དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-13 07:42:59   |   2660

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ད་ལོར་ནོར་སྲིད་པུ་དང་ཆུ་བེད་པུ་ཡིས་ཀྲུང་དབྱང་ནོར་སྲིད་ཀྱི་གྲོང་གསེབ་ཀྱི་ཆུ་མཁོ་འདོན་ཉམས་གསོའི་ཁ་གསབ་མ་དངུལ་སྒོར་དུང་ཕྱུར40འོག་རིམ་དུ་སྤྲད་ཅིང་། སྒོར་དུང་ཕྱུར30རྫོང་ཁོངས་ཀྱི་ཆུ་འདྲེན་ལས་གྲྭ་ཆུང་གྲས60འཛུགས་སྐྲུན་བྱ་རྒྱུའི་ཐད་སྤྱོད་རྒྱུའི་བཀོད་སྒྲིག་བྱས།

  • ཀྲུང་གོ་མི་དམངས་དངུལ་ཁང་གིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་བཞི་པའི་ཟླ་མཇུག་བར་རང་རྒྱལ་གྱི་སྤྱི་ཚོགས་མ་དངུལ་བསྡུ་སྒྲིལ་གཞི་ཁྱོན་སྒོར་དུང་ཕྱུར་ཁྲི389.93ཟིན། དུས་མཚུངས་ལས8.3%འཕར་ཡོད།

  • མིག་སྔར་བྱང་ཤར་ས་ཁུལ་དུ་དཔྱིད་འདེབས་ཀྱི་མྱུར་ཚད་ཕྱེད་ཀ་ལྷག་ཙམ་ཟིན་པ་དང་། དཔྱིད་འདེབས་ཀྱི་མ་རྨོས་ལོ་ཏོག་དང་། དཔྱིད་ཀྱི་སྲན་ཆེན། བར་སྨིན་འབྲས་བཅས་ཀྱི་མྱུར་ཚད་ཚང་མ་ལོ་གོང་མའི་དུས་མཚུངས་ལས་མགྱོགས།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ལོ་མཇུག་བར་རྒྱལ་ཡོངས་སུ་ཐོ་འགོད་བྱས་པའི་སྨན་གཡོག་ཁྱོན་ཁྲི563ཡོད་ཅིང་། ཆེད་ཚན་སློབ་ཆེན་ཡན་གྱི་ཡོན་ཚད་ལྡན་པའི་སྨན་གཡོག80%ལས་བརྒལ་ཡོད།

  • ཀྲུང་གོ་རྡོ་སོལ་བཟོ་ལས་མཐུན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རྒྱལ་ཡོངས་ཀྱི་བསྐྱར་སྐྱེས་ནུས་རྒྱུའི་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར6875ཟིན་ཞིང་དེས་གློག་གཏོང་ཚད་ཡོངས་ཀྱི30.7%བཟུང་ཡོད།

    1.jpg

  • ཚེས12ཉིན་གྱི་ཆུ་ཚོད7:43སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་ཨང་བཞི་པ་རྟགས་ཅན་གྱི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ་ཚོད་ལྟའི་སྲུང་སྐར་ཨང་ཉེར་གསུམ་པ་མཁའ་དབྱིངས་སུ་འཕངས་པ་དང་། སྲུང་སྐར་དེ་སྔོན་ནས་གཏན་འཁེལ་བྱས་པའི་འཁོར་ལམ་དུ་བདེ་བླག་ངང་བསྐྱོད་ཅིང་འཕེན་གཏོང་ལས་འགན་ལེགས་འགྲུབ་བྱུང་།

  • ཚེས11ཉིན། དུས་ཡུན་ལོ་བཅུ་ཙམ་ལ་འཛུགས་སྐྲུན་བྱས་པའི་སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་གྱི་ལམ་ཐིག་ཧྲིལ་པོའི་གནད་འགག་རང་བཞིན་གྱི་ལས་གྲྭ་སྟེ། ཏེ་ཧྲེང་ཕུག་ལམ་བདེ་བླག་ངང་བརྟོལ་ཐུབ་སོང་། སི་ཁྲོན་ནས་མཚོ་སྔོན་བར་གྱི་ལྕགས་ལམ་ལས་ཁྲེང་ཏུའུ་ནས་རྨ་ལྷོའི་ལམ་དུམ་སྔོན་དཔག་བྱས་ན་ལོ་འདིའི་ནང་ཤར་གཏོང་ཐུབ་རྒྱུ་རེད། དེ་ཡིས་སི་ཁྲོན་ནས་ནུབ་བྱང་ས་ཁུལ་དུ་ལྕགས་ལམ་མེད་པའི་ལོ་རྒྱུས་རྦད་དེ་མཇུག་འགྲིལ་རྒྱུ་རེད།

  • ས་གནས་དེ་གའི་ཚེས12ཉིན་ཅ་ཧྲ་ས་ཁུལ་གྱི་འཕྲོད་བསྟེན་སྡེ་ཚན་གྱིས་དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་དུ་རྒྱུན་མཐུད་འཇབ་རྒོལ་བྱས་པས་ཕ་ལེ་སི་ཐན་གྱི་མི་ཁྲི3.5ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་ཅེས་བཤད།

    སྤྱི་ཚོགས།

2.gif

  • དེ་རིང་དང་སང་ཉིན་བར། པེ་ཅིང་དང་། ཧོ་པེ། ཐེན་ཅིན། ཧྲན་ཞི། ཧྲའན་ཞི་སོགས་ས་ཁུལ་ཁག་གཅིག་གི་དྲོད་ཚད་མཐོ་ཤོས་སྔོན་དཔག་བྱས་ན་ཏུའུ30ལས་བརྒལ་རྒྱུ་རེད།

  • ལེའོ་ཉིང་ཧྲེན་དབྱང་གིས་སྐར་བསགས་གཞིས་ཆགས་མི་གྲངས་ཀྱི་ཚོད་འཛིན་མེད་པར་བཟོས་པ་དང་། ཧྲེན་དུ་ལས་ཀ་བྱེད་པ་དང་སློབ་ཞུགས་བྱས་ཚེ་གཞིས་ཆགས་ཆོག་པའི་བརྡ་ཐོ་བཏང་།

3.jpg

  • ཚེས12ཉིན་བར་དུ་ད་ལོའི་ནུབ་རྒྱུད་ཀྱི་སྐམ་ས་དང་མཚོ་ཐོག་བགྲོད་ལམ་གསར་པའི་ལྕགས་ལམ་དང་མཚོ་ཐོག་མཉམ་འབྲེལ་སྐྱེལ་འདྲེན་གྱི་དུས་གཏན་མེ་འཁོར་གྱི་དོས་སྒམ་དངོས་ཟོག་སྒམ་ཁྲི30ལས་བརྒལ་ཞིང་དོས་སྒམ་ཁྲི30.3གྱི་དམིགས་ཚད་ལ་སླེབས།

  • ཀྲུང་གོའི་ཚོ་འབུད་པ་སྔོན་འགོག་ཚོད་འཛིན་བྱེད་པའི་ཚན་རིག་ཚོགས་ཆེན་སྐབས་བཅུ་པའི་ཐོག་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། མིག་སྔར་ལོ6ནས17བར་གྱི་གཞོན་ནུ་ལོ་ཆུང་ལས19%དང་། ལོ6མན་གྱི་བྱིས་པ་ལས10.4%ལྗིད་ཚད་ལས་བརྒལ་ཏེ་ཚོན་པོ་ཆགས་ཡོད།

4.jpg

  • ཧྲའན་ཞི་ཞིང་ཆེན་ནགས་ལས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཁྲང་ཆིང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་གྱི་ཕྱི་རོལ་དུ་བཙུགས་པའི་དམར་ཕྱིའི་པར་ཆས་ཀྱིས་ཐག་ཉེ་ས་ནས་རྫ་མདོག་གི་དོམ་ཁྲ་ཞིག་པར་བླངས་འདུག

5.png

  • ཀུའེ་ཀྲོའུ་ཧྥོ་ཏིང་རི་བོའི་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་ཉེ་ཆར་རྒྱལ་ཁབ་ཀྱི་རིམ་པ་གཉིས་པའི་སྲུང་སྐྱོང་རི་སྐྱེས་རྩི་ཤིང་དང་ཉེན་ཁ་ཧ་ཅང་ཆེ་བའི་རྩི་ཤིང་གི་རིགས་ཏེ“ལོ་གསལ་རྒྱ་སེ”ཐོག་མར་ཤེས་རྟོགས་བྱུང་།

6.gif

  • ཧོ་ནན་ཅོ་ཙུའོ་སློབ་ཆེན་གྱི་སློབ་མ་ལིའུ་ཧའོ་ཡིས་མཚན་ཁྲོམ་དུ་ལས་ཀ་བྱེད་སྐབས། སྐུ་མགྲོན་ཞིག་གིས་འཁོན་འཛིང་བྱས་ཏེ་ཐབ་ཚང་ནས་ཚལ་གྲི་འཕྲོག་པ་མཐོང་བས། ལིའུ་ཧའོ་རྒྱུག་ཡོང་ནས་འཕྲལ་དུ་གྲི་བླངས། མིག་སྔར་ཉེན་རྟོག་པས་ལིའུ་ཧའོ་ལ་བདེན་སྲུང་དཔའ་བོའི་མཚན་སྙན་རེ་ཞུ་བྱས།

    སྲིད་ཇུས།

  • ཧུའུ་ནན་གྱིས་མྱུར་བགྲོད་གཞུང་ལམ་གྱིས་དགོས་མཁོ་མེད་པར་མྱུར་ཚད་མི་འཇལ་བ་དང་། རླངས་འཁོར་ཆུང་གྲས་ཀྱི་མྱུར་ཚད་བརྒལ་བ10%མན་ཅན་ལ་དངུལ་ཆད་མི་གཅོད་རྒྱུ་ཁ་གསལ་བཏོན།

  • ཅང་སུའུ་ཡི་རིམ་པ་གཉིས་པ་ཡན་གྱི་གཞུང་བཙུགས་སྨན་ཁང་གི་སྤྱིར་བཏང་སྒོ་བསྟེན་སྨན་ཁང་གིས“ཐེངས་གཅིག་ལ་ཨང་ཐོ་བཀོད་པ་ཉིན་གསུམ་ལ་སྤྱད་ཆོག་པ”ལག་བསྟར་བྱ་རྒྱུ་ཡིན་པ་དང་། ནད་པས་ཉིན་དེར་བརྟག་དཔྱད་བྱས་མ་ཚར་ན་ཉིན་གསུམ་གྱི་ནང་ཚན་དུ་ཚན་ཁག་གཅིག་མཚུངས་སུ་བསྐྱར་དུ་སྨན་བཅོས་བྱེད་པར་སླར་ཡང་ཨང་ཐོ་འགོད་མི་དགོས།

  • ཧྲེན་ཀྲེན་གྱིས་བརྡ་ཐོ་བཏང་བ་སྟེ། གྲོང་མིས་གནས་སྡོད་ལག་ཁྱེར་བཟུང་ནས་ནུས་རྒྱུ་གསར་པའི་རླངས་འཁོར་ཆུང་གྲས་ཀྱི་གྲངས་འཕར་དམིགས་ཚད་རེ་ཞུ་བྱེད་ཆོག

    དེ་རིང་གི་གནམ་གཤིས།

7.jpg

  • ཧེ་ལུང་ཅང་གི་ནུབ་བྱང་རྒྱུད་དང་། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཡུན་ནན་གྱི་ཤར་ལྷོའི་རྒྱུད། ཀོང་ཏུང་གི་ལྷོ་ནུབ་རྒྱུད་ཀྱི་མཚོ་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་རྒྱུ་ཡིན་པ་དང་། དེའི་ནང་ཡུན་ནན་གྱི་ཤར་ལྷོའི་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་རྒྱུ་རེད། བོད་ལྗོངས་ཤར་རྒྱུད་ཀྱི་ས་བབ་མཐོ་བའི་ས་ཁུལ་དུ་ཁངས་ཆར་འདྲེས་མ་འབབ་རྒྱུ་རེད།


མཉམ་སྤྱོད།