དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-09 07:42:34   |   991

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས8ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་རེ་ཏེའི(贝尔格莱)སར་པི་ཡའི་ཐོག་ཁང་ཆེན་མོ་རུ་སར་པི་ཡའི(德塞尔维亚)ཙུང་ཐུང་ཝུའུ་ཆི་ཆི་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་གཙོ་བདག་གིས་ཀྲུང་སིའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་གཏིང་ཟབ་ཏུ་བཏང་སྟེ། དུས་རབས་གསར་པའི་ཀྲུང་སིའི་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུའི་ཁྱབ་བསྒྲགས་གནང་བ་རེད།

2.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེར་ཀེ་རེ་ཏེའི་སར་པི་ཡའི་ཐོག་ཁང་ཆེན་མོ་རུ་སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི(武契奇)དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་མཇལ་འཛོམས་གནང་བ་རེད།

3.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས་8ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་སར་པི་ཡའི་ཙུང་ཐུང་ཝུའུ་ཆི་ཆི་དང་ལྕམ་མོ་ཡིས་པེར་ཀེ་རེ་ཏེའི་སར་པི་ཡའི་ཐོག་ཁང་ཆེན་མོར་བཤམས་པའི་བསུ་སྟོན་ལ་ཞུགས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས8ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཆེད་གཏོང་གནམ་གྲུར་བཞུགས་ནས་པུ་ཏ་ཕེ་སིར(布达佩斯)འབྱོར་ཏེ། ཧང་ག་རིའི(匈牙利)ཙུང་ཐུང་ཧྲུའུ་ཡིའུ་ཁེ(舒尤克)དང་ཙུང་ལི་ཨོར་པན(欧尔班)གྱི་གདན་ཞུས་ལྟར་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བ་རེད།

  • ཟླ5ཚེས8ཉིན། པུ་ཏ་ཕེ་སིར་ཕེབས་ནས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་གནང་བའི་མཚམས་སུ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིའི《ཧང་ག་རིའི་མི་རིགས་ཚགས་པར》སྟེང་དུ《མཉམ་དུ་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ“གྲུ་ལམ་ཡག་ཤོས”སུ་བསྐྱོད་རྒྱུར་སྣེ་ཁྲིད་བྱེད་དགོས》ཞེས་པའི་མཚན་བཀོད་རྩོམ་ཡིག་སྤེལ་བ་རེད།

  • ཉེ་ཆར་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་དོན་ཐིང་གིས།《སྒྲིག་སྲོལ་དང་ལམ་སྲོལ་གསར་གཏོད་དང་འཐུས་ཚང་དུ་བཏང་སྟེ་དམིགས་འགུག་དམིགས་འཇུག་གི་ཁྲོམ་ར་ཚད་ལྡན་དང་བདེ་འཇགས་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》པར་འགྲེམས་བྱས།

  • ཀྲུང་གོའི་ཟོག་འགྲེམས་དང་ཉོ་སྒྲུབ་མཉམ་འབྲེལ་ལྷན་ཚོགས་ཀྱི་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ་བཞི་པར་ཀྲུང་གོའི་དྲ་ཐོག་ཚོང་དོན་གྱི་ཟོག་འགྲེམས་སྟོན་གྲངས113.2ཟིན་པ་དང་། ཟླ་གོང་མ་ལས་སྟོན་གྲངས0.7མཐོ་རུ་ཕྱིན་ཡོད།

  • ཁྲོམ་རའི་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། དུས་ཚིགས་དང་པོར་ཁེ་ལས་དང་བྱ་གཞག་ཚན་པ857ལ་བརྡ་ཁྱབ་ལས་སྒོའི་ཡོང་འབབ་སྒོར་དུང་ཕྱུར2740.6ཟིན་པ་དེ་དུས་མཚུངས་ལས13.6%འཕར་ཡོད།

4.jpg

  • ཚེས8ཉིན་གྱི་ཆུ་ཚོད10དང་སྐར་མ12སྟེང་། ཟླ་བའི་ལྷ་མོ་ཨང་དྲུག་པའི་བརྟག་ཞིབ་ཡོ་བྱད་ཀྱིས་ཟླ་བ་ཉེ་བའི་བཀག་གཏོང་ལེགས་གྲུབ་བྱུང་ནས་ཟླ་སྐོར་འཁོར་ལམ་དུ་བདེ་བླག་ངང་འཕུར་སྐྱོད་བྱས་པ་རེད།

5.jpg

  • ཚེས8ཉིན། རང་རྒྱལ་གྱི་གནམ་གྲུའི་གྲུ་གཟིངས་གསུམ་པའི་ཧྥུའུ་ཅན་དམག་གྲུས་དུས་ཡུན་ཉིན8ཀྱི་མཚོ་འགྲུལ་ཚོད་ལྟའི་ལས་འགན་ཐོག་མ་ལེགས་གྲུབ་བྱུང་ནས་ཧྲང་ཧའེ་འབྲི་ཆུའི་ལྷོ་རྒྱུད་གྲུ་གཟིངས་བཟོ་གྲྭའི་གྲུ་ཁར་བདེ་བླག་ངང་ཕྱིར་ལོག

  • ཚེས8ཉིན། ཕྱི་འབྲེལ་པུའི་མགྲིན་ཚབ་པས་ཕུའུ་ཅིང་གིས་ཙུང་ཐུང་གི་འགན་བཞེས་པར་ཀྲུང་གོ་ཕྱོགས་ཀྱིས་རྟེན་འབྲེལ་ཞུ་བ་ཡིན་ལ། ཙུང་ཐུང་ཕུའུ་ཅིང་གི་མགོ་ཁྲིད་འོག་ཨུ་རུ་སུའི་རྒྱལ་ཁབ་འཛུགས་སྐྲུན་དང་། སྤྱི་ཚོགས་དཔལ་འབྱོར་གྱི་འཕེལ་རྒྱས་ལ་རྒྱུན་ཆད་མེད་པར་གྲུབ་འབྲས་གསར་པ་གཏོད་ཐུབ་པ་ཡིད་ཆེས་ཡོད་ཅེས་བཤད་པ་རེད།

སྤྱི་ཚོགས།

6.jpg

  • ཚེས8ཉིན་། སྤྱི་ཚོགས་རང་བྱུང་ཐོན་ཁུངས་པུ་དང་ཀྲུང་གོ་གནམ་གཤིས་ཅུ་ཡིས་ས་གཤིས་གནོད་འཚེའི་གནམ་གཤིས་ཉེན་ཁའི་སྔོན་བརྡ་སེར་པོ་མཉམ་འབྲེལ་ཐོག་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། དེ་རིང་ཀོང་ཞིའི་དབུས་ནུབ་རྒྱུད་དང་ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ས་གཤིས་གནོད་འཚེ་ཐོན་པའི་གནམ་གཤིས་ཀྱི་ཉེན་ཁ་ཅུང་ཆེན་པོ་ཡོད་པ་རེད།

  • 《རྒྱལ་ཡོངས་ཀྱི་རང་བྱུང་གནོད་འཚེའི་ཕྱོགས་བསྡུས་ཉེན་ཁའི་ཁྱབ་བཤེར་ཐེངས་དང་པོའི་སྤྱི་བསྒྲགས》ཚེས8ཉིན་ཁྱབ་བསྒྲགས་བྱས་པ་དང་། ཐེངས་འདིའི་ཁྱབ་བཤེར2020ལོ་ནས་བཟུང་དུས་ཡུན་ལོ་གསུམ་ནང་ལེགས་གྲུབ་བྱུང་བ་རེད།

  • རྒྱལ་ཁབ་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་རྒྱལ་ཡོངས་རླུང་འཕྲིན་བརྙན་འཕྲིན་དང་དྲ་རྒྱའི་བརྙན་ལམ་ལས་རིགས་ཀྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར14126.08ཟིན་པ་དེ་དུས་མཚུངས་ལས13.7%འཕར་ཡོད།

7.jpg

  • རང་རྒྱལ་གྱི་ཚན་ཞིབ་མི་སྣས་བརྟན་སྐར་ཁྲི45ཙམ་གྱི་ལིས་གཞི་རྒྱུའི་ཕུན་སུམ་ཚོགས་པའི་གྲངས་གཞི་ཚད་ལེན་ཞིབ་ཚགས་བྱས་པ་དང་འབྲེལ་ཁྱབ་བསྒྲགས་བྱས་ཤིང་། འབྲེལ་ཡོད་ཞིབ་འཇུག་གྲུབ་འབྲས་དྲ་ཐོག་ནས《སྐར་མའི་གོ་ལའི་དངོས་ལུགས་རིག་པའི་ཚགས་པར་གྱི་འཕར་དེབ》ཐོག་སྤེལ་ཡོད།

  • ཉེ་ཆར། ཆིན་ཧོང་ཏའོ་མཚོ་དོན་ཅུ་ཡིས་ཟླ5བའི་ཚེས8ནས་ཚེས11ཉིན་བར་གྱི་ཉིན་རེའི་ཆུ་ཚོད8པ་ནས་ཆུ་ཚོད18པའི་བར་པོ་ཧའེ་རྒྱ་མཚོའི་མཚོ་ཁོངས་ཁག་གཅིག་ཏུ་དམག་དོན་ལས་འགན་སྒྲུབ་རྒྱུ་ཡིན་པས་བསྐྱོད་མི་ཆོག་པའི་མཚོ་འགྲུལ་ཐ་ཚིག་བསྒྲགས།

8.jpg

  • ཉེ་ཆར། ཧྲའན་ཞི་ཡན་ཨན(陕西延安)ཉེན་རྟོག་ཕྱོགས་ཀྱིས་གནའ་བོའི་སྒལ་རུས་ཅན་གྱི་སྲོག་ཆགས་ཀྱི་འགྱུར་རྡོ་སྔོག་འདོན་བྱས་པའི་གྱོད་གཞི་གཉིས་རྩད་ཆོད་པ་དང་འབྲེལ་འགྱུར་རྡོ་ཏུན1.4ཙམ་ཚུར་ལེན་བྱས་པ་རེད།

8.gif

  • ཀྲེ་ཅང་ཉིང་པོའི་རླངས་འཁོར་གཅིག་གིས་སེམས་ཆུང་མ་བྱས་པར་ལྕགས་རྟ་བཞོན་མཁན་གྱི་ཕོ་གསར་ལ་རྡུང་ཁ་བརྒྱབ་ནས། ལམ་བར་གྱི་སློབ་གྲྭའི་སྨན་པ་ཧོ་ཆིའུ་ཝུན་གྱིས་མྱུར་དུ་བསྐྱབས་པ་དང་། འགྲིམ་འགྲུལ་ཉེན་རྟོག་པ་དང་མྱུར་སྐྱོབ་རླངས་འཁོར་ཐོན་རྗེས་རྨས་མ་དངོས་སུ་ཉེན་ཁ་ལས་ཐར་བ་རེད།

སྲིད་ཇུས།

  • ཀོང་ཞི་ཡིས་གནས་སྐོར་ལས་དོན་ཁང་དང་གནས་སྐོར་སྣེ་ཤན་པས་གནས་སྐོར་བ་གསོལ་མགྲོན་ཁང་དང་། མཛེས་ལྗོངས་ཁུལ། དངོས་ཟོག་ཉོ་སྒྲུབ་བྱ་ཡུལ་བཅས་སུ་འཛད་སྤྱོད་བྱེད་དུ་བཅུག་ནས་བར་ཁེ་ལེན་པ་སོགས་ཀྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་རྒྱུའི་བརྡ་ཐོ་བཏང་།

  • ཧོ་ནན་གྱིས་མི་སྒེར་གྱི་འཛད་སྤྱོད་པས་རྒྱལ་ཁབ་ཀྱི་དུས་རིམ་གསུམ་པ་དང་དེ་མན་གྱི་འབུད་སྐྱུར་ཚད་གཞིའི་འབར་སྣུམ་རླངས་འཁོར་རམ་ཡང་ན་རླངས་འཁོར་གྱི་ལོ་ཚད་ལོ་དྲུག་ལས་བརྒལ་བའི་ནུས་རྒྱུ་གསར་པའི་རླངས་འཁོར་བེད་མེད་ཟུར་འཇོག་བྱེད་པ་དང་། ནུས་རྒྱུ་གསར་པའི་རླངས་འཁོར་ཉོ་བའི་རིགས་ལ་ཁ་གསབ་སྒོར་ཁྲི1སྤྲོད་པའི་ཇུས་གཞི་པར་འགྲེམས་བྱས།

  • ཀྲེ་ཅང་གིས་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཞབས་ཞུའི་ལམ་ལུགས་གསར་པ་བཏོན་ནས་དབང་པོ་སྐྱོན་ཅན་གྱི་རམ་འདེགས་ཡོ་བྱད་ཚང་མ་སྲིད་གཞུང་གི་ཁ་གསབ་ཁྱབ་ཁོངས་ནང་འཇུག་རྒྱུ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

10.jpg

  • སི་ཁྲོན་གཤོང་སའི་ལྷོ་རྒྱུད་དང་། ཁྲུང་ཆིང་གི་ལྷོ་རྒྱུད། ཡུན་ནན་གྱི་ཤར་རྒྱུད་དང་ལྷོ་རྒྱུད། ཀུའེ་ཀྲོའུ། ཀོང་ཞི། ཀོང་ཏུང་གི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། དེའི་ཁྲོད་ཀོང་ཞིའི་བྱང་རྒྱུད་དང་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།