དེ་རིང་ནི2024ལོའི་ཟླ11པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གསར་བརྗེའི་ཐོན་ཁུངས་སྔོག་འདོན་བྱས་ཏེ། གསར་བརྗེར་ཞིབ་འཇུག་སློབ་སྦྱོང་བྱེད།

2024-05-11 09:24:56   |   350

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།   མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་དང་གསར་བརྗེའི་ཁྲག་རྒྱུད་རྒྱུན་མཐུད་བྱེད”ཅེས་པའི་མཛུབ་སྟོན་གལ་ཆེན་གྱི་བླང་བྱ་གཞི་ལྟར། རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་གྱི་དམིགས་ས་གཏོད་པའི་སྤྱིའི་དམིགས་ཚད་ལག་བསྟར་དོན་འཁྱོལ་བྱས་ཏེ། མདའ་བཞིའི་གསར་བརྗེ་རིག་གནས་དང་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ལས་དོན་ལ་མུ་འཐུད་དུ་གྲུབ་འབྲས་གསར་བ་བླངས། 

མདའ་བཞི་རྫོང་གི་ཀྲུང་གོའི་མ་རྡུལ་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་གཞི་རུ་མཚོ་སྔོན་ཞིང་ཆེན་གྱི་ཞིང་ཆེན་རིམ་པའི་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ལག་ལེན་སློབ་གསོའི་རྟེན་གཞིའི(སྒར་གཞི)སྒོ་བྱང་བཀལ་བ་དང་། མདའ་བཞི་རྫོང་གིས་ནུས་ཤུགས་ཡོད་རྒུས“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ཀྱི་གསར་བརྗེའི་རྩ་བར་སྲུང་སྐྱོང་ཡག་པོ་དང་མ་འོངས་པར་མདའ་བཞི་རྫོང་གི་ཀྲུང་གོའི་མ་རྡུལ་མཁར་གྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་སྒར་གཞི་འདི་གསར་བརྗེའི་རྒྱུད་རྒྱུ་རྒྱུན་འཛིན་བྱེད་སའི་གནས་གཞི་གལ་ཆེན་ཞིག་དང་། ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་གཞོན་ནུ་ལོ་ཆུང་གི་གསར་བརྗེའི་ཞིབ་འཇུག་སློབ་སྦྱོང་གི་སྒར་གཞི་གཙོ་བོ་ཞིག་ཏུ་བསྒྱུར་ནས་དུས་རབས་གསར་པའི་མཚོ་སྔོན་གྱི་སློབ་གསོའི་གཏམ་རྒྱུད་ཡག་པོ་བརྗོད་སའི་སྒེའུ་ཁུང་གལ་ཆེན་ཞིག་ཏུ་གྱུར་ཡོད།  

དེ་དང་ཆབས་ཅིག  མདའ་བཞི་རྫོང་གིས་གསར་བརྗེ་རིག་གནས་འདུ་རའི་བྱེད་སྒོ་དང་གསར་བརྗེ་རིག་གནས་གནས་སྐོར་དུས་ཆེན་སོགས་ཀྱི་བྱེད་སྒོ་སྤེལ་བ་དང་། ལྷག་པར་དུ་ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་དུ་མངགས་པའི་ལས་བྱེད་པས་དོ་དམ་རྩ་འཛུགས་བྱས་པ་དང་ལིན་དབྱི་གྲོང་ཁྱེར་གྱི་རིག་གནས་གནས་སྐོར་ཅུས་རྒྱབ་སྐྱོར་འོག  རྒྱལ་ཁབ་ཀྱི་རིམ་པ་དང་པོའི་འཁྲབ་སྟོན་པ་སུང་ཆི་ཀྲུང་གིས་འཁྲབ་ཁྲིད་བྱས་ཤིང་། མདའ་བཞི་རྫོང་གི་ལས་བྱེད་པས་ཟླ་བ་གསུམ་གྱི་རིང་འཁྲབ་སྦྱོང་བྱས་པའི་གསར་བརྗེའི་ནང་དོན་བརྗོད་བྱར་བྱས་པའི་གཏམ་བརྗོད་ཟློས་གར་གྱི་བརྩམས་ཆོས་སྟེ།《གསེར་དངུལ་ཐང》གིས་རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་དང་པོའི་རྟེན་གཞི་རྒྱབ་ལྗོངས་སུ་བྱས་ཏེ། གསེར་དངུལ་ཐང་གི་འབྲོག་པ་མང་ཚོགས་ཀྱིས་རྒྱལ་སྲུང་ལས་དོན་གྱི་ཆེད་དུ་རང་ཡུལ་དང་ཁ་བྲལ་བའི་ལོ་རྒྱུས་དང་། ཚན་རིག་ཞིབ་འཇུག་གི་ཆེད་མཁས་པ་དང་ལག་རྩལ་མི་སྣ་མང་པོས་གནས་འདི་རུ་ཀྲུང་གོའི་ཉིང་རྡུལ་མཚོན་ཆ་གསར་བཟོ་མགོ་བརྩམས་པའི་ངོ་མཚར་གཏམ་རྒྱུད་བརྗོད་ཡོད་པས། མདའ་བཞིའི་གསར་བརྗེ་ཞིབ་འཇུག་སློབ་སྦྱོང་ཐོན་ལས་ཀྱི་གྲུབ་ཆ་གལ་ཆེན་ཞིག་ཏུ་གྱུར་ཡོད་པར་མ་ཟད། རྒྱལ་གཅེས་རིང་ལུགས་དང་གསར་བརྗེ་སྲོལ་རྒྱུན་སློབ་གསོ་ཁྱབ་རྒྱ་ཆེ་བ་དང་རྒྱུན་རྣམ་ཅན་དུ་འགྱུར་བར་སྐུལ་འདེད་བཏང་ཡོད།


མཉམ་སྤྱོད།