དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་སྤྱི་བདེ་ཅུ་ཡིས་དུག་འགོག་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ།

2024-05-09 17:09:07   |   261

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མངའ་ཁུལ་གྱི་མང་ཚོགས་ཀྱི་དུག་འགོག་འདུ་ཤེས་མཐོར་འདེགས་སུ་གཏོང་བ་དང་དུག་འགོག་མཐའ་ཐིག་བརྟན་སྲུང་བྱེད་པ། སྤྱི་ཚོགས་ཀྱི་དར་སྲོལ་གཙང་བསྒྱུར་བཅས་བྱས་ཏེ། མངའ་ཁུལ་གྱི་མང་ཚོགས་ལ་དུག་འགོག་ཁོར་ཡུག་བཟང་བོ་ཞིག་བསྐྲུན་ཆེད། ཉེ་ཆར། མཚོ་བྱང་ཁུལ་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སྤྱི་བདེ་ཅུའི་དུག་འགོག་རུ་ཆེན་གྱིས་མངའ་ཁུལ་དུ “ ཚེ་སྲོག་ལ་གཅེས་སྤྲས། དུག་རྫས་དང་རྒྱང་བཀྱེད།”ཅེས་པའི་བརྗོད་དོན་བྱས་པའི་དུག་འགོག་དྲིལ་སྒྲོག་སློབ་གསོའི་བྱེད་སྒོ་སྤེལ། 

བྱེད་སྒོ་ཁྲོད། མི་དམངས་ཉེན་རྟོག་པས་ཟུར་ངོས་མི་འདྲ་བ་དང་རིམ་པ་མི་འདྲ་བའི་ཐོག་ནས་མང་ཚོགས་ལ་ཁྲིམས་འགལ་གྱིས་དུག་རྫས་སྐྱེ་དངོས་འདེབས་འཛུགས་བྱེད་པའི་ཁྲིམས་འགལ་རང་བཞིན་དང་དུག་རྫས་ཀྱི་གནོད་འཚེ་རང་བཞིན་དང་། དུག་རྫས་འཐེན་ན་ཁྱིམ་ཚང་དང་སྤྱི་ཚོགས་ལ་གནོད་སྐྱོན་ཚབས་ཆེན་ཐེབས་པ། དུག་རྫས་བཟོ་ཚོང་བྱེད་མཁན་གྱིས་བཅའ་ཁྲིམས་ཀྱི་འགན་འཁྲི་འཁུར་དགོས་པ་བཅས་དྲིལ་སྒྲོག་བྱས་ཏེ། མང་ཚོགས་ཀྱི་དུག་འགོག་གི་ཤེས་བྱ་དང་དུག་རྫས་དང་དུ་མི་ལེན་པ། དུག་འགོག་གི་འདུ་ཤེས་དང་ནུས་པ་མཐོར་འདེགས་སུ་བཏང་བ་མ་ཟད། མང་ཚོགས་ཀྱིས་དུག་རྫས་སྐྱེ་དངོས་འདེབས་འཛུགས་བྱེད་པའི་ཁྲིམས་འགལ་གྱི་བྱ་སྤྱོད་ལ་ཐེར་འདོན་བྱེད་པ་དང་།  གལ་ཏེ་ཁྲིམས་འགལ་གྱིས་རྒྱ་མེན་འདེབས་འཛུགས་བྱས་ཡོད་ཚེ། དུས་ཐོག་ཏུ་སྤྱི་བདེ་ལས་ཁུངས་ལ་སྙན་ཞུ་དབུལ་དགོས་པའི་སྐུལ་མ་བཏང་། དེ་དང་ཆབས་ཅིག་ཏུ། གློག་འཕྲིན་དྲ་བའི་མགོ་སྐོར་སྔོན་འགོག་དང་རྒན་གསོའི་མགོ་སྐོར་སྔོན་འགོག མེ་མདའ་འཛིན་བཟུང་དང་འབར་གས་བཅོས་སྐྱོང་སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་གཉིས་ལྷན་དུ་དྲིལ་སྒྲོག་དང་སྒྲོལ་འགྲེལ་བྱས་ཏེ། མང་ཚོགས་ཀྱི་སྔོན་འགོག་གི་འདུ་ཤེས་དང་ཁྲིམས་སྐྱོང་གི་འདུ་ཤེས་སྔར་ལས་ཇེ་དྲག་ཏུ་བཏང་།

ཐེངས་འདིའི་བྱེད་སྒོ་ཁྲོད། དུག་འགོག་དྲིལ་སྒྲོག་དེབ130ལྷག་ཙམ་བྱིན་ནས་མང་ཚོགས170ལྷག་ཙམ་ལ་སློབ་གསོ་ཐོབ།  ཐེངས་འདིའི་བྱེད་སྒོ་བརྒྱུད་དེ་མངའ་ཁུལ་གྱི་མང་ཚོགས་ཀྱིས་དུག་རྫས་ཀྱི་གནོད་འཚེའི་ཐད་དུ་ངོས་འཛིན་གང་ལེགས་བྱུང་བ་མ་ཟད་མང་ཚོགས་ཀྱིས་དུག་རྫས་བཀག་འགོག་གི་ནུས་པ་མཐོར་འདེགས་སུ་བཏང་ཞིང་། མངའ་ཁུལ་དུ་ཐུན་མོང་གིས་དུག་རྫས་སྔོན་འགོག་དང་དུག་རྫས་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཁོར་ཡུག་བཟང་བོ་ཞིག་ཆགས་པར་བྱས།


མཉམ་སྤྱོད།