མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-08 07:26:42   |   1325

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས7ཉིན། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་གི་དམིགས་བསལ་གདན་ཞུས་ལྟར་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ། ཕ་རི་སི་ནས་ཧྥ་རན་སེའི་ལྷོ་ནུབ་རྒྱུད་ཀྱི་པི་ལི་ཉིའུ་སི་ཞིང་ཆེན(比利牛斯省)དུ་འཚམས་འདྲི་གནང་བར་ཕེབས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས7ཉིན་གྱི་མཚན་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ཏེ་པེར་ཀེ་རེ་ཏེར(贝尔格莱德) ཕེབས་འབྱོར་ཟིན་ནས་སར་པི་ཡའི(塞尔维亚) ཙུང་ཐུང་ཝུའུ་ཆི་ཆིའི་གདན་ཞུས་ལྟར་སར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

  • ཟླ5ཚེས7ཉིན། པེར་ཀེ་རེ་ཏེར(贝尔格莱德)ཕེབས་ནས་སར་པི་ཡར་རྒྱལ་དོན་འཚམས་འདྲི་གནང་བའི་མཚམས་སུ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སར་པི་ཡའི《ཆབ་སྲིད་ཚགས་པར》སྟེང་དུ《བློས་ཐུབ་ཀྱི་བརྩེ་བ་ཟབ་མོའི་འོད་སྣང་གིས་ཀྲུང་གོ་དང་སར་པི་ཡའི་མཉམ་ལས་ལམ་བུར་གསལ་བར་བྱེད་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད།

  • ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཆོག་མཆན་ཐོབ་པ་བརྒྱུད་རེས་སྐོར་གསུམ་པའི་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པ་ཕྱོགས་ཡོངས་ནས་སྤེལ་མགོ་ཚུགས།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་དཔྱིད་ཀར་སློབ་མགོ་ཚུགས་པ་ནས་བཟུང་ཁྱིམ་ཚང་གི་དཔལ་འབྱོར་ལ་དཀའ་ངལ་ཡོད་པའི་སློབ་མའི་འཚོ་བའི་ཁ་གསབ་ཚད་གཞི་མཐོ་རུ་གཏོང་རྒྱུ་རེད།

1.jpg

  • ཚེས7ཉིན་གྱི་ཆུ་ཚོད11དང་སྐར་མ21སྟེང་། རང་རྒྱལ་གྱིས་རྒྱང་སྐྱོད་ཨང་དྲུག་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ག་པ་བདེ་བླག་ངང་འཕེན་གཏོང་བྱས་ཤིང་། འཕེན་གཏོང་བྱས་པའི་མཚོ་རྒྱལ་སྲུང་སྐར01དང་། རིག་ནུས་སྲུང་སྐར་ཨང་དང་པོའིCསྲུང་སྐར། ཁོད་ཆེ་འོད་རིག་སྲུང་སྐར། སྐར་མ་མཐོན་པོའི་བརྙན་ལམ་སྲུང་སྐར་བཅས་སྔོན་ལ་གཏན་འཁེལ་བྱས་བའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་དེ་འཕུར་སྐྱོད་ཚོད་ལྟའི་ལས་འགན་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་།

  • ཀྲུང་གོ་ཕྱོགས་ཀྱིས་ཧྥ་རན་སེ་དང་འཇར་མན་སོགས་རྒྱལ་ཁབ12ལ་ཐོངས་མཆན་འགོད་མི་དགོས་པའི་སྲིད་ཇུས་དེ2025ལོའི་ཟླ12ཚེས31ཉིན་བར་ཇེ་རིང་དུ་གཏོང་རྒྱུའི་གཏན་འབེབས་བྱས།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས7ཉིན། ཕུའུ་ཅིང་གིས་ཨུ་རུ་སུའི་རྒྱལ་ཕྲན་མཉམ་འབྲེལ་གྱི་སྐབས་བརྒྱད་པའི་ཙུང་ཐུང་གི་འགན་འཁུར་རྒྱུའི་དམ་བཅའ་བཞག་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས6ཉིན། ཕ་ལེ་སི་ཐན་གྱི་དབྱི་སི་ལམ་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་འདུམ་འགྲིག་དང་ལེན་བྱེད་མཁན་ཕྱོགས་ཀྱིས་བཏོན་པའི་དམག་མཚམས་འཇོག་པའི་ཇུས་གཞིར་མོས་མཐུན་བྱས།

སྤྱི་ཚོགས།

  • རྒྱལ་ཁབ་སྦྲག་སྲིད་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། “ལྔ་གཅིག”ངལ་གསོའི་རིང་རྒྱལ་ཡོངས་ཀྱི་སྦྲག་སྲིད་མྱུར་སྐྱེལ་ལས་རིགས་ཀྱིས་མྱུར་སྐྱེལ་འབོག་སྒྲིལ་དུང་ཕྱུར40.32རྩིས་ལེན་བྱས་ཡོད།

  • བཙན་ཤེད་རང་བཞིན་གྱི་རྒྱལ་ཁབ་ཚད་གཞིའི《གློག་སྒུལ་ལྕགས་རྟའི་ལིས་གྱེས་རྡུལ་གསོག་གློག་རྫས་ཀྱི་བདེ་འཇགས་ལག་རྩལ་ཚད་གཞི》ཟླ11ཚེས1ཉིན་དངོས་སུ་ལག་བསྟར་བྱ་རྒྱུ་ཡིན་པ་རེད།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ཟླ6ཚེས15ཉིན་ནས་བཟུང་། པེ་ཅིང་ནས་ཀོང་ཀྲོའུ་བར་གྱི་བསྐྱར་དར་རྟགས་ཅན་གྱི་ཤུགས་འགྲེམས་མེ་འཁོར་རྒྱུན་རྣམ་ཅན་དུ་མྱུར་ཚད་ཆུ་ཚོད་རེར་སྤྱི་ལེ་350ཡི་ཚད་གཞི་མཐོ་བའི་སྒོ་ནས་འཁོར་སྐྱོད་བྱེད་ཆོག་ཡོད་པ་རེད།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་དང་། སྤྱི་བདེ་པུ། རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་བཅས་ཀྱིས་སྤྱི་བསྒྲགས་སྤེལ་ཏེ། ཡིའུ་མེ་ཧྲ་ཧྥུན(右美沙芬)སོགས་རིགས་གཉིས་པའི་སྨྱོ་ནད་སྨན་རྫས་ཀྱི་དཀར་ཆག་ནང་འཇུག་རྒྱུ་ཡིན་པ་གཏན་འབེབས་བྱས།

  • ཀྲུང་གོའི་ཕིང་ཕང་སྤོ་ལོའི་མཐུན་ཚོགས་ཀྱིས2024ལོའི་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་རྣམ་གྲངས་ཁག་གཅིག་གི་འགྲན་བསྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པའི་མིང་ཐོ་ཡོངས་བསྒྲགས་བྱས་ཏེ། མཉམ་བསྲེས་འགྲན་བསྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་ནི་ཝང་ཁྲུའུ་ཆིན་དང་སུན་དབྱིང་ཧྲ་ཡིན་པ་དང་། སྐྱེས་པའི་རྐྱང་བའི་འགྲན་བསྡུར་ནང་ཞུགས་མཁན་གྱི་ལུས་རྩལ་པ་ནི་ཝང་ཁྲུའུ་ཆིན་དང་ཧྥན་ཀྲེན་ཏུང་ཡིན་པ་རེད།

2.jpg

  • ཀོང་ཞིའི་པེ་ཧའེ་ཡི་བུ་མོ་ཞིག་སེམས་ཆུང་མ་བྱས་པར་ཆུ་ནང་དུ་ལྷུང་བ་དང་ཉེན་ཁ་ཆེ་བའི་སྐབས་སུ། ལོ24ལ་སླེབས་པའི་དམག་ཁོངས་ནས་ཕྱིར་ལོག་པའི་དམག་མི་ཀྲོའུ་ཞིན་ཡུས་ཀྱིས་ཐེ་ཚོམ་སྤུ་ཙམ་ཡང་མེད་པར་ཆུ་ནང་དུ་མཆོང་ནས་བུ་མོ་དེ་བསྐྱབས་པ་རེད།

སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་སྟེ། ཞིང་པ་ལས་མིའི་གླ་ཕོགས་རྩོད་གཞི་མྱུར་གཅོད་ཁྲིམས་ར་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་བཏང་ནས་ས་གནས་སུ་འདུམ་འགྲིག་དང་སྟབས་བདེའི་ཐག་གཅོད་སོགས་ཀྱི་བྱ་ཐབས་མགྱོགས་མྱུར་ཁྱབ་གདལ་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།

  • ཧྲན་ཏུང་གིས་དྲ་ཕྱིའི་ལས་དོན་སྒྲུབ་པར “སྒོ་གཅིག་ལས་མི་འཛུལ”ཞེས་པའི་སྲིད་དོན་ཞབས་ཞུའི་བྱེད་ཐབས་སྤྱད་དེ། རྩ་དོན་ཐོག་སྲིད་དོན་ཞབས་ཞུའི་དོན་ཚན་ཚང་མ་རིམ་ཁག་སྲིད་དོན་ཞབས་ཞུ་བྱ་ཡུལ་ནང་བཅུག་ནས་གཅིག་སྡུད་ཐོག་སྒྲུབ་གཉེར་བྱས་ནས། སྒེའུ་ཁུང་གཅིག་གིས་བདག་སྤྲོད་དང་། ས་ཚིགས་གཅིག་གིས་གཉེར་བ། ཐེངས་གཅིག་ལ་ཡག་པོ་གཉེར་བ་བཅས་བྱེད་དགོས།

  • ཧུའུ་པེ་ཝུའུ་ཧན་གྱིས་ཟླ12ཚེས31ཉིན་གྱི་སྔོན་ནས་གྲོང་ཁུལ་གསར་པའི་དམིགས་བསལ་ཚོང་ཟོག་སྡོད་ཁང་རྣམ་གྲངས་ཉོ་མཁན་གྱི་ཁྱིམ་ཚང་གིས་སྤྱི་པའི་ཞབས་ཞུའི་ལས་སྟེགས་བརྒྱུད་ནས་ཁང་པ་ཉོ་བའི་འཛད་སྤྱོད་འཛིན་ཤོག་རེ་ཞུ་བྱས་ཏེ་ཁང་པ་ཉོ་བ་སྤྱོད་ཆོག་པའི་བརྡ་ཐོ་བཏང་།

དེ་རིང་གི་གནམ་གཤིས།

3.jpg

  • ཁྲོན་ནུབ་མཐོ་སྒང་གི་བྱང་རྒྱུད་དང་། སི་ཁྲོན་གཤོང་སའི་དབུས་ལྷོ་རྒྱུད། ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཀོང་ཏུང་གི་དབུས་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ནང་སི་ཁྲོན་གཤོང་སའི་ལྷོ་ནུབ་རྒྱུད་དང་། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཀོང་ཞིའི་ནུབ་བྱང་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།