དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

སྡེ་དགེ་དཔར་ཁང་དུ་ཉར་བའི་དཔར་ཤིང་ཡིག་ཚགས《འཛམ་གླིང་དྲན་འཛིན་གྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་མིང་ཐོའི་》ནང་དུ་བདམས།

2024-05-09 09:40:57   |   484

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཁམས་པའི་སྨྱན་བྱད། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས8ཉིན། མོང་གོལ་རྒྱལ་ཁབ་ཝུ་ལཱན་པཱ་ཐོ་ནས་སྤེལ་བའི་ཆ་འཕྲིན་ལྟར་ན། ཀྲུང་གོ་རྒྱལ་ཁབ་ཡིག་ཚགས་ཅུ་ཡིས་འོས་སྦྱོར་བྱས་པའི་“སྡེ་དགེ་དཔར་ཁང་དུ་ཉར་བའི་དཔར་ཤིང་ཡིག་ཚགས” 《འཛམ་གླིང་དྲན་འཛིན་གྱི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་མིང་ཐོའི་》ནང་དུ་བདམས་འདུག དེ་ཡིས་སྡེ་དགེ་དཔར་ཁང་གི་ཡིག་ཚགས་རྒྱལ་སྤྱིའི་གར་སྟེགས་སུ་སྐྱོད་མགོ་བརྩམས་པ་མཚོན།

1~3.jpg

ཉིན་དེའི་སྔ་དྲོར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སློབ་ཚན་རིག་གསུམ་རྩ་འཛུགས་ཀྱི་འཛམ་གླིང་དྲན་འཛིན་ལས་གཞིའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་སྐབས་བཅུ་པའི་ཨུ་ཡོན་ལྷན་ཚོགས་ཀྱིMOWCAPཚོགས་ཆེན་གྱི་ཉིན་གསུམ་པའི་གྲོས་རིམ་ནི་སྐབས་གསར་བའི་ཡ་གླིང་དང་ཞི་བདེ་རྒྱ་མཚོ་ས་ཁུལ་གྱི་འཛམ་གླིང་དྲན་འཛིན་མིང་ཐོ་དཔྱད་འདེམ་བྱེད་པ་དེ་ཡིན། ཚོགས་ཐོག་ཏུ་སྡེ་དགེ་དཔར་ཁང་དུ་ཉར་བའི་དཔར་ཤིང་ཡིག་ཚགས་ཀྱིས་ཀུན་གྱི་མིག་དབང་རབ་ཏུ་འཕྲོག

2~1.jpg

བོད་ཀྱི་རིག་གནས་ཀྱི་སྙིང་བཅུད་ལས་འཁྲུངས་ཤིང་། དཀར་མཛེས་མི་དམངས་ཀྱིས་ནོར་བུ་ལྟར་གཅེས་པའི་དཔར་ཤིང་ཡིག་ཚགས་དེ《འཛམ་གླིང་དྲན་འཛིན་མིང་ཐོ》ཡི་ནང་དུ་ཚུད་པ་མ་ཟད། སི་ཁྲོན་ཞིང་ཆེན་དེ་སྔ་མིང་ཐོ་དེའི་ནང་ཚུད་མ་མྱོང་བའི་སྟོངས་ཆ་བསྐངས་ཏེ། འཛམ་གླིང་གི་རིགས་སོ་སོའི་མི་དམངས་ཀྱི་ཐུན་མོང་གི་དྲན་འཛིན་དུ་གྱུར།

3~1.jpg

 སྡེ་དགེ་དཔར་ཁང་གི་བོད་ཀྱི་དཔར་ཤིང་ཡིག་ཚགས་དེ་སྤྱི་ལོ1729ལོར་བཞེངས་པའི་སྡེ་དགེ་དཔར་ཁང་དུ་ཉར་ཚགས་བྱས་ཡོད་པ་དང་། 1703ལོ་ནས་བཟུང་དཔར་བརྐོ་མགོ་ཚུགས་ཤིང་། ད་བར་དུ་གནའ་བོའི་པར་གཞི228814ཉར་ཚགས་བྱས་ཡོད། དཔར་ཤིང་འདི་དག་གི་ནང་དུ་སངས་རྒྱས་ཆོས་ལུགས་ཀྱི་གྲུབ་མཐའ་ཁག་གི་གསུང་རབ་བསྟན་བཅོས་ཡོད་པར་མ་ཟད། ད་དུང་གནམ་རིག་སྐར་རྩིས་དང་། སྐད་བརྡ། ལོ་རྒྱུས། གསོ་རིག་སོགས་རིག་གཞུང་ཚན་ཁག་གི་གསུང་རྩོམ་མང་པོ་ཡོད། མང་ཆེ་བ་བོད་ཡིག་ཡིན་ལ། ལཉྩ་དང་ཝརྟུའི་ཡི་གེ་ཡང་ཡོད། ཡིག་རིགས་པར་མ་རིགས་ཆེ་གྲས་དྲུག་ཡོད་པ་ལས་གཞན་ད་དུང་ཐང་ག་སོགས་རི་མོའི་པར་གཞི་ཆེ་གྲས་གསུམ་ཡོད།

4~1.jpg


མཉམ་སྤྱོད།