དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཀྲིག་ཅར་འདེམ་སྐོང་སློབ་མའི་ཕྱོགས་བསྡུས་སྐར་གྲངས་དང་རྗེས་མཐུད་ལས་དོན་གྱི་བརྡ་ཐོ།

2024-05-10 15:41:05   |   968

སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཏང་འཛུགས། བཤེར་འབེབས། རིན་ཆེན་ཚེ་རིང་།   


རྒྱུགས་ཞུགས་སློབ་མ་རྣམ་པ།

《མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཕུལ་བྱུང་མཐར་ཕྱིན་སློབ་མ་འདེམ་སྐོང་གི་སྤྱི་བསྒྲགས》གཞིར་བཟུང་། མཚོ་སྔོན་ཞིང་ཆེན་གྱི2024ལོའི་ཀྲིག་ཅར་འདེམ་སྐོང་སློབ་མའི་ཁ་རྒྱུགས་ལས་དོན་མཇུག་གྲིལ་བ་དང་ད་ཆ་ཕྱོགས་བསྡུས་སྐར་གྲངས་དང་ལས་གནས་ཀྱི་ཨང་རིམ་ཁྱབ་བསྒྲགས་བྱས་ཟིན། རྒྱུགས་ཞུགས་སློབ་མས་མཚོ་སྔོན་ཞིང་ཆེན་གྱི་འདེམ་སྐོང་སློབ་མའི་མིང་ཐོ་འགོད་པའི་མ་ལག་གི་དྲ་ཚིགས(http://47.114.77.245/tip)བརྒྱུད་ནས་སྐར་གྲངས་ལ་བལྟས་ཆོག

རྒྱུགས་སྤྲོད་སློབ་མའི་ཕྱོགས་བསྡུས་སྐར་གྲངས་ཀྱི་ཨང་རིམ(ཞིབ་ཕྲ་མིང་ཐོ་འགོད་པའི་མ་ལག་དུ་གསལ)གྱི་སྤྱི་བསྒྲགས་དུས་ཚོད་ནི2024ལོའི་ཟླ5པའི་ཚེས10ནས་ཚེས16ཉིན་ཡིན། སྤྱི་བསྒྲགས་བྱེད་རིང་སྐར་གྲངས་ལ་བསམ་འཆར་མི་འདྲ་བ་ཡོད་ཚེ། མཚོ་སྔོན་ཞིང་ཨུ་རྩ་འཛུགས་པུའི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་འཆར་འགོད་གཞུང་ལས་ཁང་ལ་སྙན་སེང་ཞུ་ཆོག

འབྲེལ་གཏུགས་ཁ་པར།0971-8482474
ཀྲུང་གུང་མཚོ་སྔོན་ཞིང་ཆེན་ཨུ་ཡོན་ལྷན་ཁང་གི་རྩ་འཛུགས་པུ།
2024ལོའི་ཟླ5པའི་ཚེས9ཉིན།


མཉམ་སྤྱོད།