མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ05ཚེས20ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མདོ་ལ་རྫོང་གིས་སྐྱེ་ཁམས་སྲུང་སྐྱོང་མཐའ་ཚད་དམ་པོར་བསྲུངས་ནས་ཁོར་ཡུག་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོར་བསྐྲུན་པ།

2024-05-08 15:27:41   |   1951

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་ཧུར་ཐག་ཏུ་བསྟར་ཞིང་། “རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག”པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་དང་། རྫོང་ཨུའི“1234”འཕེལ་རྒྱས་འཐབ་ཇུས་ཁོང་དུ་ཡང་དག་ཆུད་པ། “སྦགས་བཙོག་ཉུང་གཏོང་ཐཱན་ཉུང་གཏོང་དང་མཐུན་སྦྱོར་ཕན་འབྲས་ཆེ་རུ་གཏོང་བའི”སྤྱིའི་བླང་བྱ་དོན་འཁྱོལ་མཐའ་གཅིག་ཏུ་བྱས་པ། མངོན་གསལ་གྱི་ཁོར་ཡུག་གནད་དོན་ཐག་གཅོད་དང་། ཁོར་ཡུག་སྤུས་ཀ་ལེགས་བཅོས་གཏོང་བ་དམིགས་ཚད་དུ་བཟུང་ཞིང་སྦགས་བཙོག་འགོག་བཅོས་འགག་སྒྲོལ་གཡུལ་འཐབ་ལེགས་པོར་བརྒྱབ་ནས་ལས་དོན་ཁག་ཕྱོགས་ཡོངས་ནས་གོ་རིམ་ལྡན་པའི་ངང་སྐུལ་འདེད་བཏང་།

མཁའ་དབུགས་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་། དྲོད་འདོན་དུས་ཚིགས་ཀྱི་མཁའ་དབུགས་སྦགས་བཙོག་འགོག་བཅོས་ལས་དོན་ནན་ཏན་ངང་སྤེལ་བ་དང་། གཅིག་སྡུད་ཐོག་དྲོད་རླངས་མཁོ་འདོན་སོགས་གཙོ་གནད་ལས་རིགས་དང་ཁེ་ལས་ལ་ལྟ་སྐུལ་ཞིབ་བཤེར་བྱེད་ཤུགས་ཆེ་རུ་བཏང་བ། ནུས་རྒྱུ་ཟད་གྲོན་གྱི“ཚོད་འཛིན་གཉིས”དེ་ཐཱན་འབུད་ཚད་ཀྱི་བསྡོམས་འབོར་དང་ཤུགས་ཚད“ཚོད་འཛིན་གཉིས”ཀྱི་ཕྱོགས་སུ་བསྒྱུར་བར་སྐུལ་འདེད་བཏང་ནས“མཐོ་གཉིས”ཀྱི་རྣམ་གྲངས་འབྱུང་བ་གཏན་འགོག་བྱས། བགྲོད་ལམ་མ་ཡིན་པའི་སྒུལ་བདེའི་འཕྲུལ་ཆས་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ལ། གཞུང་ལམ་གྱི་འགྲུལ་སྐྱེལ་རླངས་འཁོར་ཆེ་གྲས་དང་རླངས་འཁོར་ཆུང་གྲས་ལ་ཞིབ་བཤེར་བྱེད་ཚད་དང་བེད་མེད་དུ་གཏོང་ཚད100%ལ་སླེབས། ལྕི་བའི་ཟོག་འདྲེན་རླངས་འཁོར་ལ་ཞིབ་བཤེར་བྱེད་ཚད95.88%ལ་སླེབས་ཤིང་བེད་མེད་དུ་གཏོང་ཚད44%ཡིན། ལྗིད་ཐེག་རླངས་འཁོར་ཞིབ་བཤེར་བྱེད་ཚད93.44%དང་བེད་མེད་དུ་གཏོང་ཚད80%ཡིན། གྲོང་གསེབ་ཀྱི་འགྲུལ་སྐྱེལ་འབོལ་འཁོར་ལ་ཞིབ་བཤེར་བྱེད་ཚད89.55%དང་བེད་མེད་དུ་གཏོང་ཚད69.7%ཡིན། ཁྲའེ་སྣུམ་ཟོག་འདྲེན་རླངས་འཁོར་གྱི་སྦགས་བཙོག་འགོག་བཅོས་ཀྱི་འགག་སྒྲོལ་དམག་འཐབ་ནུས་ལྡན་ངང་ལེགས་འགྲུབ་བྱུང་ཡོད། ས་སྙིགས་དབོར་འདྲེན་རླངས་འཁོར་དང་བཟོ་སྐྲུན་ལས་ཡུལ་ལ་ཆེད་དོན་ཞིབ་བཤེར་བྱས་ཤིང་། བཟོ་སྐྲུན་ཨར་ལས་སྡེ་ཚན་དང་ལྟ་སྐུལ་དོ་དམ་སྡེ་ཚན་གྱི་ཨར་ལས་བྱ་ཡུལ་གྱི་ཐལ་བའི་སྦགས་བཙོག་འགོག་བཅོས་ལ་སྐུལ་འདེད་གཏོང་བ་དང་མཁའ་རླུང་ཆེན་པོའི་སྦགས་བཙོག་འགོག་བཅོས་བྱེད་པའི་བཅའ་ཁྲིམས་དྲིལ་སྒྲོག་ཚོགས་འདུ་འཚོགས་ནས《བཟོ་སྐྲུན་ལས་ཡུལ་གྱི་ཐལ་རྡུལ་ཚོད་འཛིན་ཁས་ལེན་ཡི་གེ》24ལ་མིང་རྟགས་བཀོད། གྲོང་ཁུལ་གཙོ་བོའི་འགྲོ་ལམ་འཕྲུལ་ཆས་ཅན་གྱི་བརླན་བཤེར་གཙང་སེལ་སོགས་ཐལ་རྡུལ་ཉུང་བའི་ལས་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་བས་གྲོང་ཁུལ་འགྲོ་ལམ་གྱི་ཐལ་རྡུལ་ཉུང་དུ་ནུས་ལྡན་བཏང་བ་དང་མཁའ་རླུང་གི་སྤུས་ཚད་རྒྱུན་མཐུད་ཇེ་ལེགས་སུ་ཕྱིན་ཡོད།

ཆུའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལ་སྐུལ་འདེད་བཏང་། 《མདོ་ལ་རྫོང་གི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུའི་སྦགས་བཙོག་འགོག་བཅོས་ཀྱི་ཆེད་དོན་འཆར་འགོད》བཟོས་ནས་སྡེ་བ10ཡི་གྲོང་གསེབ་ཀྱི་འཚོ་བའི་བཙོག་ཆུ་གཙང་སེལ་དང་ལེ་ལག་ཚང་བའི་མདོང་ལམ་འཛུགས་སྐྲུན་རྣམ་གྲངས་འཆར་འགོད་བྱས་ཏེ་གྲོང་གསེབ་ཀྱི་ཁོར་ཡུག་སྲུང་སྐྱོང་སྐུལ་འདེད་ལ་སྔར་བས་རྨང་གཞི་བརྟན་པོ་བཏིང་། མངའ་ཁོངས་ཀྱི་བར་དམ་གཙང་པོ(རྒྱལ་ཁབ་ཀྱི་ཚོད་འཛིན་བཅད་ངོས)དང་། གསེར་ལྡན་ཆུ་བོའི(ཞིང་ཆེན་ཚོད་འཛིན་བཅད་ངོས)ཆུའི་སྤུས་ཚད་ལྟ་ཞིབ་ཚད་ལེན་ལས་དོན་སྤེལ་ནས་རྫོང་དང་ཡུལ་ཚོ། སྡེ་བ་བཅས་ཀྱི་འཐུང་ཆུའི་ཆུ་འགོ56སྲུང་སྐྱོང་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་ནས་འཐུང་ཆུའི་ཆུ་འགོའི་དཔྱད་དཔོག་ལས་དོན་དུས་ཐོག་ཏུ་སྤུས་འབོར་གཉིས་ལྡན་ངང་ལེགས་འགྲུབ་བྱས། མདོ་ལ་རྫོང་གི་རྫོང་ཁོངས་ཀྱི་བར་དམ་གཙང་བོའི་ཆུ་གཞུང་གི་བཙོག་འབུད་ཁ19གྲལ་བཤེར་དང་ཞིབ་དཔྱད་ཚད་ལེན། ཁུངས་འདེད། མཚོན་རྟགས་བྱང་བུ་འཛུགས་པ་སོགས་ཀྱི་ལས་དོན་ལེགས་པར་བསྒྲུབས་ཏེ་གཙང་བོའི་བཙོག་འབུད་མདོ་ཁ་རུ་གྲལ་བཤེར་བཅོས་སྒྲིག་ལས་དོན་གཏིང་ཟབ་ཏུ་སྤེལ།

ས་བཅོས་སྙིགས་བཅོས་ཁྱོན་ཡོངས་ནས་སྐུལ་འདེད་བཏང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ས་རྒྱུའི་སྦགས་བཙོག་འགོག་བཅོས་བཅའ་ཁྲིམས》ཀྱི་ཁྲིམས་འཛིན་ཞིབ་བཤེར་གོ་སྐབས་སུ་བྱས་ནས་ལས་དོན་དོན་འཁྱོལ་དམ་འཛིན་བྱས་ཏེ་ཉེན་ཡོད་ཟོག་རོ་ཚད་ལྡན་ཅན་གྱི་དོ་དམ་ལྟ་ཞིབ་དཔྱད་ཞིབ་ལས་དོན་གྱི་ལམ་སྲོལ་བཙུགས། རྒྱབ་ལྗོངས་ཀྱི་རིན་ཐང་མཐོ་བའི་ས་ཁོངས་ལ་བརྟག་དཔྱད་དཔྱད་དཔོག་དང་གཙོ་གནད་ལས་རིགས། ཁེ་ལས་ཀྱི་ས་སྤྱོད་སའི་ས་རྒྱུའི་སྦགས་བཙོག་གནས་ཚུལ་ལ་བརྟག་དཔྱད་བཏང་བ་དང་། གཏེར་ཁུལ་གྱི་ལོ་རྒྱུས་ཐོག་ལུས་པའི་སྲ་གཟུགས་ཟོག་རོ་ཡི་གྲལ་བཤེར། གཏེར་མཇུག་མཛོད་ཁེ་ལས་ཀྱི་ཁོར་ཡུག་དང་བདེ་འཇགས་བྱུར་རྐྱེན་གྲལ་བཤེར་སོགས་ཁྲིམས་འགལ་བྱ་སྤྱོད་ལ་ཆེད་དོན་གྲལ་བཤེར་བཅོས་སྒྲིག་བྱེད་པའི་བྱ་སྤྱོད་སྤེལ། ཉེན་ཆེའི་ཟོག་རོ་ཚད་ལྡན་ཅན་དུ་འགྱུར་བའི་དོ་དམ་དཔྱད་དཔོག་ལས་དོན་ནན་ཏན་ངང་སྤེལ་ནས་རྫོང་ཡོངས་ཀྱི་སྨན་བཅོས་ཟོག་རོ་དང་། གཏེར་འདོན་སྣུམ་སོགས་ཉེན་ཆེའི་ཟོག་རོ་བསྡུ་རུབ་དང་། གསོག་ཉར། སྐྱེལ་འདྲེན་བཅས་གཙང་བཅོས་བྱེད་རིམ་ཧྲིལ་བོར་ལྟ་སྐུལ་དོ་དམ་བྱས། ཁེ་ལས18ལ་ཉེན་ཆེའི་ཟོག་རོའི་དོ་དམ་ལམ་ལུགས་དང་ཉེན་ཡོད་བེད་མེད་དངོས་རོ་མཛོད་ཚད་ལྡན་འཛུགས་སྐྲུན་བྱེད་པར་སྐུལ་འདེད་བཏང་། སྤྱི་ཚོགས་ཀྱི་ཁ་ཐོར་འབྱུང་ཁུངས་ཀྱི་ཉེན་ཡོད་ཟོག་རོ་བཅོས་སྒྲིག་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས་རྫོང་སྐྱེ་ཁམས་ཁོར་ཡུག་ཅུ་དང་རྫོང་བཟོ་ལས་དང་ཆ་འཕྲིན་ཅན་ཅུ་སོགས་སྡེ་ཚན་བཀོད་སྒྲིག་བྱས་ཏེ་རྫོང་ཡོངས་ཀྱི་རླངས་འཁོར་ཉམས་གསོའི་ལས་རིགས་ཀྱི་ཉེན་ཡོད་ཟོག་རོ་ལ་ཆེད་དོན་ཞིབ་བཤེར་བྱས་པ་དང་། རྫོང་ཡོངས་ཀྱི་རླངས་འཁོར་ཉམས་གསོའི་ལས་རིགས32ཀྱི་ཉེན་ཡོད་ཟོག་རོ་གནས་སྐབས་གསོག་ཉར་སྒྲིག་བཀོད་ཚད་ལྡན་ངང་འཛུགས་རྒྱུར་རྟོག་འདོམས་བྱས་ཤིང་སྤོ་སྒྱུར་བཀོད་སྒྲིག་གི་གན་རྒྱ་བཞག


མཉམ་སྤྱོད།