དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ཞིང་ཆེན་གྱིས་ཚད་ལྡན་མ་ཡིན་པའི་ས་མིང་སྟོང་ལྷག་དག་ཐེར་གཙང་སེལ་བྱས།

2024-05-10 11:00:49   |   190

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ནས་རྒྱུས་ལོན་པ་ལྟར་ན། ཆེད་དོན་བཅོས་སྐྱོང་བརྒྱུད། མཚོ་སྔོན་ཞིང་ཆེན་རྒྱལ་ཁབ་ས་མིང་ཆ་འཕྲིན་མཛོད་ནང་གི་སྲིད་འཛིན་ཁུལ་དགར་ཚུལ་དང་སྲང་ལམ།  རང་བྱུང་གི་ས་དང་ཆུ་རི་ལ་སོགས་ས་མིང་ཚད་ལྡན་མིན་པ་དང་། ཡང་དག་མིན་པ་ལ་སོགས་ཀྱི་གནད་དོན་དམིགས་སུ་བཟུང་སྟེ།   དུས་ཚོད་ཕྱོགས་བསྡུས་དང་སྟོབས་ཤུགས་ཕྱོགས་བསྡུས་ཀྱི་སྒོ་ནས་ཞིང་ཆེན་ཡོངས་ཀྱི་ས་མིང་ཞུ་དག་དང་དག་བཅོས།  ཆད་པ་ཁ་གསབ། དག་ཐེར་གཙང་སེལ་བཅས་བྱས།  སྔ་རྗེས་སུ་ས་མིང་ཐ་སྙད་ཁྲི12དག་བཅོས་བྱས་པ་དང་། ཚད་ལྡན་མ་ཡིན་པའི་ས་མིང་སྟོང་ལྷག་དག་ཐེར་གཙང་སེལ་བྱས་ནས་ས་མིང་ཆ་འཕྲིན་གྱི་གཞི་གྲངས་ལ་དུས་རྒྱུན་དུ་གསར་སྣོན་སྲུང་སྐྱོབ་དང་སྤུས་ཀ་ཇེ་ལེགས་སུ་གཏང་བར་སྐུལ་འདེད་བཏང་།

ང་ཚོས་ས་མིང་དོ་དམ་བྱ་བར‘དམངས་སྲིད་ཀྱིས་སྣེ་ཁྲིད་དང་། སྡེ་ཚན་བར་མཉམ་ལས’ཀྱི་སྒྲིལ་སྲོལ་ལ་བརྟེན་ནས་ཞིང་ཆེན་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཐིང་། ཞིང་ཆེན་རང་བྱུང་ཐོན་ཁུངས་ཐིང་དང་མཉམ་འབྲེལ་ཐོག སྡོད་ཁུལ་གྱི་མིང་ཚད་ལྡན་ལ་དོ་དམ་ལེགས་པོ་བྱེད་པའི་སྐོར་གྱི་སྲིད་ཇུས་ཡིག་ཆ་པར་འགྲེམས་བྱས་ཏེ།  སྡེ་ཚན་སོ་སོའི་ལས་འགན་ཁག་བགོས་གསལ་འབེབས་དང་། ཞིང་ཆེན་ཡོངས་ཀྱི་སྡོད་ཁུལ་དང་ཐོག་ཁང་གི་མིང་དོ་དམ་ལ་ཚད་གཞི་ཞིབ་ཕྲ་བཏོན་པ་དང་། ས་མིང་དོ་དམ་ལས་ཀ་དེ‘དོན་དག་གི་རྗེས་སུ་དོ་དམ་བྱེད་པ’ནས‘སྔ་མོ་ནས་ཞབས་ཞུ་འདོན་པའི’ཕྱོགས་སུ་གང་ལ་གང་འཚམ་གྱིས་གོམ་ཁ་བསྒྱུར་བས།  ཚད་ལྡན་མ་ཡིན་པའི་ས་མིང་གསར་བ་འབྱུང་བར་སྔོན་འགོག་བྱས་པ་ཡིན་ཞེས་མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་ས་མཚམས་ས་མིང་གི་འགན་ཁུར་བས་དེ་ལྟར་བརྗོད།

མཚོ་སྔོན་ཞིང་ཆེན་དམངས་སྲིད་ཐིང་གིས“ཞིང་གྲོང་གི་གྲགས་ཆེ་བའི་འགུལ་སྐྱོད”ཏན་ཏན་ཏིག་ཏིག་སྤེལ་ཞིང་། ཁྱོན་བསྡོམས་ཞིང་གྲོང200ལྷག་གི་མིང་དང་ཞིང་གྲོང་གི་ལམ30དང་།  ཞིང་པའི་སྤྲོ་སྐྱིད་གླིང་ག་དང་གནས་སྐོར་ལྗོངས་ཁུལ་སོགས་གནས240ལྷག་གི་མིང་དག་བཅོས་བྱས་ནས་ཞིང་ཆེན་ཡོངས་ཀྱི་ཞིང་གྲོང་ས་ཁུལ་གྱི་ས་མིང་ཆ་འཕྲིན་གྱི་ཡང་དག་རང་བཞིན་དང་བབ་སྤྱོད་རང་བཞིན་ཇེ་མཐོར་བཏང་།  ཟི་ལིང་གྲོང་ཁྱེར་ཧུང་ཀྲོང་ཆུས་སུ“ ཞིང་གྲོང་གི་ས་མིང་ཞབས་ཞུ་ལེགས་པོ་བཏོན་ནས་མཛེས་པའི་ཁྱིམ་གཞིས་མཛེས་པར་བརྒྱན”ཞེས་པའི་ཚོད་ལྟའི་ལས་ཀ་སྤེལ་ཏེ།  ཧུང་ཀྲོང་ཆུས་ཀྱི་གྲོང་ཚོ380དང་དུད་ཚང་ཁྲི10.ཀྱི་ས་མིང་དང་སྒོ་བྱང་ཡོངས་ཚད་ལྡན་དུ་བཏང་བ་མ་ཟད།  ཞིང་གྲོང་གི་ས་མིང་ཆ་འཕྲིན་གཞི་བྱས་ཏེ།   སྲིད་འཛིན་གྲོང་ཚོའི་ཁྱིམ་ཚང་གི་ཆགས་སྟངས་ཞིབ་ཕྲ་རིས་སུ་བཀོད་ནས་མང་ཚོགས་ལ་ཞབས་ཞུ་བསྒྲུབ་དུས“གྲོང་ཚོར་འཕྲལ་མར་སྐྱོད་དཀའ་བ་དང་།  ཁྱིམ་ཚང་རྙེད་དཀའ་བ”ལ་སོགས་ཀྱི་“མཐའ་འཇུག་གི་ལེ་དབར་གཅིག”གི་གནད་དོན་ཐག་གཅོད་བྱས་པ་དང་།  མཚོ་སྔོན་ཞིང་ཆེན་གྱི་གནས་ཚུལ་དངོས་ལ་འཚམ་པའི་ཞིང་གྲོང་གི་ས་མིང་དང་སྒོ་བྱང་དོ་དམ་བྱེད་སྟངས་ལུགས་མཐུན་ཞིག་འཚོལ་ཞིབ་བྱེད་པར་རྨང་གཞི་བརྟན་པོ་བཏིངས།


མཉམ་སྤྱོད།