དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

2024ལོའི་རྡུལ་ཕྲན་མཁར་རྟགས་མའི་ཁུལ་ཡོངས་ཀྱི་ལས་བཟོ་བའི་སྤོ་ལོ་འགྲན་བསྡུར་མགོ་བརྩམས།

2024-05-09 09:08:38   |   186

རྩོམ་སྒྲིག  དོན་འགྲུབ་མཚོ།  ཡོང་ཁུངས།  མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང།


ཟླ5པའི་ཚེས7ཉིན། མཚོ་བྱང་ཁུལ་སྤྱི་ཁྱབ་བཟོ་ཚོགས་དང་ཁུལ་རིག་གནས་ལུས་རྩལ་གནས་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུ། ཁུལ་ཐད་གཏོགས་ལས་ཁུངས་ལས་དོན་ཨུ་ལྷན། ཀྲུང་གོ་ཞིང་ལས་དངུལ་ཁང་མཚོ་བྱང་ཁུལ་ཡན་ལག་དངུལ་ཁང་བཅས་ཀྱིས་གཙོ་སྒྲུབ་དང་། ཁུལ་མང་ཚོགས་ལུས་རྩལ་མཛུབ་ཁྲིད་ཞབས་ཞུ་ལྟེ་གནས་དང་ཁུལ་ལག་རྩལ་སྤོ་ལོ་མཐུན་ཚོགས་ཀྱིས་འགན་སྒྲུབ་གནང་བའི2024ལོའི"རྡུལ་ཕྲན་མཁར་རྟགས་མའི"ཁུལ་ཡོངས་ཀྱི་ལས་བཟོ་བའི་ལག་རྩལ་སྤོ་ལོ་འགྲན་སྡུར་དེ་ནུབ་མཚོ་གྲོང་རྡལ221ཐང་ཆེན་དུ་སྤྲོ་སེམས་འཁོལ་བའི་ངང་མགོ་བརྩམས། ཁུལ་ཨུའི་རྒྱུན་ཨུའམ་དྲིལ་བསྒྲགས་པུའི་པུ་ཀྲང་། ཁུལ་སྤྱི་ཁྱབ་བཟོ་ཚོགས་ཀྱི་ཀྲུའུ་ཞི་སུང་ཞུག་ཙུང་མགོ་རྩོམ་མཛད་སྒོ་ཕེབས་ཤིང་བྱེད་སྒོ་མགོ་བརྩམས་པ་ཁྱབ་བསྒྲགས་གནང་། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རིན་གཞོན་པ་ལི་ཞུས་ཀྲིན་གྱིས་ཤིས་ཚིག་ཕུལ་ལ་ཁུལ་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་ཞོ་རུའེ་ཞིན་གྱིས་གཙོ་སྐྱོང་གནང་། 

1 [原始大小].jpg

2 [原始大小].jpg

ལི་ཞུ་ཀྲེན་གྱིས་ཤིས་ཚིག་ཁྲོད་ཐེངས་འདིའི་ལག་རྩལ་སྤོ་ལོ་འགྲན་སྡུར་ནི་ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་བཀོད་སྒྲིག་གཞིར་བཟུང་ནས'མདེལ་གཉིས་སྐར་གཅིག'གི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་བཏང་སྟེ'རྒྱལ་ཁབ་སྤྱི་གླིང་གཉིས'འཛུགས་སྐྲུན་ཡག་པོ་བྱས་ནས་ལྔ་གཅིག་གི་གནས་སྐོར་རྫོགས་ལྡན་དུས་ཚིགས་བསུ་བའི"ཕྲེང་བསྟར་རིག་གནས་བྱེད་སྒོའི་ཞིབ་ཕྲའི་བྱེད་ཐབས་ཤིག་དང་ཁུལ་ཡོངས་ཀྱི་ལས་རིགས་སོ་སོའི་ཁོངས་གཏོགས་ཀྱི་ལས་བཟོ་བ་དང་མང་ཚོགས་ཀྱིས་ཐུན་མོང་ཐོག་རེ་སྒུག་དང་བརྗེ་རེས་མཉམ་འགུལ་བྱེད་པའི་ཆས་རྟགས་འགྲན་སྡུར་ཞིག་ཡིན་པ་དང་། ཕྱོགས་མང་པོས་འབད་བརྩོན་དང་མཉམ་སྒྲུབ་གཞོགས་འདེགས། བློ་རྩེ་གཅིག་སྒྲིམ་བཅས་ཀྱིས་བསྐྲུན་པའི་གཟབ་རྒྱས་ཀྱི་ལུས་རྩལ་འགྲན་སྡུར་ཞིག་ཡིན། འགྲན་སྡུར་ཁྲོད་ཞུགས་པའི་ལུས་རྩལ་པས་ལུས་རྩལ་གྱི་སྙིང་སྟོབས་དར་སྤེལ་གཏོང་བ་དང་སྙིང་རུས་ཆེན་པོས་འབད་འཐབ་བྱས་ཏེ་མཛའ་བཤེས་དང་ཉམས་འགྱུར། ཆུ་ཚད་བཅས་མངོན་ཐུབ་ལ་ཤན་འབྱེད་པ་དང་ལས་སྒྲུབ་མི་སྣ་ཡོངས་ཀྱིས་རང་འགན་ནན་སྒྲུབ་དང་དྲང་གཞག་གིས་འདུམ་གཅོད་བྱས་ཏེ་དྲང་སྙོམས་དང་དྲང་གཞག ཧུར་བརྩོན་ཡར་སྐྱེད་ངང་འགྲན་སྡུར་གྱི་ཁོར་ཡུག་བཟང་པོ་ཞིག་བསྐྲུན་ཏེ་ཕྱར་བ་གྲུ་འདེགས་ཀྱིས་ངོ་མཚར་ལྡན་ཞིང་ཆུ་ཚད་མཐོ་བའི་ལག་རྩལ་སྤོ་ལོའི་འགྲན་སྡུར་གྱི་ལེགས་སྐྱེས་དབུལ་བའི་རེ་བ་ཡོད་ཟེར།

3 [原始大小].jpg

དེའི་རྗེས་སུ། ཤན་འབྱེད་པའི་འཐུས་མི་དང་ལུས་རྩལ་པའི་འཐུས་མིས་དམ་བཅའ་བཞག

4 [原始大小].jpg

5 [原始大小].jpg

ཉིན་དེའི་ཐོག་མའི་འགྲན་བསྡུར་ནི་ཁུལ་འགྲིམ་འགྲུལ་ཁོངས་གཏོགས་དང་ཁུལ་མེ་ཟོན་ཉིང་ལག་རུ་ཁག་གཉིས་ཀྱིས་ཕན་ཚུན་དབར་ཛ་དྲག་ངང་འགྲན་སྡུར་སྤེལ། འགྲན་རའི་ཐོག འགྲན་ཞུགས་པ་ཚོས་ཕན་ཚུན་གྱི་སྤོ་ལོ་འཕྲོག་རེས་དང་བདའ་འདེད། གོ་རིམ་ལྡན་པའི་འགོག་སྲུང་དང་ཕར་རྒོད། ཐབས་ཤེས་ངང་སྤོ་ལོ་བརྒྱུད་སྤྲོད། ཉམས་དོད་པོའི་ལུས་ཀྱི་འཁོར་ཕྱོགས། གཟི་ཚད་མཐོ་བའི་སྤོ་ལོ་འཕེན་སྟངས་སོགས་ངོ་མཚར་བའི་སྐད་ཅིག་གི་ལྟད་མོ་ཕུལ། རུ་མི་ཚང་མའི་སྤྲོ་སེམས་རབ་ཏུ་འཕེལ་བ་དང་ཉམས་སད་ཐེག་ཐུབ་པའི་སྤོ་ལོའི་ལག་རྩལ་དང་ངོ་མཚར་ཆེ་བའི་གཞོགས་འདེགས་ལ་བརྟེན་ནས་མཐུན་སྒྲིལ་རོགས་རམ་དང་འབད་འཐབ་བྱེད་ཕོད་པའི་བསམ་པའི་ཉམས་འགྱུར་མངོན་པར་བྱས། འགྲན་བསྡུར་ཧྲིལ་པོར་མཐོ་རླབས་ངང་འགྲན་རའི་སྟེང་གི་སྐར་གྲངས་བརྗེ་རེས་དང་ལྟད་མོ་བས་གཅིག་རྗེས་གཉིས་མཐུད་ཀྱི་ཀི་སྒྲའི་འབོད་སྐུལ་གྱིས་ཡུལ་དངོས་ཀྱི་ལྟད་མོ་བར་ཧང་སངས་པའི་མིག་གི་དགའ་སྟོན་ཞིག་ཕུལ། ངོ་མཚར་ཆེ་བའི་འགྲན་སྡུར་དང་ཛ་དྲག་ཆེ་བའི་འགྲན་རྩོད་ལས་མཚོ་བྱང་གི་རིགས་སོ་སོའི་ལས་བྱེད་པ་དང་ལས་བཟོ་བ་ཚོས་འབད་འབུངས་ཡར་བརྩོན་དང་དཔའ་ངར་ཆེར་བསྐྱེད་ཀྱི་བསམ་པའི་ཉམས་འགྱུར་གང་ལེགས་མངོན།

6 [原始大小].jpg

7 [原始大小].jpg

8 [原始大小].jpg

འགྲན་ཞུགས་རུ་མི་ཚོས་འགྲན་བསྡུར་ཁྲོད་མཐུན་སྒྲིལ་འབད་འཐབ་དང་ཕམ་ཁར་མགོ་མི་སྒུར་པ། དཔའ་ངར་ཆེན་པོས་སྔོན་ཐོན་བརྩོན་ལེན་བྱེད་པའི་སྙིང་སྟོབས་དེ་བྱ་བ་དང་ལག་ལེན་ཁྲོད་འཁྱེར་ནས་སོ་སོ་རང་ཉིད་ཀྱི་ལས་གནས་ཐོག་མཚོ་བྱང་གི་བྱ་གཞག་སོ་སོ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་ནུས་ཤུགས་ཡོད་རྒུས་རྩོམ་ཆེད་སླར་ཡང་གྲུབ་འབྲས་བཟང་པོ་གཏོད་རྒྱུ་ཡིན་ཞེས་གཅིག་རྗེས་གཉིས་མཐུད་ངང་བཤད།

9 [原始大小].jpg

10 [原始大小].jpg

རྒྱུས་ལོན་པ་ལྟར་ན། ཐེངས་འདིའི་འགྲན་བསྡུར་དུས་ཡུན་ཉིན5ཡིན་པ་དང་ཁྱོན་ཁུལ་ཡོངས་ཀྱི་སྡེ་ཁག་སོ་སོ་དང་ལས་ཁུངས་སོ་སོ་ནས་ཡོང་བའི་རུ་ཁག23ཡོད་ལ་རུ་མི276ཞུགས་ཡོད། དེའི་ཁྲོད་སྐྱེས་པའི་རུ་ཁག18དང་སྐྱེས་མའི་རུ་ཁག5ཡོད། འགྲན་བསྡུར་ལ་སྐྱེས་པའི་རུ་ཁག་གི་ཨང་རིམ་དང་པོ་ནས་བརྒྱད་པའི་བར་དང་དང་སྐྱེས་མའི་རུ་ཁག་གི་ཨང་རིམ་དང་པོ་ནས་གསུམ་པ་བཅས་ལ་བྱ་དགའ་གནང་རྒྱུ་ཡིན་ཞིང་། བྱ་དགའ་ཨང་དང་པོར་སྒོར10000། བྱ་དགའ་ཨང་གཉིས་པར་སྒོར8000། ཨང་གསུམ་པར་སྒོར6000བཅས་རེད།


མཉམ་སྤྱོད།