དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-10 07:34:57   |   2462

སྒྲིག་སྒྱུར། མཁའ་འགྲོ་མཚོ།   ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

1.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས9ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི(布达佩斯) ཙུང་ཐུང་ལས་ཤག་ཏུ་ཧང་ག་རིའི(匈牙利)ཙུང་ཐུང་ཧྲུའུ་ཡིའུ་ཁེ(舒尤克)དང་གྲོས་མོལ་གནང་།

2.jpg

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས9ཉིན་གྱི་སྔ་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པུ་ཏ་ཕེ་སིར་ཧང་ག་རིའི་ཙུང་ཐུང་ཧྲུའུ་ཡིའུ་ཁེ(舒尤克)དང་ཙུང་ལི་ཨོར་པན(欧尔班)གྱིས་ཐུན་མོང་ཐོག་སྤེལ་བའི་དགའ་བསུ་མཛད་སྒོ་ལ་ཞུགས་པ་རེད།

3.png

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིའི་ལས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་ཀྱིས་ཀྲུང་གོ་དང་ཧང་ག་རིའི་འབྲེལ་བ་དེ་དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་ཏུ་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱ་རྒྱུའི་ཁྱབ་བསྒྲགས་བྱས་པ་རེད།

4.png

  • ས་གནས་དེ་གའི་དུས་ཚོད་ཟླ5ཚེས9ཉིན་གྱི་ཕྱི་དྲོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུ་ཏ་ཕེ་སིའི་ཙུང་ལིའི་ལས་ཤག་ཏུ་ཧང་ག་རིའི་ཙུང་ལི་ཨོར་པན་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པ་དང་མཇལ་འཛོམས་གནང་བ་རེད།

  • ཚེས9ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཡིག་ཆ་བཀྲམ་སྟེ། བདེ་འཇགས་ཞྭ་མོ་སོགས་ཐོན་རྫས་དྲུག་ལ་བཟོ་ལས་ཐོན་རྫས་ཐོན་སྐྱེད་ཆོག་འཐུས་ལག་ཁྱེར་དོ་དམ་བྱ་རྒྱུ་ཡིན་པ་གཏན་འབེབས་བྱས།

  • རེས་སྐོར་གསུམ་པའི་ཁག་གཉིས་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཚོགས་ཆུང7ཚང་མ་ལྟ་ཞིབ་བཅའ་སྡོད་བྱས།

  • འགག་སྒོ་ལས་ཁུངས་ཀྱིས་སྡོམ་རྩིས་བྱས་པར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་དངོས་ཟོག་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི13.81ཟིན་པ་དེ་དུས་མཚུངས་ལས5.7%འཕར་ཡོད།

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་རང་རྒྱལ་གྱིས2024ལོའི་ལོ་འཁོར་གྱི་རྒུད་གསབ་ལས་སྤྲོད་ཀྱི་ཀྲུང་དབྱང་གི་ཆེད་དོན་མ་དངུལ་སྒོར་དུང་ཕྱུར115བཏང་སྟེ། རྣམ་གྲངས་སྤེལ་ཡུལ་གྱི་གྲོང་གསེབ་མང་ཚོགས་ཁྲི་25བསྡུ་ལེན་དང་སྣེ་ཁྲིད་བྱས་ནས་ས་ཆ་རང་དང་ཐག་ཉེ་སར་ནས་ལས་ཞུགས་ཐུབ་པ་བསྟན།

  • རྒྱལ་ཁབ་ལྕགས་ལམ་ཚོགས་པས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ལྕགས་ལམ་གྱིས་གཏན་འཇགས་རྒྱུ་ནོར་ལ་མ་འཇོག་སྒོར་དུང་ཕྱུར1849བཏང་བ་དང་། དུས་མཚུངས་ལས10.5%འཕར་ཡོད།

  • ཀྲུང་གོའི་ཁེ་ལས་འབྲིང་ཆུང་མཐུན་ཚོགས་ཀྱི་གྲངས་གཞི་ལས་མངོན་པར། ཟླ་བཞི་པར་ཁེ་ལས་འབྲིང་ཆུང་གི་འཕེལ་རྒྱས་སྟོན་གྲངས89.4ཟིན་ནས་ཟླ་བ་གཉིས་ལ་བསྟུད་མར་འཕར་ཡོད་པ་རེད།

5.jpg

  • ཚེས9ཉིན། རང་རྒྱལ་གྱིས་ཞི་ཁྲང(西昌)སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་གསུམ་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ཁ་པ་སྤྱད་དེ་རིག་ནུས་གནམ་དྲ་ཨང་དང་པོ་སྲུང་སྐར01འཕེན་གཏོང་བྱས་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། དེ་རིང་ཞིན་ཅང་དང་། ཧྲའན་ཞི།(陕西) ཧྲན་ཞི།(山西) ཧོ་པེ། ཧོ་ནན། ཧྲན་ཏུང་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས30℃ལས་བརྒལ་རྒྱུ་རེད།

  • ཚེས9ཉིན། ཞུང་ཨན(雄安) མཐོ་གསར་ཁུལ་གྱི་སྒོ་བྱང་བཀལ་བ་དང་འབྲེལ་དངོས་སུ་འཁོར་སྐྱོད་བྱེད་མགོ་ཚུགས་པ་རེད།

  • རང་རྒྱལ་གྱི་མ་རྩ་མཉམ་འཇོག་གི་དངུལ་བྱང་ཞིབ་རྩིས་སྒྲིག་གཞི་གཉིས་པ་སྟེ། ཝན་ཧྲི་དྲ་སྦྲེལ་མཉམ་འབྲེལ་ལྷན་ཚོགས་ཚེས9ཉིན་དངོས་སུ་ལས་མགོ་ཚུགས་པ་རེད།

6.jpg

  • རང་རྒྱལ་གྱི་ནུས་ཆེའི་འོད་རྡུལ་ཉིང་ལྷེབ་ཁྱབ་ཁོངས་སུ་འགག་སྒྲོལ་བྱུང་སྟེ། འབོར་ཆེན་བཟོ་ཐུབ་པའི་“འོད་རིག་ཀུའེ(光学硅)” གསར་པའི་ཉིང་ལྷེབ་གསར་སྤེལ་ལེགས་འགྲུབ་བྱུང་ཡོད།

  • ཧྥུ་ཅན་གྱི་མཚོ་བརྒལ་རིང་ཤོས་ཀྱི་ཕྱོགས་སུ་གསོར་འབིགས་ཆུ་མཁོ་འདོན་གྱི་མདོང་ལམ་དངོས་སུ་ཤར་གཏོང་ཐུབ་པ་སྟེ། དེས་ཀྲང་ཀྲོའུ་ཡི་ཡུས་གླིང་ཕྲན(漳州浯屿岛)“ཆུ་ཁའི་ལྟོ་རྟེན་ཆུ་དང་གྲུ་གཟིངས་ལ་བརྟེན་ནས་སྐྱེལ་འདྲེན་བྱེད་པའི”དུས་རབས་རྦད་དེ་མཇུག་འགྲིལ་བ་མཚོན་ཡོད།

7.jpg

  • ཧྲའན་ཞི་ཞི་ཞན་ཁུལ་གསར་གྱི་ཧྥུའུ་དབྱིན་མྱུར་བགྲོད་གཞུང་ལམ་ལ་རླངས་འཁོར་གྱི་དོན་རྐྱེན་བྱུང་ན་ས་མི7རླངས་འཁོར་ནང་ནས་ལུས་ཡོད་པ་དང་། གུང་གསེང་མཇུག་འགྲིལ་ནས་མེ་ཟོན་རུ་ཁག་ཏུ་ལོག་རྩིས་ཡོད་པའི་མེ་ཟོན་མི་སྣ་ཝང་ཧྥེ་ཡིས་འཕྲལ་མར་སྒེའུ་ཁུང་གཏོར་ནས་རོགས་སྐྱོབ་སྟོབས་ཤུགས་དང་མཉམ་དུ་ཉེན་ཁའི་མི་སྣ་བསྐྱབས་པ་རེད།

སྲིད་ཇུས།

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུ་ཡིས་དངུལ་ཁང་གི་དྲ་ཚིགས་དང་། འགན་བཅོལ་སྤྱི་གཉེར་གྱི་མཉམ་ལས་གྲངས་འབོར་ཚོད་འཛིན་མེད་པ་བཟོ་རྒྱུའི་བརྡ་ཐོ་བཏང་།

  • ཚེས9ཉིན། ཀྲེ་ཅང་ཧང་ཀྲོའུ་དང་ཧྲའན་ཞི་ཞི་ཨན་གྱིས་སྡོད་ཁང་ཉོ་སྒྲུབ་ཚོད་འཛིན་ཕྱོགས་ཡོངས་ནས་མེད་པ་བཟོས་པའི་ཡིག་ཆ་བཀྲམ།

  • ཧེ་ལུང་ཅང་གིས“བཟོ་ལས་ཁྱབ་ཁོངས་སུ་རྙིང་ཚབ་གསར་བརྗེ་བྱེད་པ”སྐུལ་འདེད་བཏང་སྟེ། ལྗང་མདོག་ཅན་གྱི་སྒྱུར་བཀོད་ཐད་ཕན་འབྲས་མངོན་གསལ་དོད་པའི་བཟོ་ལས་ཁེ་ལས་ཀྱི་ཆ་རྐྱེན་འཛོམས་མཁན་ལ་བྱ་དགའ་སྒོར་ཁྲི100སྤྲོད་རྒྱུ་གཏན་འབེབས་བྱས།

དེ་རིང་གི་གནམ་གཤིས།

9.jpg

  • ཧེ་ལུང་ཅང་ལྷོ་རྒྱུད་དང་། ཅི་ལིན་གྱི་དབུས་ནུབ་རྒྱུད་དང་། ལིའོ་ཉིང་གི་ནུབ་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། སི་ཁྲོན་གཤོང་སའི་ནུབ་རྒྱུད། ཀུའེ་ཀྲོའུ་ཡི་དབུས་ཤར་རྒྱུད། ཧུའུ་པེའི་ལྷོ་ནུབ་རྒྱུད། ཧུའུ་ནན་གྱི་ཤར་རྒྱུད་དང་ནུབ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ནུབ་བྱང་རྒྱུད། ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། བོད་ལྗོངས་ཀྱི་ཤར་རྒྱུད་དང་། མཚོ་སྔོན་གྱི་དབུས་ཤར་རྒྱུད། ཁྲོན་ནུབ་ས་མཐོའི་བྱང་རྒྱུད་སོགས་ཀྱི་ས་བབ་མཐོ་བའི་རི་ཁུལ་དུ་ཁ་བ་ཆུང་བ་ནས་འབྲིང་བའམ་ཡང་ན་ཆར་བ་འབབ་རྒྱུ་རེད།


མཉམ་སྤྱོད།