དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འབྲིང་རྒྱུགས་དང་མཐོ་རྒྱུགས་ལ་ཞུགས་པའི་སློབ་མ་རྣམས་ཀྱིས་གཟིགས་རོགས།

2024-05-09 20:27:19   |   1896

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་ཞིང་ཆེན་སྲིད་གཞུང་བོད་ཡིག་དྲ་བ།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས7ཉིན། གསར་འགོད་པས་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་ཉེན་རྟོག་སྤྱི་ཁྱབ་རུ་ཁག་ནས་ཤེས་གསལ་ལྟར་ན། འབྲིང་རྒྱུགས་དང་མཐོ་རྒྱུགས་སྤྲོད་མཁན་གྱི་སློབ་མ་བདེ་བླག་ངང་རྒྱུགས་ལེན་ནང་ཞུགས་ཐུབ་པར་འགན་སྲུང་བྱ་ཆེད། འབྲིང་རྒྱུགས་དང་མཐོ་རྒྱུགས་མཇུག་འགྲིལ་བའི་བར་དུ་མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་བདེ་འཇགས་སྤྱི་ཁྱབ་རུ་ཁག་གིས་ཞིང་ཆེན་ཡོངས་ཀྱི་འབྲིང་རྒྱུགས་དང་མཐོ་རྒྱུགས་སྤྲོད་མཁན་གྱི་སློབ་མར་ཐོབ་ཐང་ལག་ཁྱེར་རེ་ཞུ་བྱེད་པའི་དམིགས་བསལ་བརྒྱུད་ལམ་ཕྱེས་པ་རེད།

རྒྱུགས་སྤྲོད་སློབ་མའི་ལག་ཁྱེར་བསྒྲུབ་པའི་དགོས་མཁོ་སྐོང་ཆེད། ཞིང་ཆེན་ཡོངས་ཀྱི་ཐོབ་ཐང་ལག་ཁྱེར་སྒྲུབ་སའི་ཚོམས་ཆེན་དང་བདག་སྤྲོད་སྒེའུ་ཁུང་ཁག་གིས་ཞབས་ཞུའི་བརྒྱུད་རིམ་སྔར་ལས་ཇེ་ལེགས་སུ་བཏང་ནས། ལས་ཕྱོད་ཆེ་རུ་གཏོང་བ་དང་། འབྲིང་རྒྱུགས་དང་མཐོ་རྒྱུགས་སྤྲོད་མཁན་སློབ་མའི་ལག་ཁྱེར་སྒྲུབ་པའི་ལས་སྒོ་བདག་སྤྲོད་བྱེད་པའི་ཆེད་སྤྱོད་སྒེའུ་ཁུང་བཙུགས་ཤིང་། ཁ་ཆད་དང་དུས་ཚོད་ནར་འགྱངས། དུས་ཚོད་སྣོལ་བ་སོགས་ཞབས་ཞུའི་བྱེད་ཐབས་སྣ་ཚོགས་སྤྱད་དེ་སྔ་མོ་ནས་དང་ལེན་དང་དུས་ཐོག་ཏུ་གཤམ་སྤྲོད་བྱ་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་གི་ཐོབ་ཐང་ལག་ཁྱེར་བཟོ་བའི་ལྟེ་གནས་ཀྱིས་ཡིག་རྒྱུགས་འཕྲལ་སྡོམ་ཐོན་སྐྱེད་ལམ་སྲོལ་ལག་བསྟར་བྱས་ནས། ངལ་གསོའི་དུས་ཚོད་ལེགས་སྒྲིག་དང་ལས་ཀའི་དུས་ཚད་ཇེ་རིང་དུ་བཏང་བ་དང་། ས་གནས་སོ་སོ་ནས་ཐོབ་ཐང་ལག་ཁྱེར་རེ་ཞུ་ཆ་འཕྲིན་འབྱོར་རྗེས། རྒྱུགས་སྤྲོད་སློབ་མའི་ཐོབ་ཐང་ལག་ཁྱེར་བཟོ་བའི་གཞི་གྲངས་ཚང་མ་སྔ་མོ་ནས་བཀོད་གཏོང་དང་། སྔ་མོ་ནས་བཟོ་བ། སྔོན་མོ་ནས་ལག་ཏུ་སྤྲོད་ཐུབ་པ་བཅས་བྱས་ཡོད།

ལག་ཁྱེར་དགོས་མཁོ་བྲེལ་ཆ་ཆེ་བའི་རྒྱུགས་སྤྲོད་སློབ་མས་མངགས་གཏོང་ཁང་དང་ལག་ཁྱེར་སྒྲིག་བཟོ་ལྟེ་གནས་སུ་འདྲི་རྩད་བརྒྱུད་ཁ་ཆད་བྱས་རྗེས(ཁ་ཆད་ཁ་པར། 0971-8292139དང0971-8292131ཡིན)རྒྱུགས་སྤྲོད་སློབ་མ་རང་ཉིད་དམ་ཡང་ན་མི་གཞན་ལ་མངགས་བཅོལ་བྱས་ནས་ཐོབ་ཐང་ལག་ཁྱེར་ལེན་བྱེད་ཀྱི་དཔང་ཡིག་ཁྱེར་ནས་ཞིང་ཆེན་སྤྱི་བདེ་ཐིང་ཡུལ་མིའི་ཐོབ་ཐང་ལག་ཁྱེར་སྒྲིག་བཟོ་ལྟེ་གནས(ས་གནས་ཟི་ལིང་གྲོང་ཁྱེར་མཁར་དཀྱིལ་ཁུལ་རིག་གནས་ཁྲོམ་གཞུང་ཨང22པ)སུ་སྐྱོད་དེ་ཐད་ཀར་ཐོབ་ཐང་ལག་ཁྱེར་བླངས་ཆོག ས་གནས་སོ་སོའི་སྤྱི་བདེ་ལས་ཁུངས་ཀྱིས་རྒྱུགས་སྤྲོད་སློབ་མའི་གྲངས་འབོར་དང་ཁྱབ་ཚུལ་ལྟར་འབྲིང་རྒྱུགས་དང་མཐོ་རྒྱུགས་ལེན་པའི་རིང་གནས་སྐབས་ཐོབ་ཐང་དཔང་ཡིག་གི་ཞབས་ཞུའི་ས་ཚིགས་ཚན་རིག་དང་མཐུན་པར་བཀོད་སྒྲིག་བརྒྱབ་ནས། ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་པར་རྒྱབ་སྐྱོར་ནུས་ལྡན་བྱ་རྒྱུ་རེད།

མཚོ་སྔོན་སྤྱི་བདེ་ཡིས་རྒྱ་ཆེའི་རྒྱུགས་སྤྲོད་སློབ་མ་རྣམས་ལ། འབྲིང་རྒྱུགས་དང་མཐོ་རྒྱུགས་བསླེབ་ལ་ཉེ་བའི་ཆར། ཐོབ་ཐང་ལག་ཁྱེར་བོར་བརླག་བྱུང་ཡོད་མེད་དམ་ཡང་ན་དུས་ཚོད་ཡོལ་ཡོད་མེད་ལ་སྔོན་ནས་ཞིབ་བཤེར་བྱེད་དགོས་པ་དང་འབྲེལ་དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་སུ་བསྐྱོད་དེ་འགྲོ་ལུགས་གཉེར་དགོས་པ་དང་། སྤྱི་བདེ་ལས་ཁུངས་ཀྱིས་རྒྱུགས་སྤྲོད་སློབ་མར་ལག་ཁྱེར་སྒྲུབ་པའི་ཞབས་ཞུ་སྟབས་བདེ་མཁོ་འདོན་བྱེད་དགོས་ཞེས་གསལ་འདེབས་བྱས།


མཉམ་སྤྱོད།