དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-11 07:41:59   |   3021

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས10ཉིན་གྱི་ཉིན་གུང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྕམ་མོ་ཕེང་ལི་ཡོན་རྣམ་གཉིས་གདན་ཞུས་ལྟར་པུ་ཏ་ཕེ་སིར་ཧང་ག་རིའི་ཙུང་ལི་ཨོར་པན(欧尔班)དང་ལྕམ་མོ་ཡིས་བཤམས་པའི་གསོལ་སྟོན་བྱེད་སྒོར་ཞུགས་པ་རེད།

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས10ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཧང་ག་རིར་རྒྱལ་དོན་འཚམས་འདྲི་བྱེད་པར་མཇུག་འགྲིལ་རྗེས་ཆེད་གཏོང་གནམ་གྲུར་བཞུགས་ཏེ། པུ་ཏ་ཕེ་སི་ནས་ཞལ་གྱེས་ཏེ་རང་རྒྱལ་དུ་ཕྱིར་ལོག་པ་རེད།

  • ཚེས10ནས་ཚེས19ཉིན་བར་ནོར་སྲིད་པུས་ད་ལོའི་དུས་ཐེངས་གསུམ་པ་དང་བཞི་པའི་དཔང་ཡིག་རྣམ་པའི་གསོག་དངུལ་རྒྱལ་བུན་འགྲེམ་སྤེལ་བྱ་རྒྱུ་དང་། འགྲེམ་སྤེལ་བྱེད་མང་ཤོས་སྒོར་དུང་ཕྱུར300ཟིན་ཡོད།

  • རྒྱལ་ཁབ་ཕྱི་དངུལ་དོ་དམ་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། 2024ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་རྒྱུན་གཏན་རྩིས་ཁྲའི་གཏོང་མང་ཡོང་ཉུང་གི་ཧེ་བག་སྒོར་དུང་ཕྱུར2810ཟིན་ཡོད།

  • ཉེ་ཆར། དམངས་སྲིད་པུ་སོགས་སྡེ་ཚན་བདུན་གྱིས《རྒན་གསོའི་སྒྲིག་གཞིའི་སྔོན་སྤྲོད་རིན་བསྡུའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》པར་འགྲེམ་བྱས་ཏེ། རྒན་གསོའི་སྒྲིག་གཞིའི་སྔོན་སྤྲོད་གྲོན་དངུལ་བེད་སྤྱོད་ཀྱི་སྤྱོད་སྒོ་གཏན་འབེབས་བྱས་ཡོད།

  • ཉེ་ཆར། སྤྱི་བདེ་པུ་དང་རྒྱལ་ཡོངས་བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱིས《བུད་མེད་དང་བྱིས་པའི་ཁེ་དབང་སྲུང་སྐྱོང་ལས་དོན་གྱི་མཉམ་ལས་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་རྒྱུའི་སྐོར་གྱི་བརྡ་ཐོ》མཉམ་འབྲེལ་ཐོག་ཆོག་མཆན་བཀོད་ནས་སྤྲད་པ་རེད།

2.jpg

  • ཚེས10ཉིན། རང་རྒྱལ་གྱི་སྐར་མའི་དབར་གྱི་འོད་འཕྲོ་ལྟ་ཞིབ་ཚད་ལེན་གྱི་རྒྱང་ཤེལ་ཐོག་མ་དེ(IPSརྒྱང་ཤེལ)དངོས་སུ་བསྐྲུན་ཟིན་པ་རེད།

3.jpg

  • ཀྲུང་གོའི་རྒྱལ་ཁབ་དབྱིངས་སྐྱོད་ཅུ་ཡིས་ཚེས10ཉིན་ཟླ་བའི་ལྷ་མོ་ཨང་དྲུག་པ་རྟགས་ཅན་གྱི་ལས་འགན་ཕ་ཁི་སི་ཐན་གྱི་ལི་ཧྥང་སྐར་མའི་གྲངས་གཞི་རྩིས་སྤྲོད་རྩིས་ལེན་གྱི་མཛད་སྒོ་འཚོགས་པ་དང་། ཆབས་ཅིག་ཏུ་དེར་པར་བླངས་བའི་བརྙན་པར་ཐོག་མ་འགྲེམ་སྤེལ་བྱས་པ་རེད།

  • ཚེས10ཉིན། ཨ་རིའི་དམག་གྲུས་རང་དགར་རང་རེའི་མངའ་ཁོངས་ཞི་ཧྲ་རྒྱ་མཚོར་བསྐྱོད་པ་དང་། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ལྷོ་རྒྱུད་འཐབ་ཁུལ་གྱིས་མཁའ་དབྱིངས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཁྲིམས་ལུགས་དང་སྒྲིག་སྲོལ་ལྟར་རྗེས་སྙེག་ལྟ་ཞིབ་བྱས་པ་དང་འབྲེལ་ཕྱིར་འབུད་ཀྱི་ཐ་ཚིག་བསྒྲགས་པ་རེད།

སྤྱི་ཚོགས།

4.jpg

  • ཚེས10ཉིན། ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་ཁ་གཏད་རྒྱུག་པའི་གནམ་གཤིས་ཀྱི་སྔོན་བརྡ་སྔོན་པོ་ཁྱབ་བསྒྲགས་བྱས་པ་སྟེ། སྔོན་དཔག་བྱས་ན། དེ་རིང་ལེའོ་ཉིང་དང་། ཧོ་པེ། ཐེན་ཅིན། ཧྲན་ཏུང་། ཧུའུ་པེ།  ཧུའུ་ནན། ཅང་ཞི། ཀུའེ་ཀྲོའུ།  ཡུན་ནན། ཀོང་ཞི་སོགས་ས་ཁུལ་ཁག་གཅིག་ཏུ་རིམ་པ་བརྒྱད་ཡན་གྱི་གློག་འཁྱུག་དང་རླུང་ཆེན་ནམ་སེར་བའི་གནམ་གཤིས་ཡོད་རྒྱུ་རེད།

  • 2024ལོའི་ཟླ་དང་པོ་ནས་བཞི་པའི་བར། པེ་ཅིང་འགྲིམ་འགྲུལ་སུའོ་ཡི་ཞབས་ཞུའི་རྒྱལ་བུན་སྒོར་དུང་ཕྱུར14605.4འགྲེམ་སྤེལ་བྱས་པ་དང་། ས་གནས་སྲིད་གཞུང་གི་བུན་འཛིན་འགྲེམ་སྤེལ་བྱས་གྲངས་སྒོར་དུང་ཕྱུར925.73ཟིན་ཡོད།

  • རྒྱལ་ཁབ་རིག་དངོས་ཅུ་ཡིས་གནས་ཚུལ་སྤེལ་བར་གཞིགས་ན། ཧྲའན་ཞི་ལོ་རྒྱུས་རྟེན་མཛོད་ཁང་ཆིན་ཧན་འགྲེམས་ཁང་དེ་ཚེས18ཉིན་དངོས་སུ་སྒོ་ཕྱེ་རྒྱུ་རེད།

  • ཆིན་རྒྱལ་རབས་ཀྱི་གོང་མའི་བང་སོའི་རྟེན་མཛོད་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཀྲུང་གོ་དང་ཧྥ་རན་སེས་མཉམ་དུ་ཕ་རི་སིའི་འཕགས་མའི་གླིང(巴黎圣母院)དང་། ཆིན་ཧྲི་ཧོང་གི་བང་སོའི་ཤིང་རྒྱུ་གནའ་ཤུལ་དང་ས་ཤུལ་སྲུང་སྐྱོང་གི་ཞིབ་འཇུག་བྱ་རྒྱུ་རེད།

  • རང་རྒྱལ་གྱི་ཚོགས་པས་སྣུམ་འདུས་ཚད66%ཡི་སྤུས་ཚད་མཐོ་ཤོས་ཀྱི་ལོག་དཀར་ཐོན་ཁུངས་ངང་སྐྱེད་སྲིང་བྱས་པ་དེ་ནི་མིག་སྔར་ཤེས་རྟོགས་བྱུང་བའི་གོ་ལ་ཧྲིལ་པོའི་སྣུམ་འདུས་ཚད་མཐོ་ཤོས་ཀྱི་ལོག་དཀར་སོན་རྒྱུ་ཡིན་པ་རེད།

5.png

  • ཚེས10ཉིན། ཀྲུང་གོའི་རུ་ཁག་གི་སྡེབ་སྒྲིག་ཁྲེན་མོང་དང་ཝང་མན་ཡུས་དང་། མ་ལུང་། ཝང་ཁྲུའུ་ཆིན་བཅས་ཀྱིས2024ལོའིWTTསོ་ཏི་ཨ་རབ་ཀྱི་འགྲན་བསྡུར་ནང་བུད་མེད་གཉིས་དང་སྐྱེས་པ་གཉིས་ཀྱི་རྣམ་གྲངས་ཀྱི་ཨང་དང་པོ་སོ་སོར་བླངས་པ་རེད།

  • ཀྲུང་གོའི་ལྗིད་འདེགས་རུ་ཁག་གིས་ཕ་རི་སིའི་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་ཞུགས་མིང་ཐོ་ཁྱབ་བསྒྲགས་བྱས་པ་དང་། ཨོ་རྩལ་འགྲན་ཚོགས་ཀྱི་ཨང་དང་པོ་ཐོབ་མཁན་ལི་ཧྥ་པིན་དང་། ཧྲི་ཀྲི་ཡུང་། ཧོའུ་ཀྲི་ཧུའེ། ལི་ཝུན་བཅས་སླར་ཡང་ཨོ་རྩལ་འགྲན་ཚོགས་ཀྱི་རྒྱང་སྐྱོད་ལམ་བུར་བསྐྱོད་རྒྱུ་རེད།

  • ཀྲུང་གོའི་གནམ་མིགFASTཡིས་རྒྱང་ཐག་རིང་ཤོས་ཀྱི་མ་ནིང་ཆིང་སྐར་མ་ལག་གི་མ་དཔེ་ཁག་གཅིག་རྙེད་པ་ཡིན་ཏེ། གྲུབ་འབྲས་དེ་རྒྱལ་སྤྱིའི་ཚན་རྩལ་དུས་དེབ《སྐར་མའི་གོ་ལའི་དངོས་ཁམས་འཕྲིན་གཏོང》ཐོག་སྤེལ་ཡོད།

6.gif

  • ལེའོ་ཉིང་ཏ་ལེན་གྱི་སྐྱེས་པ་ཞིག་ཁྲོམ་གཞུང་དུ་འགྱེལ་ནས་དྲན་པ་ཐོར་བ་དང་ལམ་བར་དུ་ཡོད་པའི་ནད་གཡོག་པ་པའོ་ཕུའུ་ལི་དང་ཕུའུ་ཅིན་ལིང་འཕྲལ་མར་མདུན་དུ་བསྐྱོད་དེ་པུས་མོ་བཙུགས་ནས་གློ་སྙིང་སླར་གསོ་བྱེད་པ་ཡིན། མཇུག་མཐར་སྐྱེས་པ་ཉེན་ཁ་ནས་ཐར་བ་ཡིན།

སྲིད་ཇུས།

  • ཧྲང་ཧའེ་ཡིས་འདུས་གྲུབ་གློག་ལམ་སོགས་གཙོ་གནད་ཐོན་ལས་ཁྱབ་ཁོངས་ཀྱི་ཆ་རྐྱེན་དང་མཐུན་པའི་ཁེ་ལས8ཀྱིས་ལོ་འཁོར་དེ་རང་ཚན་པར་ལས་ཀ་བྱེད་པའི་ཤེས་ལྡན་མི་སྣར་བྱ་དགའ་རེ་ཞུ་བྱེད་ཆོག་པ་དང་མང་ཤོས་ལ་སྒོར་ཁྲི50ལས་བརྒལ་མི་ཆོག་པའི་བརྡ་ཐོ་བཏང་།

  • ཉིང་ཞ་ཡིས་ཇུས་གཞི་པར་འགྲེམས་བྱས་ནས་གསོལ་ཆས་དང་། ཤོག་བུའི་ལག་ཕྱིས། ཁང་མིག་ཞབས་ཞུའི་གྲོན་བསྡུ་དང་འཛད་སྤྱོད་ཚད་གཞི་དམའ་ཤོས་བཟོ་བ་སོགས་ཀྱི་བྱེད་སྤྱོད་ཚད་ལྡན་དུ་བཏང་ནས“ཟ་མ་མ་ཟོས་གོང་གི་འཛད་སྤྱོད་ཁས་ལེན་”ལག་བསྟར་བྱ་རྒྱུར་ལྟ་སྐུལ་བྱས་ཡོད།

  • ཧྲན་ཞི་ཡིས་བརྡ་ཐོ་བཏང་སྟེ་སྡོད་ཁང་སྤྱི་གསོག་མ་དངུལ་མི་སྒེར་གྱི་དངུལ་བུན་གཏོང་ཚད་མཐོ་ཤོས་སྒོར་ཁྲི100བར་ལེགས་སྒྲིག་བྱེད་པ་དང་། ཕྱོགས་གཅིག་ཁོ་ནས་འཇལ་བཅོལ་དང་ཕྱོགས་གཉིས་པོས་བཅོལ་དངུལ་ཚང་མ་རེ་ཞུ་བྱེད་ཆོག

དེ་རིང་གི་གནམ་གཤིས།

7.jpg

  • ནང་སོག་གི་བྱང་ཤར་ས་ཁུལ་དང་། བྱང་ཤར་ས་ཁུལ་གྱི་ནུབ་ཁུལ་དང་བྱང་རྒྱུད། ཅང་ཧོའེ་ཡི་ས་ཁུལ་མང་ཆེ་བ། ཅང་ཧན་གྱི་ས་ཁུལ་མང་ཆེ་བ། འབྲི་ཆུ་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ། ལྷོ་ནུབ་ས་ཁུལ་གྱི་ཤར་རྒྱུད། ཧྭ་ནན་བྱང་རྒྱུད་དང་དབུས་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད།


མཉམ་སྤྱོད།