མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཟ་མ་རྒྱགས་དྲགས་པ་ཟོས་ན་གནོད་པ་གང་དག་ཡོད།

2024-05-08 09:13:04   |   399

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།  བཤེར་འབེབས།  རིན་ཆེན་ཚེ་རིང།


640 [原始大小].jpg

01 འཇུ་བྱེད་མ་ལག་གི་ནད་འབྱུང་བ།

ཟ་འཐུང་མང་དྲགས་ན་འཇུ་བྱེད་མ་ལག་གི་ཐེག་ཚད་ལས་བརྒལ་ཏེ། ཕོ་བ་ན་བ་དང་ཕོ་བ་སྦོས་པར་བྱེད་ལ། དུས་ཡུན་རིང་ན་ཕོ་བའི་གཉན་ཚད་དང་གཤེར་མའི་གཉན་ཚད། རྒྱུ་ཚད་སོགས་འཇུ་ལམ་གྱི་ནད་འབྱུང་སླ།      

02 ཀླད་པར་ཁྲག་མཁོ་འདོན་ཚད་མི་འདང་བ།

ཕོ་བའི་ནང་དུ་ཟ་མས་ཁེངས་སྐབས་ཟས་འཇུ་བ་དང་འཚོ་བཅུད་བསྡུ་ལེན་བྱེད་ཆེད། ཁྲག་མང་པོ་སྔོན་ལ་ཕོ་བ་དང་རྒྱུ་མར་མཁོ་སྤྲོད་བྱེད་པས། ཀླད་པར་ཁྲག་མཁོ་འདོན་བྱས་པ་ལྟོས་བཅས་ཀྱིས་ཉུང་། དེས་མི་རྣམས་ཐང་ཆད་སླ་བ་དང་། ཚོར་བ་རྟུལ་པོར་འགྱུར་ལ། ཚབས་ཆེ་བའི་སྐབས་སུ་ཀླད་པར་གྲིབ་ཕོག་པའི་ཉེན་ཁ་ཡོད།   

03 ནུས་ཚད་ལྷག་མས་ཚོ་འབུད་པ།    

ནུས་ཚད་ལྷག་མ་ཟད་གྲོན་བྱེད་དཀའ་བས། དེ་ཚིལ་འགྱུར་བྱས་ཏེ་ལུས་ནང་དུ་གསོག་ཅིང་། དུས་ཡུན་རིང་པོ་འགོར་ན་ཚོ་འབུད་སྲིད། 

04 ན་ཚ་དྲག་སྐྱེད་འབྱུང་བར་མི་ཕན།    

གལ་ཏེ་སྙིང་རྩ་རེངས་པའི་ནད་བྱུང་མྱོང་མཁན་གྱིས་ཟ་མ་རྒྱགས་དྲགས་པ་ཟོས་ན་སྙིང་གཟེར་ལངས་པ་དང་། ཁྲག་ཤེད་མཐོ་བའི་མི་རྣམས་ཀྱིས་ཟ་མ་རྒྱགས་དྲགས་པ་ཟོས་ན་དུས་ཡུན་ཐུང་ངུའི་ནང་ཁྲག་ཤེད་ཇེ་མཐོར་འགྲོ་ལ། གཅིན་སྙི་ཟ་ཁུའི་ནད་ཡོད་མཁན་གྱིས་ཟ་མ་རྒྱགས་དྲགས་པ་ཟོས་ན་ཁྲག་མངར་ཇེ་མཐོར་འགྲོ་བ་ཡིན། 


མཉམ་སྤྱོད།