དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕུལ་བྱུང་ཤེས་ལྡན་པ་གྲབས་གསོག་བྱས།

2024-05-11 09:17:40   |   221

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཤེས་ལྡན་པ་ལ་བརྟེན་ནས་ལས་རིགས་དར་བ་དང་། ཤེས་ལྡན་པ་ལ་བརྟེན་ནས་རྫོང་དར་སྤེལ། ཤེས་ལྡན་པ་ལ་བརྟེན་ནས་རྫོང་སྟོབས་འབྱོར་ལྡན་པར་གཏོང་བའི་ལས་དོན་འཐབ་ཇུས་ལག་བསྟར་བྱས་ཏེ། བྱེད་ཐབས་སྣ་ཚོགས་སྤྱད་དེ་ཕུལ་བྱུང་ཤེས་ལྡན་པ་གྲབས་གསོག་བྱས་ཤིང་། ཕྱོགས་ཡོངས་ནས་ཤེས་ལྡན་པའི་དཔུང་སྡེ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་སྟེ། སྤྱི་ཚོགས་དཔལ་འབྱོར་ཁྲོད་ཀྱི་ཤེས་ལྡན་པའི་འདེགས་སྐྱོར་དང་འགན་སྲུང་གི་ནུས་པ་ཇེ་དྲག་ཏུ་བཏང་།

གཞི་གྲངས་ལ་རྒྱུས་ལོན་མཐར་སོན་བྱས་ཏེ་ཤེས་ལྡན་པ་གྲབས་གསོག་ལ“སྟ་གོན”ལེགས་པོ་བྱས། 《རྐང་ཚ་རྫོང་གི“ཕུལ་བྱུང་ཤེས་ལྡན་པའི་མཛོད”དུ་ཤེས་ལྡན་པ་སྒྲིག་འཛུགས་འོས་སྦྱོར་བྱེད་པའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་། ཆེད་ལས་དང་བྱ་བའི་ལས་གནས། འབྲེལ་ཡོད་ཆེད་ལས་གཉེར་བའི་བརྒྱུད་རིམ་བཅས་ཀྱི་སྤྱི་ཁོག་ལ་གཞིགས་ཏེ། ཤེས་ལྡན་པའི་མཛོད་ཀྱི་མི་སྣའི་ཁྱབ་ཁོངས་དང་ཆ་རྐྱེན་གསལ་བོར་བྱས་པ་དང་། ཆེད་ལས་ལག་རྩལ་པ791ཚང་མ་ཕུལ་བྱུང་ཤེས་ལྡན་པའི་མཛོད་ནང་བཅུག་སྟེ་རྫོང་ཡོངས་ཀྱི་ཤེས་ལྡན་པའི་ལས་དོན་གྱི་རྨང་གཞིའི་རྩིས་ཁྲ་བཙུགས།

སྒྲིག་གཞི་ལ་དབྱེ་ཞིབ་བྱས་ནས་ཤེས་ལྡན་པ་གྲབས་གསོག་ལས་དོན་ལ“ངར་ཁ་བླུད”། ཧུར་ཐག་གིས“རིགས་དྲུག”ཅན་གྱི་ཕུལ་བྱུང་ཤེས་ལྡན་པ་རྣམས་རྩ་འཛུགས་བྱས་ཏེ་འབྲེལ་ཡོད་ཁྱབ་ཁོངས་ནང་རིགས་གཞུང་བགྲོ་གླེང་བྱེད་སྒོ་སྤེལ་ཏེ། རྫོང་ཁོངས་ཀྱི་ཕུལ་བྱུང་ཤེས་ལྡན་པའི་རྗེས་གྲབས་དཔུང་སྡེ་འཛུགས་སྐྱོང་གི་སྐས་རིམ་རིམ་བཞིན་ཆགས་ཡོད། མིག་སྔར། མཛོད་ནང་དུ་བཅུག་པའི་ཏང་སྲིད་ཤེས་ལྡན་པ35དང་ཁེ་ལས་གཉེར་སྐྱོང་དོ་དམ་གྱི་ཤེས་ལྡན་པ24དང་། ཆེད་ལས་ལག་རྩལ་གྱི་ཤེས་ལྡན་པ689དང་། རྩལ་ནུས་ཤེས་ལྡན་པ78དང་། རོང་འབྲོག་ཁུལ་གྱི་དངོས་སྤྱོད་ཤེས་ལྡན་པ41དང་། སྤྱི་ཚོགས་ལས་དོན་གྱི་ཤེས་ལྡན་པ30བཅས་ཡོད་དེ། “ཤེས་ལྡན་པས་ང་རང་བཙལ་བ”ནས“ངས་ཤེས་ལྡན་པ་འཚོལ་བ”ལ་འཕོ་འགྱུར་བྱུང་ཡོད།

འགུལ་རྣམ་དོ་དམ་བྱས་ཏེ་ཤེས་ལྡན་པ་གྲབས་གསོག་གི“ཞུན་བརྡར”ལས་དོན་ཡག་པོ་བསྒྲུབས། དགོས་མཁོས་སྣེ་ཁྲིད་བྱེད་པ་རྒྱུན་འཁྱོངས་དང་། རིམ་པ་དང་ཆེད་ལས། རིགས་བཅས་དགར་ཏེ་ཕུལ་བྱུང་ཤེས་ལྡན་པའི་བསམ་བློ་བརྗེ་རེས་ཀྱི་སློབ་སྦྱོང་འཆར་གཞི་གཏན་ལ་ཕབ་པ་དང་། སློབ་གསོ་དང་འཕྲོད་བསྟེན། ཞིང་ཕྱུགས་སོགས་ཁྱབ་ཁོངས་གཙོ་བོའི་ཁྲོད་དུ་ཕུལ་བྱུང་ཤེས་ལྡན་པས་ནུས་པ་འདོན་པར་གཙིགས་ཆེན་བྱས་པ་དང་། ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོ་དང་སྤྱོད་ཡོན་གཉིས་ལྡན། གྲུབ་འབྲས་འབུར་ཐོན་གྱི་ཕུལ་བྱུང་ཤེས་ལྡན་པ་གསོ་སྐྱོང་བྱེད་པའི་ནུས་ཤུགས་ཆེ་རུ་བསྐྱེད་དེ། ཧུར་ཐག་སྒོས“ཕུལ་བྱུང་ཤེས་ལྡན་པའི་སློབ་ཚན་ཆུང་ངུ”གསར་དུ་བཙུགས་ནས། རྫོང་རིམ་པའི“ཆེད་མཁས་པ་ཆུང་ཆུང”གིས་སྣེ་ཁྲིད་པ་དང་ཡུལ་ཚོ་རིམ་པའི“ཆེད་མཁས་པ་ཆུང་ཆུང“གིས་སྐུལ་འདེད་གཏོང་བའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་འཇོན་མིའི་ཐོན་ཁུངས་གསོན་ཤུགས་རྒྱས་སུ་བཅུག འགུལ་རྣམ་སྙོམ་སྒྲིག་གསར་བསྒྱུར་སྒྲིག་སྲོལ་བཙུགས་ནས་ཕུལ་བྱུང་ཤེས་ལྡན་པའི་མཛོད་ནང་དུ་འཇུག་ཐུབ་ལ་ཕྱིན་འདོན་ཀྱང་ཐུབ་པ་དང་། ནང་འཇུག་ཆ་འཕྲིན་དོན་དངོས་དང་མཐུན་ཞིང་ཡང་དག་པ་ཡིན་པར་འགན་སྲུང་བྱས།


མཉམ་སྤྱོད།