མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ07ཚེས27ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཁུལ་གྱི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཁུལ་དབར་ གྱི་མཉམ་འབྲེལ་ཚོགས་འདུ་འཚོགས།

2024-05-10 09:40:43   |   2970

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་ཏང་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས9ཉིན། ཁུལ་གྱི་ཆུ་དཔོན་ལམ་ལུགས་ཕྱོགས་ཡོངས་ནས་ཁྱབ་གདལ་གཏོང་བའི་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཁུལ་དབར་གྱི་མཉམ་འབྲེལ་ཚོགས་འདུ་འཚོགས། ཚོགས་འདུའི་ཐོག་རྨ་ཆུའི་བཞུར་རྒྱུན་གྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་། ཞིང་ཆེན་ཆུ་དཔོན་ལམ་ལུགས་ལས་དོན་མགོ་ཁྲིད་ཚོགས་ཆུང་གི་ཚོགས་འདུ་དང་ཐིང་དབར་གྱི་མཉམ་འབྲེལ་ཚོགས་འདུའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཤིང་། 2023ལོའི་ལས་དོན་ཕྱོགས་སྡོམ་དང་མིག་སྔའི་དུས་བབ་དང་ལས་འགན་ལ་དབྱེ་ཞིབ་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་མགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་སྟེ་གསུང་བཤད་གནང་། ཁུལ་ཨུའི་རྒྱུན་ཨུའམ་ཁུལ་དཔོན་གཞོན་པ་ཨ་ཁྱུང་གིས་ད་ལོའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་།

1.jpg

ཤ་བོ་སྐྱབས་ཀྱིས་བསྟན་དོན། མཚོ་བྱང་ནི་མདོ་ལ་རིང་མོ་དང་མཚོ་སྔོན་པོའི“རྒྱལ་ཁབ་སྤྱི་གླིང་གཉིས”ཀྱི་ལྟེ་བའི་ཁུལ་དུ་གནས་པ་དང་། “མཚེའུ་གཅིག་དང་ཆུ་བོ་བཞི”ཡི་གཙོ་གནད་དུ་གནས་པས་ཆུའི་ཐོན་ཁུངས་ཧ་ཅང་ཕུན་སུམ་ཚོགས་ཤིང་སྐྱེ་ཁམས་ཀྱི་གནས་བབ་ཧ་ཅང་གལ་འགངས་ཆེན་པོ་ཡོད། ས་གནས་ཁག་དང་སྡེ་ཚན་ཁག་གིས“སྐྱེ་ཁམས་རྩ་བར་འཛིན་པའི”བླང་བྱ་གལ་ཆེན་མཐའ་འཁྱོངས་བྱས་ཏེ། མཚོ་བྱང་གིས་ཞིང་ཆེན་ཡོངས་དང་ཐ་ན་རྒྱལ་ཡོངས་ཀྱི་སྐྱེ་ཁམས་ཐད་དུ་བཟུང་བའི་གོ་གནས་གལ་ཆེན་དམ་འཛིན་དང་། “མི་དམངས་ཀྱི་བློ་ཡིད་ཚིམ་པའི་སྐྱིད་པའི་གཙང་པོ་དང་མཚེའུ་བསྐྲུན་པའི”དམིགས་ཚད་ལ་དམིགས་ནས“ལས་བྱེད་པས་སྒྲུབ་དགོས་པ་དང་། བསམ་ཕྱོགས་གསལ་དགོས་པ། རང་གཅུན་ནན་མོ་བྱེད་དགོས་པ།”ཞེས་པའི་བླང་བྱ་དེ་གཙང་པོ་དང་མཚེའུ་དོ་དམ་དང་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ཧྲིལ་པོ་དང་ཕྱོགས་སོ་སོའི་ཐད་དོན་འཁྱོལ་བྱས་ཏེ། “ཆུ་བོ་གཙང་མ་ཤར་ཕྱོགས་སུ་བཞུར་བར”འགན་ལེན་ཏན་ཏིག་བྱེད་དགོས།

2.jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། ས་གནས་ཁག་དང་སྡེ་ཚན་ཁག་གིས་ཆུ་དཔོན་དང་མཚོ་དཔོན་ལམ་ལུགས་ནས་མགོ་བརྩམ་སྟེ། གཙང་པོ་དང་མཚེའུ་ཡི་ཁོར་ཡུག་བཅོས་སྐྱོང་ལ་སྤྱི་འདོམས་སྐུལ་འདེད་གཏོང་བ་དང་། ཆུའི་ཐོན་ཁུངས་དོ་དམ་སྲུང་སྐྱོང་དང་། ཆུ་ཁོངས་དང་མཚོ་རྒྱུད་དོ་དམ་ཚོད་འཛིན། ཆུའི་ཁོར་ཡུག་བཅོས་སྐྱོང་། ཆུའི་སྐྱེ་ཁམས་སླར་གསོ། ཆུ་ལོག་དང་ཐན་པ་འགོག་སྲུང་། ཁྲིམས་འཛིན་ལྟ་སྐུལ་དོ་དམ། ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་གནད་དོན་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་ཤུགས་སྣོན་དགོས་པ་དང་། ཙོང་ཆུ་དང་བར་དམ་ཆུའི་མཉམ་འབྲེལ་སྲུང་སྐྱོབ་ཀྱི་ནུས་པ་བཏོན་ཏེ། ཆུའི་ཐོན་ཁུངས་སྲུང་སྐྱོབ་ལམ་ལུགས་ཀྱི་བླང་བྱ་ནན་མོ་དོན་འཁྱོལ་ཡོང་བ་བྱེད་དགོས། མཆོག་མཆན་མ་ཐོབ་པར་སྔོན་ལ་འཛུགས་སྐྲུན་བྱས་པ་དང་ཁྲིམས་སྲོལ་དང་འགལ་ནས་མཆོག་མཆན་སྤྲད་པ་སོགས་ཀྱི་གནད་དོན་ལ་ཁྲིམས་ལྟར་ཞིབ་བཤེར་ཐག་གཅོད་བྱེད་དགོས།རི་ཆུ་ནགས་ཞིང་མཚེའུ་རྩྭ་ཐང་བཅས་ཀྱི་གཞི་གཅིག་ཅན་གྱི་སྲུང་སྐྱོང་དང་ཉམས་གསོའི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་པ་དང་། ཆུ་གློག་ཆུང་གྲས་གཙང་བཤེར་དག་ཐེར་ལ་སྐུལ་འདེད་ཏན་ཏིག་གཏོང་བ། ཆུའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་གི་གྲུབ་འབྲས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་བ་བཅས་བྱས་ཏེ། “ཆུ་བོ་ཤར་གཏོང་ཐུབ་དང་། ཆུ་དྭངས་བ། ངོགས་སྔོ་ཞིང་ལྗང་བ། མཛེས་ལྗོངས་ཡིད་དུ་སྡུག་པ། མི་རྣམས་འཆམ་ཞིང་མཐུན་པ”བཅས་ཀྱི་འཚོ་སྡོད་ལ་འཚམ་པའི་ཁོར་ཡུག་ཅིག་ཧུར་ཐག་གིས་བསྐྲུན་དགོས།

3.jpg

ཤ་བོ་སྐྱབས་ཀྱིས་བླང་བྱ་བཏོན་པ་སྟེ། ས་གནས་ཁག་དང་སྡེ་ཚན་ཁག་གིས“ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་དང་ལས་གནས་གཅིག་ལ་འགན་འཁྲི་གཉིས”ཀྱི་ལས་ཀའི་བླང་བྱ་གཞིར་བཟུང་སྟེ། ཚན་པ་དང་། སྡེ་ཚན། མི་སྣ་བཅས་ཀྱི་འགན་འཁྲི་སྔར་བས་ནན་དུ་གཏོང་དགོས། དམངས་འཚོ་ལེགས་སུ་གཏོང་བ་དང་གྲོང་གསེབ་དར་སྤེལ་གཏོང་རྒྱུར་དམིགས་ནས་གཙོ་གནད་ལས་དོན་དང་གཙོ་གནད་རྣམ་གྲངས་ལ་དམིགས་པ་དང་། ཆུ་བེད་དང་། སྐྱེ་ཁམས། རང་བྱུང་ཐོན་ཁུངས། འཕེལ་རྒྱས་སྒྱུར་བཅོས་སོགས་ཁྱབ་ཁོངས་ཀྱི་སྲིད་ཇུས་སྣ་ཚོགས་གང་ལེགས་སྤྱོད་དགོས། དཔེ་སྟོན་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ནས་ཁུལ་དང་། རྫོང་། ཤང་། གྲོང་ཚོ་བཅས་རིམ་པ་བཞིའི་གསར་འཛུགས་ལ་དམ་འཛིན་གཏིང་ཟབ་བྱེད་པ་དང་། “བདེ་འཇགས་དང་། སྐྱེ་ཁམས། བདེ་སྡོད། དམངས་ཕྱུག བློ་གྲོས”བཅས་ཀྱི་དམིགས་ཚད་ལ་དམིགས་ནས་ཆུ་དཔོན་ལམ་ལུགས་ཀྱི་དཔེ་སྟོན་མཚེའུ་མཛོད་ཤུགས་ཆེན་བཏོད་དེ་ཆུ་དཔོན་ལམ་ལུགས་ཀྱི་དྲིལ་སྒྲོག་བྱེད་སྒོ་དང་བརྗོད་དོན་གཙོ་བོའི་ལག་ལེན་བྱེད་སྒོ་མུ་མཐུད་གཏིང་ཟབ་ཏུ་གཏོང་དགོས།

4.jpg

ཚོགས་འདུའི་ཐོག2023ལོའི་ལོ་འཁོར་གྱི་ཆུ་དཔོན་ལམ་ལུགས་ཀྱི་ལས་དོན་དཔྱད་ཞིབ་གནས་ཚུལ་དང་ཁུལ་ཡོངས་ཀྱི་ཆུ་དཔོན་ལམ་ལུགས་དང་དེ་བཞིན་གཙང་པོ་དང་མཚེའུ་ཡི་དོ་དམ་ལས་དོན་སྤེལ་ཚུལ་གྱི་བརྡ་ཁྱབ་བཏང་། རྐང་ཚ་རྫོང་དང་། མདའ་བཞི་རྫོང་། ཁུལ་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཅུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུ། ཁུལ་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་ཅུ་བཅས་ཀྱིས་ལས་དོན་སྙན་ཞུ་ཕུལ་བ་དང་བརྗེ་རེས་གཏམ་བཤད་སྤེལ།

5.jpg

ཚོགས་འདུ་མ་འཚོགས་གོང་། ཤ་བོ་སྐྱབས་རྐང་ཚ་རྫོང་དུ་ཕྱིན་ཏེ་མཚོ་དང་ཆུ་ལ་གཟིགས་སྐོར་བྱས་པ་དང་། ཚྭ་འདམ་གཏེར་ཁུལ་དུ་རང་དགར་ཆུ་བཞུར་སའི་མདོང་ལམ་དང་བཙོག་འབུད་ཀྱི་གནད་དོན་དང་དེ་བཞིན་རྐང་ཚ་རྫོང་གི་མཁར་གྲོང་གི་འཚོ་བའི་བཙོག་ཆུ་གཙང་གསིང་བཟོ་གྲྭའི་བཙོག་ཆུ་འཛག་པའི་གནད་དོན་ལ་ཡུལ་དངོས་ནས་ལྟ་སྐུལ་མཛུབ་ཁྲིད་བྱས།

6.jpg

ཚོགས་འདུ་བརྙན་ལམ་ནས་ཤང་གྲོང་རིམ་པར་འཚོགས། ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་ཀརྨ་ཚེ་རིང་། ཁུལ་མགོ་ཁྲིད་ཚོགས་ཆུང་གི་ཁོངས་མིའི་ཚན་པའི་འགན་འཁུར་བློ་མཐུན་གཙོ་བོ་ཚོགས་ར་གཙོ་བོར་ཞུགས།


མཉམ་སྤྱོད།