དེ་རིང་ནི2024ལོའི་ཟླ11པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་དང་ཁུལ་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་འཚོགས་པ།

2024-05-11 10:43:43   |   163

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས10ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་གཙོ་སྐྱོང་གནང་ནས་ཁུལ་ཨུའི་ཧྲུའུ་ཅིའི་ཆེད་དོན་ཚོགས་འདུ་དང་ཁུལ་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་ཆེད་དོན་བྱ་བའི་ལམ་སྲོལ་ཚོགས་འདུ་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུའི་སྐོར་གྱི་མཛུབ་སྟོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་པ་དང་། ཁྱོན་ཡོངས་ནས་ཀྲུང་དབྱང་རིམ་པས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་ལམ་སྲོལ་ཚོགས་འདུའི་བཀོད་སྒྲིག་དང་ཞིང་ཆེན་ཏང་ཨུའི་བྱ་བའི་བཀོད་སྒྲིག་དོན་འཁྱོལ་བྱས་ཏེ་མཚོ་བྱང་དུ་གནས་པའི་མངོན་གསལ་དོད་པའི་གནད་དོན་འཚོལ་ཞིབ་གཏིང་ཟབ་བྱས་ནས་ཁ་གཏད་གཅོག་ཐབས་ཁ་གསལ་བཟོས་པ་དང། ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བླང་བྱ་སོ་སོ་དོན་ཐོག་ཏུ་འཁྱོལ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་།   

1.jpg

ཚོགས་འདུའི་ཐོག་བསྟན་དོན། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ནས་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་རྒྱུ་ནི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་བཀོད་སྒྲིག་དང་སྐུ་དངོས་སུ་སྐུལ་སྤེལ་གཏོང་བའི་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་རེད། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཛུབ་སྟོན་གལ་ཆེན་ཐེངས་མང་གནང་བ་དང་།  ཉེ་སྔོན་ཧུའུ་ནན་དང་ཁྲུང་ཆིང་དུ་རྟོག་ཞིབ་གནང་སྐབས་ཀྱང་བླང་བྱ་གསལ་པོ་བཏོན་པས། ང་ཚོས་བྱ་བ་ལེགས་པར་བསྒྲུབ་རྒྱུར་ཚན་རིག་དང་མཐུན་པའི་མཛུབ་སྟོན་དང་རྩ་བའི་བརྩི་སྲུང་འདོན་སྤྲོད་བྱས་ཡོད། ཁུལ་ཡོངས་ཀྱི་ས་གནས་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་ནན་ཏན་བྱས་ཏེ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་གོ་བ་གཏིང་ཟབ་ལེན་པ། དོན་དངོས་དང་ཟུང་འབྲེལ་བྱེད་པ། དོན་འཁྱོལ་དམ་འཛིན་ཡག་པོ་བཅས་བྱས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ“བཅས་ཀྱི་བྱ་སྤྱོད་དངོས་ལ་བརྟེན་ནས“གཏན་འཁེལ་གཉིས”ལ་བརྩི་སྲུང་བརྟན་པོ་བྱེད་པ་དང“སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་སྒྲུབ་པ་བྱེད་དགོས་ཟེར།    

2.jpg

ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། ཁུལ་རིམ་པའི་ཕྱི་ཚུལ་རིང་ལུགས་ཀྱི་མངོན་གསལ་དོད་པའི་གནད་དོན་ཁྱོན་ཡོངས་ནས་གྲལ་བཤེར་བྱེད་དགོས་ཏེ།  བརྗོད་དོན་སློབ་གསོའི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་གཏོང་བ་དང་ཏང་གི་སྒྲིག་ཁྲིམས་སློབ་སྦྱོང་སློབ་གསོ་སྤེལ་བ་ཟུང་འབྲེལ་དམ་ཟབ་བྱས་ཏེ་ཞིང་ཆེན་ཏང་ཨུས་བཏོན་པའི་ཕྱོགས11གི་མངོན་གསལ་དོད་པའི་གནད་དོན་དང་ཞིང་ཆེན་ཏང་ཨུས་ཁྱབ་བརྡ་བཏང་བའི་དཔེ་མཚོན་གྱོད་དཔེ་དང་ཞིབ་བསྡུར་ནན་ཏན་བྱས་ཏེ་ཟུར་བསྟན་ལེབ་མཐོང་དང་རང་བཤེར་རང་བཅོས། བཅོས་སྒྲིག་ཏན་ཏིག་བཅས་བྱས་ནས“མཛུབ་རྩེ་ཐོག་གི་ཕྱི་ཚུལ་རིང་ལུགས”དང་ཚོགས་འདུ་དང་ཡིག་ཆ་རྫོགས་དུས་མེད་པ། ལྟ་སྐུལ་ཞིབ་བཤེར་དང་བརྟག་ཞིབ་ཀྱིས་བཀང་བ། ཚད་བརྒལ་གནད་དོན་འཇོག་པ། འཁྲི་འགན་རིམ་སྣོན་སོགས་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་བྱེད་དགོས། ཕྱི་ཚུལ་རིང་ལུགས་ཀྱི་གནད་དོན་ཐག་གཅོད་བྱེད་པའི་ལམ་ལུགས་དང་ལམ་སྲོལ་འཛུགས་པ་འཐུས་ཚང་དུ་གཏོང་དགོས་ཏེ། ལྟ་སྐུལ་ཞིབ་བཤེར་རྒྱུགས་ལེན་གྱི་ལོ་འཁོར་མོའི་འཆར་གཞི་དང་ཞིབ་མཆན་ཐོ་འགོད་སྙན་སེང་ཞུ་བའི་ལམ་ལུགས་ལག་བསྟར་ནན་མོ་བྱེད་པ་དང་ཚོགས་འདུའི་གཅིག་གྱུར་འཆར་འགོད་ལམ་ལུགས་འཛུགས་པ། ཡིག་ཆའི་སྔོན་འགྲོའི་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཚན་རིག་དང་མཐུན་པའི་དཔྱད་ཞིབ་མ་ལག་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། མང་ཚོགས་ཀྱི་ཞུ་གཏུག་དང་ཐེར་འདོན་གོང་ཞུའི་ཐབས་ལམ་ཤར་བགྲོད་ཐུབ་པ། གནད་དོན་གྱི་གསལ་ཐོ་འགུལ་རྣམ་གསར་སྒྱུར། བཅོས་སྒྲིག་གི་ཟུར་བཙུགས་རྩིས་ཁྲ་བཟོ་བ། བཅོས་སྒྲིག་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་སྟེ"དོན་དངོས་སྒྲུབ་པར་མཐོང་ཆེན་དང་གྲུབ་འབྲས་དངོས་ལ་མཐོང་ཆེན། ཕན་འབྲས་དངོས་ལ་མཐོང་ཆེན"བཅས་བྱེད་པའི་རྣམ་པ་ཤུགས་ཆེན་བསྐྲུན་དགོས།  རིམ་པ་སོ་སོའི་ཏང་ཨུའི(ཏང་ཙུའུ)འགན་ཁུར་གཙོ་བོ་དམ་འཛིན་ནན་མོ་བྱེད་དགོས་ཏེ། གོང་གིས་འོག་ལ་སྣེ་ཁྲིད་དང་དཔེ་སྟོན་སྣེ་ཁྲིད་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ་རྒྱུན་རྣམ་ཅན་གྱི་བྱ་བའི་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། གནད་དོན་གྱི་ཁུངས་སྣེ་ཤེས་རྟོགས་བྱ་རྒྱུར་དམ་འཛིན་ཡག་པོ་བྱེད་པ་དང་དཔེ་མཚོན་གྱོད་དཔེ་ཁྱབ་བརྡ་བཏང་ནས་གཙོ་གནད་ལས་རིགས་དང་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གནད་དོན་ཐག་གཅོད་བྱ་རྒྱུར་ཤུགས་བསྣན་ཏེ་བཅོས་ཐབས་དཀའ་བའི་གནད་དོན་མཐའ་གཅིག་ཏུ་བཅོས་སྐྱོང་བྱས་ནས་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་བྱས་ཏེ་ལས་སྒྲུབ་ལས་གཏོད་བྱེད་དགོས་པའི་སྐུལ་ལྕག་བྱེད་དགོས། ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱེད་པའི་བྱ་བའི་མཉམ་ཤུགས་ཏན་ཏིག་ངང་གཅིག་ཏུ་སྒྲིལ་དགོས་ཏེ། རིམ་པ་སོ་སོའི་ཆེད་དོན་བྱ་བའི་ལམ་སྲོལ་དང་དེ་བཞིན་གཞུང་ལས་ཁང་གིས་སྣེ་ཁྲིད་དེ་སྤྱི་ཡོངས་དམ་འཛིན་དང་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བའི་བྱ་བའི་བྱ་ཐབས་རེ་རེ་བཞིན་དོན་ཐོག་ཏུ་འཁྱོལ་རྒྱུར་སྐུལ་འདེད་གཏོང་དགོས་པ་དང་། ཁུལ་ཐད་གཏོགས་ལས་ཁུངས་དང་ཁོངས་མིའི་ཚན་པ་སོ་སོས་འབྲེལ་གཏུག་བྱེད་ཤུགས་ཆེ་རུ་གཏོང་བ་དང་གཞོགས་འདེགས་དམ་ཟབ་བྱས་ཏེ་མཉམ་འཛིན་མཉམ་གཉེར་གྱི་བྱ་བའི་མཉམ་ཤུགས་སྔར་ལས་ཆགས་པར་བྱས་ནས་ཕྱི་ཚུལ་རིང་ལུགས་བཅོས་སྒྲིག་བྱས་ཏེ་གཞི་རིམ་གྱི་ཁུར་པོ་ཡང་དུ་གཏོང་བར་ཐུན་མོང་ཐོག་སྐུལ་འདེད་གཏོང་དགོས་ཟེར།

3.jpg

ཁུལ་གྱི་མགོ་ཁྲིད་དབྱང་ཧའེ་ལུང་དང་། པད་རྒྱལ་བཀྲ་ཤིས།  ཧྲི་ཧུང་ཀྲན། ཝང་ཡུང་ཁྲང་། སངས་འབུམ། ཚོ་ཅི་ཆང་བཅས་དང་། རྫོང་བཞིའི་འགན་འཁུར་བློ་མཐུན་གཙོ་བོ། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་འབྲེལ་ཡོད་དྲུང་ཡིག་ཆེན་མོ་གཞོན་པ་སོ་སོ། ཁུལ་ཆེད་དོན་བྱ་བའི་ལམ་སྲོལ་གྱི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་ཚོགས་འདུར་ཞུགས།


མཉམ་སྤྱོད།