དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐོན་ལས་དར་སྤེལ་གྱི་ལམ་དུ། འཇུ་ལག་ནོར་ལུག་གི་ཚོང་བྲིན།

2024-05-10 14:39:14   |   486

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས7ཉིན། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་འཇུ་ལག་ཧུའེ་རིགས་རང་སྐྱོང་རྫོང་གི་རྒྱལ་ཁབ་དེང་རབས་ཅན་ཞིང་ལས་ཐོན་ལས་གླིང་མཚོ་སྔོན་ཧེ་ཝོ་ཞིང་ཕྱུགས་ཐོན་རྫས་ཚད་ཡོད་སྤྱི་གཉེར་ནང་དུ། ལས་བཟོ་པས་མངགས་ཐོ་ལྟར་མཐོ་སྒང་གི་སྐམས་ལུག་ཤ་གང་མགྱོགས་ངང་ཁག་དབྱེ་ལས་སྣོན་བྱེད་ཀྱིན་འདུག

1.jpg

འཇུ་ལག་རྫོང་གིས་ཐོན་ལས་དར་སྤེལ་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་དང་། སྲོལ་རྒྱུན་ཕྱུགས་ལས་ཀྱི་རྣམ་པ་བསྒྱུར་བ་དང་རིམ་པ་སྤར་བའི་གོམ་སྟབས་ཇེ་མགྱོགས་སུ་བཏང་ནས། ས་གནས་ཀྱི་ཁྱད་ལྡན་ཐོན་ལས་ཀྱི་དགེ་མཚན་འདོན་སྤེལ་གྱིས་ཚད་ལྡན་ཅན་གྱི་ནོར་ལུག་གསོ་སྤེལ་རྟེན་གཞི་འཛུགས་པར་ཤུགས་བསྣན་ཅིང་། ཐོན་ལས་འཕེལ་རྒྱས་ཀྱི་གཞི་ཁྱོན་རྒྱ་བསྐྱེད་པ་དང་ཞིང་འབྲེལ་མ་དངུལ་སྡེབ་སྒྲིག་བྱས་པས། “བཤའ་བ་དང་འཁྱག་ཉར་དང་ལས་སྣོན་ཕྱིར་འཚོང”བཅས་གཞི་གཅིག་ཏུ་གནས་པའི་ཐོན་ལས་མ་ལག་ཅིག་གྲུབ་པར་བྱས་ཤིང་། ཞིང་ཕྱུགས་ལས་ཀྱི་དཔལ་འབྱོར་འཕེལ་རྒྱས་ཐད་ཀྱི་ཕན་འཕར་སྤུས་འདེགས་ལ་རྨང་གཞི་བརྟན་པོ་བཏིངས།

2.jpg


མཉམ་སྤྱོད།