་བ་དང་ཁ་བརྡ་བྱས་ཏེ་ཁེ་ལས་འཛུགས་སྐྲུན་གྱི་གཞི་ཁྱོན་དང་། ཐོན་སྐྱེད་བརྒྱུད་རིམ། དེ་བཞིན་ཐོན་རྫས་བཟོ་རྩལ་དང་ཕྱིར་ཚོང་གནས་ཚུལ་བཅས་ལ་རྒྱུས་ལོན་བྱས། ནན་གྱིས་བསྟན་དོན། མདའ་བཞི་རྫོང་དང་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱིས་ཕྱུགས་ལས་ཐོན་རྫས་ལས་སྣོན་ཁེ་ལས་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་འགན་ལེན་ཏན་ཏིག་བྱེད་པ་དང་། སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་ལས་གྲྭ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ཞིང་ཕྱུགས་ཐོན་རྫས་ཀྱི་ཟུར་སྣོན་རིན་ཐང་ཆེ་རུ་གཏོང་རྒྱུར་མུ་མཐུད་ཤུགས་སྣོན་བརྒྱབ་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་མཐོ་རུ་ཧུར་ཐག་གཏོང་དགོས་ཞེས་བཤད།

3.jpg

ཤ་བོ་སྐྱབས་དང་ཀྲང་ཧྲིང་ཡོན་གྱིས་གསེར་ཐང་ཞང་ཏོ་ཡང་སྡེ་བའི་སྔོ་ཚལ་དྲོད་ཁང་ཆེ་མོའི་རྟེན་གཞིར་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མི་དང་སྤེལ་རེས་གཏིང་ཟབ་བྱས་ཤིང་། སྡེ་བའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་གནས་ཚུལ་དང་སྔོ་ཚལ་དྲོད་ཁང་ཆེ་མོའི་ནུས་ཆེའི་བེད་སྤྱོད་གནས་ཚུལ་ལ་རྒྱུས་ལོན་བྱས། ནན་གྱིས་བསྟན་དོན། རྫོང་དང་ཞང་། གྲོང་ཚོ་བཅས་རིམ་པ་གསུམ་གྱིས་རང་འགུལ་ངང་འགན་འཁྲི་འཁུར་ཏེ། གྲོང་གསེབ་ཀྱི་ཕན་ནུས་ཆུང་བའི་རྒྱུ་ནོར་ལ་ཟུང་ཤུགས་སྣོན་པའི་འགན་འཁྲི་ལྕི་པོ་ཧུར་ཐག་འཁུར་བ་དང་། ད་ཡོད་ཀྱི་བཟོ་ཁང་དང་། དྲོད་ཁང་ཆེ་མོ། བེད་མེད་དུ་ལུས་པའི་རྨོ་འདེབས་འཕྲུལ་ཆས་སོགས་ཐོན་ཁུངས་བསྡུ་སྒྲིལ་བྱེད་དགོས། ཏང་ཀྲི་པུའི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཁྲིམས་དང་སྒྲིག་སྲོལ་ལྟར་རྒྱུ་ནོར་ཐོན་ཁུངས་ལ་ཟུངས་ཤུགས་སྣོན་པའི་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཕྱུག་འགྱུར་འཇོན་ཐང་ཅན་དང་གྲོང་ཚོར་ལོག་པའི་སློབ་ཆེན་སློབ་མ་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ནང་ཞུགས་རྒྱུར་སྐུལ་ལྕག་དང་ཁྲིད་སྟོན་བྱས་ཏེ། རྒྱལ་དབང་རྒྱུ་ནོར་གྱི་རིན་ཐང་འཕར་བར་བྱེད་པ་དང་། གྲོང་མིའི་འཔལ་འབྱོར་ཡོང་སྒོ་ཇེ་མང་དུ་བཏང་སྟེ་ཕྱུག་འགྱུར་ལམ་བུར་བསྐྱོད་པར་འབད་དགོས་ཞེས་བཤད། 

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་དེ་བཞིན་མདའ་བཞི་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོས་རྟོག་ཞིབ་གནང་བར་ཕེབས་རོགས་བྱས།


མཉམ་སྤྱོད།