དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཤ་བོ་སྐྱབས་ཀྱིས་རྐང་ཚ་རྫོང་དང་མདོ་ལ་རྫོང་དུ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་སྐབས། དངོས་སྒྲུབ་གྲུབ་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས་པ་ནན་གྱིས་བསྟན།

2024-05-10 16:24:25   |   1853

སྒྲིག་སྒྱུར།   དོན་འགྲུབ་མཚོ།   ཡོང་ཁུངས།  མཚོ་བྱང་ཏང་དོན།   བཤེར་འབེབས།   རིན་ཆེན་ཚེ་རིང་།


ཟླ5པའི་ཚེས7ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་དང་མདོ་ལ་རྫོང་དུ་ཕྱིན་ཏེ་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་དང་། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས། གཞི་རིམ་གྱི་རྨང་གཞིའི་ལས་དོན་སོགས་ལ་ལྟ་སྐུལ་མཛུབ་ཁྲིད་དང་རྟོག་ཞིབ་གནང་། སྐྱེ་ཁམས་ཤེས་དཔལ་གྱི་མཐོ་ས་དང་ཐོན་ལས་ཀྱི་ས་ཁུལ་བཞིའི་འཛུགས་སྐྲུན་ལ་དམིགས་ནས་དམིགས་ཚད་ལས་འགན་སྔར་བས་གཏན་འཁེལ་བྱེད་པ་དང་། དངོས་འཛིན་དངོས་སྒྲུབ་ལ་ཤུགས་སྣོན་རྒྱག་པ། འགག་སྒྲོལ་དཀའ་སེལ་ཤུགས་ཆེན་བཅས་བྱས་ཏེ་དངོས་སྒྲུབ་ཀྱི་གྲུབ་འབྲས་ལ་བརྟེན་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕུལ་བྱུང་རྒྱུགས་ལན་སྤྲོད་དགོས་པ་ནན་གྱིས་བསྟན།

图片1.jpg

图片2.jpg

རྐང་ཚ་རྫོང་ཆུ་ཁོལ་ཐོན་ལས་གླིང་ཁུལ་ཚེ་ཐར་གཏེར་ཁ་དང་ཞན་ཧྥིན་གཏེར་ཁར། ཤ་བོ་སྐྱབས་དང་བཅས་པ་སྔ་རྗེས་སུ་གཏེར་ཁའི་བཅོས་སྐྱོང་ས་ཚིགས་སུ་སོང་ནས་སྐྱེ་ཁམས་གཏེར་རིའི་སྐྱེ་ཁམས་སླར་གསོའི་འཕེལ་རིམ་ལ་ཉན་པ་དང་ས་སྐྱེ་ཁམས་སླར་གསོ་བཅོས་སྐྱོང་ལས་དོན་ལ་ཐོབ་པའི་དུས་མཚམས་རང་བཞིན་གྱི་གྲུབ་འབྲས་ལ་ཁས་ལེན་བྱས། 

图片3.jpg

图片4.jpg

མདོ་ལ་རྫོང་མུ་རི་གྲོང་རྡལ་དུ་ཤ་བོ་སྐྱབས་དང་བཅས་པ་ཞབས་ཞུའི་ཚོམས་ཆེན་དང་། ལས་བྱེད་པའི་ཉལ་ཁང་། སྔོ་ཚལ་དྲོད་ཁང་སོགས་སུ་བསྐྱོད་དེ་ཤང་གྲོང་གི“ཡོད་པ་བཅུའི”ལས་གྲྭའི་འཛུགས་སྐྲུན་གནས་ཚུལ་ལ་ཞིབ་ཕྲའི་རྒྱུས་ལོན་གནང་། ས་གནས་ས་ཐོག་ཏུ་ན་ཊམ་རྟ་རྒྱུག་ཐང་གི་ཨར་ལས་གནས་ཚུལ་ལ་གཟིགས་ཞིབ་གནང་བ་མ་ཟད། ཧེ་རིང་གྲོང་ཚོ་དང་བརྒ་གྲོང་ཚོར་སོང་ནས་གཟན་རྩྭའི་ཐོན་ལས་འཕེལ་རྒྱས་དང་བདེ་སྐྱིད་ཟ་ཁང་། གྲོང་ཚོ་རིམ་པའི་བུ་བཅོལ་ཁང་། འཕྲོད་བསྟེན་ཁང་སོགས་ཀྱི་འཁོར་སྐྱོད་གནས་ཚུལ་ལ་རྒྱུས་ལོན་གནང་། ཁོང་གིས་ནན་གྱིས་བསྟན་དོན། གཅིག་ནས་གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་འཕེལ་རྒྱས་ཀྱི་ལམ་སྲོལ་སྔར་བས་འཐུས་སྒོ་ཚང་དུ་བཏང་ནས་སྐྱེ་ཁམས་ཕྱུགས་ལས་ཀྱི“གཅིག་ཅན་དགུ”ཡི་ལེ་ལག་ཚང་བའི་འདུ་འགོད་ལ་སྐུལ་འདེད་གཏོང་རྒྱུར་དམིགས་ཏེ་ཚད་གཞི་མཐོར་གཏོང་དང་། གྲོང་ཚོའི་མཉམ་སྡེབ་དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་སྟོབས་ཆེར་གཏོང་དགོས། གཞི་ཁྱོན་ཅན་དང་ཚད་ལྡན་ཅན་གྱི་གཟན་རྩྭ་འདེབས་འཛུགས་རྟེན་གཞི་ཡག་པོ་སྐྲུན་པ་དང་། ས་ནག་གྲམ་ཐང་བཅོས་སྐྱོང་བྱེད་སྟངས་གསར་པ་འཚོལ་ཞིབ་བཅས་བྱས་ནས་རྩྭ་ཕྱུགས་མཉམ་འགུལ་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བ་བཅས་བྱེད་དགོས། གཉིས་ནས་ན་ཊམ་རྟ་ར་འཛུགས་སྐྲུན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱིས་ལྟ་འདོད་ཅིང་ཉན་སྤྲོ་བའི་རིག་རྩལ་བྱེད་སྒོ་དང་རྒྱུན་རྣམ་ཅན་གྱི་རྟ་རྒྱུག་སོགས་ལུས་རྩལ་འགྲན་བསྡུར་སྤེལ་བ་བརྒྱུད་མདོ་ལ་རིང་མོའི་མཚན་སྙན་དང་སྐད་གྲགས་ཆོད་ཚད་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས། གསུམ་ནས་གྲོང་ཚོའི(སྡེ་ཁུལ)“ཡོད་པ་བཅུའི”འདུ་འགོད་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་ནས་གྲོང་ཚོ་རིམ་པའི་བུ་བཅོལ་ཁང་ཡག་པོ་གཉེར་བ་དང་གྲོང་ཚོ་རིམ་པའི་འཕྲོད་བསྟེན་ཁང་དང་འཕྲོད་བསྟེན་གསང་སྤྱོད་འཛུགས་སྐྲུན་ཡག་པོ་བྱེད་པ། གྲོང་ཚོ(སྡེ་ཁུལ)རྩ་འཛུགས་ཀྱི་འཐབ་སའི“འཛུགས་སྐྲུན་དང་། དོ་དམ། བེད་སྤྱོད”བཅས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་བཏང་ནས“གཞི་རིམ་གྱི་མཁར་རྫོང་”གི་ཕན་འབྲས་རྒྱུན་མཐུད་ངང་ཆེ་རུ་གཏོང་དགོས།

图片5.jpg

图片6.jpg

མདོ་ལ་རྫོང་གི་སྟོང་སོའི་ནགས་ཀླུང་སྒར་འདེབས་དང་བར་སྣང་ཟམ་པའི་མཛེས་ལྗོངས་ཁུལ་བཅས་སུ་ཤ་བོ་སྐྱབས་དང་བཅས་པས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཟིགས་ཞིབ་གནང་། ཁོང་གིས་ནན་གྱིས་བསྟན་དོན། གཅིག་ནས་ཐུན་མོང་མ་ཡིན་པའི་ནགས་ཚལ་ཐོན་ཁུངས་བེད་སྤྱོད་ཡག་པོ་བྱེད་པ་དང་། ནགས་ཁྲོད་དཔལ་འབྱོར་གྱི་ལས་རྣམ་གསར་པ་འཕེལ་རྒྱས་ཤུགས་ཆེན་གཏོང་བ། མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་གཏོང་བ། ཞག་སྡོད་དང་བཟའ་བཏུང་ཞབས་ཞུ་མཁོ་འདོན་ཡག་པོ་བྱེད་པ། སྐྱེ་ཁམས་ཞིབ་འཇུག་སློབ་སྦྱོང་དང་རང་བྱུང་སློབ་གསོ་སོགས་ཀྱི་བྱེད་སྒོ་སྤེལ་བ་བརྒྱུད་མཛེས་ལྗོངས་ཁུལ་གྱི་སྐད་གྲགས་ཆོད་ཚད་དང་། ཤུགས་རྐྱེན་ཐེབས་ཤུགས། ཡིད་དབང་འགུག་ཤུགས་བཅས་མུ་མཐུད་ཆེ་རུ་གཏོང་དགོས། གཉིས་ནས་ཚགས་པར་དང་། སྟེགས་བུ། དྲ་བ། འཕྲིན་ཆུང་། མཐའ་སྣེ། བརྙན་སོགས་སྨྱན་སྦྱོར་ལས་སྟེགས་གང་ལེགས་སྤྱད་དེ་མཛེས་ལྗོངས་ཁུལ་དྲིལ་སྒྲོག་དང་འོས་སྦྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་ནས་འགྲུལ་འགུག་དགོས། གསུམ་ནས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་གི་ཚན་རིག་ཁྱབ་གདལ་རྟེན་གཞི་ལ་བརྟེན་ནས་རྐང་བགྲོད་ལམ་ཐིག་འདེམ་པ་དང་།  ལམ་ཐིག་འཆར་འགོད། ཤིང་ཟམ་སྐྲུན་པ། ལམ་འོག་གི་ཆུ་སྦུག་འདིང་བ་སོགས་ཀྱི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་ནས་རྐང་བགྲོད་ཐོན་ལས་འཕེལ་རྒྱས་ཀྱི་ལས་རྣམ་གསར་པ་ཕྱོགས་ཡོངས་ནས་གཏོད་དགོས།

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་མ་རུའུ་ཞང་། དེ་བཞིན་ཁུལ་ཐད་གཏོགས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་དང་རྐང་ཚ་རྫོང་གི་ཏང་སྲིད་ཀྱི་འགན་འཁུར་བློ་མཐུན་གཙོ་བོ། མདོ་ལ་རྫོང་སྲིད་གཞུང་གི་འགན་འཁུར་བློ་མཐུན་གཙོ་བོ་བཅས་ཀྱིས་ཕེབས་རོགས་བྱས།


མཉམ་སྤྱོད།