དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་འཚོགས་པ།

2024-05-09 11:03:50   |   160

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་ཐེངས་གསུམ་པ་འཚོགས་ལ། ཉེ་དུས་ཀྱི་གཙོ་གནད་བྱ་བར་སྐུལ་འདེད་བཏང་ཚུལ་གྱི་སྙན་ཞུར་ཉན་པ་དང་གནས་པའི་གནད་དོན་ལ་ཞིབ་འཇུག་བྱས་ཤིང་། དུས་མཚམས་རྗེས་མའི་བྱ་བ་བཀོད་སྒྲིག་བྱས། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་གྱི་ཏང་ཙུའུ་ཧྲུའུ་ཅིའམ་ཀྲུའུ་རིན་དབྱང་ཧེ་ལུང་ཚོགས་འདུར་ཞུགས།   

图片21.png

ཚོགས་འདུའི་ཐོག་བསྟན་དོན།    “ལྔ་གཅིག”དང“ལྔ་བཞིའི”སྐབས་མཚོ་བྱང་ཁུལ་གྱིས་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གིས“ལྟེ་གཅིག་གདུབ་གཅིག་གནས་མང”གི་སྐྱེ་ཁམས་གནས་སྐོར་འཕེལ་རྒྱས་ཀྱི་རྣམ་པ་དོན་འཁྱོལ་བྱས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་བྱ་ཡུལ་ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པའི་བྱ་བའི་བླང་བྱར་སྐུལ་འདེད་བཏང་བ་དང་།  “ལྔ་གཅིག་ལ་རྟེན་འབྲེལ་ཞུ་བ་དང་གནས་སྐོར་རྫོགས་ལྡན་དུས་ཚིགས་བསུ་བའི”མུ་འབྲེལ་བྱེད་སྒོ་གསར་གཏོད་བྱས་པར་རྒྱ་ཆེའི་མང་ཚོགས་ཀྱི་དགའ་བསུ་ཐོབ་ནས“མདངས་ལྡན་གནས་མཆོག དག་སྣང་མཚོ་བྱང་གི”སྙན་པ་སྔར་ལས་ཆེ་རུ་ཕྱིན་ཡོད་ཟེར།

图片22.png

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན།   ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གི་བྱ་བའི་མཛུབ་སྟོན་དང་བླང་བྱ་གཞིར་བཟུང221རྟེན་གཞིའི་གནའ་ཤུལ་གསོན་སྒྱུར་བེད་སྤྱོད་བྱ་བ་ཏན་ཏིག་སྒོས་ཡག་པོར་བསྒྲུབ་དགོས་ཤིང་།  རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་སོ་སོའི་བཟོ་ཁང་ཚན་རིག་དང་མཐུན་པའི་སྒོ་ནས་བེད་སྤྱོད་ལུགས་མཐུན་བྱས་ཏེ་རྨང་གཞི་སྒྲིག་བཀོད་ཆ་ཚང་དང་གསོན་སྒྱུར་བེད་སྤྱོད། རྣམ་གྲངས་རེ་ཞུ། བཟོ་ཁུལ་ལྗང་སྒྱུར་སོགས་ཀྱི་བྱ་བ་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་དམ་འཛིན་ཡག་པོ་བྱ་དགོས། འགྲེལ་བཤད་ཞབས་ཞུ་དང་རྗེས་དྲན་དྲན་གསོའི་བྱེད་སྒོ་སྔར་ལས་ཚད་ལྡན་དུ་གཏོང་བ་དང་རྟེན་གཞིའི་གནའ་ཤུལ་གྱི་བཟོ་ཁུལ་སོ་སོའི་ལོ་རྒྱུས་ཀྱི་མིང་དང་ནུས་པའི་ངེས་གནས་གསེད་བཀྲོལ་ནན་ཏན་བྱས་ཏེ་ལོ་རྒྱུས་ཀྱི་དོན་དངོས་རང་བཞིན་ཡང་དག་པའི་སྒོ་ནས་བརྗོད་དགོས་ཟེར།   

图片23.png

ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཁུལ་ཨུའི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་སྟེ། གནད་དོན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱས་ཏེ། མིག་སྔའི་གཙོ་གནད་བྱ་བ་སོ་སོ་ཏན་ཏིག་ངང་ཡག་པོར་བསྒྲུབ་དགོས་ཏེ། གཅིག་ནས"རྒྱ་ཏིག་ནས་ནུབ་མཚོའི་བར་གྱི་མྱུར་ལམ"གྱི་ནུབ་མཚོ་གྲོང་རྡལ་གྱི་འཛུལ་སྒོ་དང་འབུད་སྒོའི་གནས་འདེམས་རྒྱུ་ཇེ་མགྱོགས་སུ་བཏང་ནས་ནུབ་མཚོ་གྲོང་རྡལ་དུ་ཤར་གཏོང་ཐུབ་པའི་དགོས་མཁོ་སྐོང་དགོས། གཉིས་ནས་མཚོ་སྔོན་རྡུལ་ཕྲན་མཁར་དྲན་གསོ་ཁང་གི་ཐང་ཆེན་བེད་སྤྱོད་ལུགས་མཐུན་བྱས་ཏེ། དམངས་ཕན་ཐང་བཤམས་ས་ཚིགས་ལུགས་མཐུན་ངང་བཀོད་སྒྲིག་བྱས་ནས་ཐང་ཆེན་གྱི་མི་ཚོགས་མང་སར་རྫོང་བཞིའི་རིག་གནས་གནས་སྐོར་དྲིལ་སྒྲོག་བྱང་བུ་འཛུགས་དགོས། གསུམ་ནས2024ལོའི་གངས་དཀར་རི་བོའི་ཞིང་ཆེན་གསུམ་གྱི་གངས་ཤུད་རི་འཛེག་འགྲན་སྡུར་སྒྲིག་འཛུགས་དང་གྲ་སྒྲིག་ནན་ཏན་བྱས་ཏེ། བྱ་བའི་ཇུས་གཞི་སྔར་བས་ཞིབ་ཚགས་སུ་གཏོང་པ་དང་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་ཡོངས་ནས་དྲིལ་སྒྲོག་ཇུས་འགོད་བྱས་ཏེ། འགྲན་སྡུར་ཚད་ལྡན་དང་གོ་རིམ་ལྡན་པ་ཡོང་པའི་འགན་ལེན་བྱེད་དགོས། བཞི་ནས་ནུབ་མཚོ་གྲོང་རྡལ་གྱི་ནུབ་བྱང་དང་ཤར་ལྷོའི་ཡུག་ཁུལ་གཉིས་ཀྱི་རླུང་འགོག་ནགས་ཁུལ་འཛུགས་སྐྲུན་ལ་དམ་འཛིན་ཡག་པོ་བྱས་ཏེ། ཁེ་ཐུ་དང་ཆུ་མཛོད་ཆེན་མོའི་ས་ཁུལ་གྱི་བྱེ་འགོག་བྱེ་བཅོས་བྱ་བར་སྐུལ་འདེད་ཏན་ཏིག་བཏང་ནས་སྡོང་འཛུགས་ལྗང་སྒྱུར་གྱི་ཕན་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དུ་གཏོང་དགོས། ལྔ་ནས“རབ་མཛེས་མཚོ་སྔོན•མཐོ་སྒང་རྐང་གྲུག”ལྷག་རིམ་འགྲན་སྡུར་ལས་འཇུ་ལག་འགྲན་ཁུལ་དང་མཚོ་སྔོན་ཞིང་ཕྱུགས་ལས་ཀྱི་ཆས་རྟགས་དྲིལ་སྒྲོག་དང་ཚོང་འགུགས་མ་འདྲེན་འོས་སྦྱོར་ཚོགས་འདུ་སོགས་ཀྱི་བྱེད་སྒོ་ཇུས་འགོད་ནན་ཏན་དང་སྒྲིག་འཛུགས་གྲ་སྒྲིག་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན།

图片24.png

ཚོགས་འདུའི་ཐོག ས་གནས་སོ་སོ་དང་སྡེ་ཁག་སོ་སོས་གནད་དོན་ལ་དམིགས་ནས་དོན་འཁྱོལ་ལ་དམ་འཛིན་བྱེད་དགོས་པ་སྟེ། གཅིག་ནས་ལོ་ཕྱེད་ཀྱི་དཔྱད་ཞིབ་བྱ་བ་གང་མགྱོགས་སྒོས་སྤེལ་མགོ་བཙུགས་ཏེ་དམིགས་འབེན་ལས་འགན་ལེགས་སྒྲུབ་བྱས་ཚུལ་ལ་དམ་པོར་དམིགས་ནས་ལོ་འཁོར་མོའི་དམིགས་ཚད་དཔྱད་ཞིབ་ཀྱི་དམིགས་ཚད་མ་ལག་ཚན་རིག་དང་མཐུན་པའི་སྒོ་ནས་བཟོས་ཏེ་དཔྱད་ཞིབ་བྱས་འབྲས་མཇུག་ཏུ་གནས་པའི་ལས་ཁུངས་ཀྱིས་སྟོན་པའི་ལམ་ལུགས་འཛུགས་དགོས། གཉིས་ནས་ཐོན་ཁུངས་ཀྱི་ལེགས་ཆར་དམིགས་ཏེ་ལས་གཞི་ཆེ་གྲས་དང་ལས་གཞི་ཡག་པོར་དམིགས་ནས་ཚོང་འགུགས་མ་འདྲེན་བྱས་ཏེ་བདེ་འཇགས་རིག་ནུས་རྩིས་ནུས་དང་ཁུངས་དྲ་ཐེག་གསོག་གཞི་གཅིག་ཅན་སོགས་ལས་གཞི་གལ་ཆེན་གྱི་གན་རྒྱ་དོན་ཐོག་ཏུ་འཁྱོལ་རྒྱུར་གཙོ་གནད་ཐོག་སྐུལ་འདེད་གཏོང་དགོས། གསུམ་ནས་ཁུ་ནུ་རིག་གནས་དང་མདོ་ལ་རི་བོའི་རིག་གནས། མཚོ་སྔོན་པོའི་རིག་གནས་སོགས་ཐུན་མོང་མ་ཡིན་པའི་རིག་གནས་ཀྱི་སྙིང་བཅུད་སྔོག་འདོན་གཏིང་ཟབ་བྱེད་པ་དང་འབྲེལ་ཡོད་ཆེད་མཁས་པ་དང་ས་གནས་དེ་གའི་རྩོམ་པ་པོ་གྲགས་ཅན་གདན་འདྲེན་ཞུས་ནས་རྩོམ་རིག་བརྩམས་ཆོས་སྤུས་དག་ཁག་ཅིག་ཇུས་འགོད་དང་འདོན་སྤེལ་བྱ་རྒྱུའི་སྒྲིག་འཛུགས་བྱ་དགོས། བཞི་ནས་མཚོ་བྱང་གསར་འགྱུར་དྲ་བ་དང་ཁུལ་ཡོངས་ཀྱི་སྲིད་གཞུང་གི་གཙོ་ཆེའི་དྲ་ཚིགས། སྲིད་དོནAPP། སྐད་འཕྲིན་སྤྱི་སྟེགས། དྲ་ཚིགས་སོགས་སྲིད་དོན་སྨྱན་སྦྱོར་གསར་པར་ཞིབ་བཤེར་དོ་དམ་བྱེད་ཤུགས་རྒྱུན་མཐུད་ངང་ཆེ་རུ་བཏང་ནས་གསར་འགྱུར་གྱི་སྤུས་ཚད་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།

ཚོགས་འདུའི་ཐོག་ད་དུང་ཀྲུང་དབྱང་གི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཀྱི་དཔེ་མཚོན་གྱོད་དཔེ་ལྔ་པ་དག་ཐེར་བྱས་ཚུལ་དང་གཞུང་ཁོངས་རྒྱུ་ནོར་བེད་སྤྱོད་བྱས་ཚུལ།  འཇུ་ལག་རྫོང་སེམས་ཉིད་ནགས་ར་སོགས་ལྗོངས་ཁུལ་དུ་གང་དགར་སྒེར་བསྐྲུན་བྱས་པར་དག་ཐེར་བྱས་ཚུལ་གྱི་སྙན་ཞུར་ཉན་ནས་ནན་གྱིས་བསྟན་དོན། གཅིག་ནས་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་དག་ཐེར་བྱ་བ་དམ་འཛིན་ཡག་པོ་བྱས་ནས་དག་ཐེར་གྱི་ལས་འགན་ལ་དམིགས་ཏེ་བྱ་ཐབས་ནུས་ལྡན་སྤྱད་དེ་དུས་ཚོད་ལྟར་དག་ཐེར་གྱི་ལས་འགན་མཐའ་གཅིག་ཏུ་ལེགས་འགྲུབ་བྱ་དགོས། གཉིས་ནས་གཞུང་ཁོངས་སུ་བེད་མེད་དུ་ལུས་པའི་ལས་ཆོད་དམའ་བའི་ལས་གཞིའི་རྒྱུ་ནོར་དག་སྒྲིག་དང་ཞིབ་བཤེར་ནན་ཏན་བྱེད་པ། བེད་མེད་དུ་ལུས་པའི་ལས་ཆོད་དམའ་བའི་ལས་གཞིའི་རྒྱུ་ནོར་བེད་སྤྱོད་བྱེད་ཤུགས་ཆེ་རུ་གཏོང་བ། སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ལས་ཁུངས་ཀྱིས་ལྟ་ཞིབ་གྲོས་གཞི་བཏོན་པ་སོགས་བརྒྱུད་ནས་ལྟ་སྐུལ་ཞིབ་བཤེར་དང་ལྟ་སྐུལ་སྒྲུབ་པ། དག་ཐེར་ལེགས་བཅོས་ལ་སྐུལ་འདེད་གཏོང་དགོས། གསུམ་ནས་དུས་ཚོད་ཀྱི་མཚམས་ཚིགས་ལྟར་རྫོང་སྲིད་གཞུང་སོ་སོས་ཡུལ་ཚོ་དང་གྲོང་རྡལ་སོ་སོར་ལྗོངས་ཁུལ་གྱི་ཞབས་ཞུ་དོ་དམ་དང་བདེ་འཇགས་ཐོན་སྐྱེད་བྱ་བ་ཡག་པོ་སྒྲུབ་པར་མཛུབ་ཁྲིད་དང་སྐུལ་འདེད་གཏོང་དགོས་ཟེར།

ཁུལ་དུ་བསྡད་ཡོད་པའི་ཁུལ་རིམ་པའི་མགོ་ཁྲིད་སོ་སོ་དང་ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན། ཁུལ་སྲིད་གཞུང་། ཁུལ་སྲིད་གྲོས་བཅས་ཀྱི་དྲུང་ཡིག་ཆེན་མོ། ཁུལ་ཨུའི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་དང་ཁུལ་ཐད་གཏོགས་ཀྱི་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་ཚོགས་འདུར་ཟུར་ཞུགས་གནང་།


མཉམ་སྤྱོད།