དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་ལུས་རྩལ་པ་གཡང་མོ་མཚོས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས།

2024-05-13 08:55:20   |   872

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


微信图片_20240513094357.jpg

微信图片_20240513094404.jpg

ཟླ5པའི་ཚེས8ཉིན་ནས12ཉིན་བར། མ་ལེ་ཞི་ཡར་སྤེལ་བའི2024ཨེ་ཤེ་ཡའི་རི་སྒང་ལྕགས་རྟའི་གཟེངས་རྟགས་འགྲན་སྡུར་དང་ཨེ་ཤེ་ཡའི་རི་སྒང་ལྕགས་རྟའི་ན་གཞོན་གཟེངས་རྟགས་འགྲན་སྡུར་གྱིU23ཚོགས་ཆུང་དང་། ན་གཞོན་ཚོགས་ཆུང་གི་ཨོ་ལིམ་ཕིག་བྱེས་བགྲོད་འགྲན་སྡུར་ཐོག མཚོ་བྱང་གི་རི་སྒང་ལྕགས་རྟ་ལུས་རྩལ་པ་གཡང་མོ་མཚོས་ཨང་གསུམ་པ་བླངས་ཤིང་། དེ་ནི་གཡང་མོ་མཚོས་ན་ནིང་འགྲན་སྡུར་དེའི་ནང་བུད་མེད་དར་མའི་འགྲན་སྡུར་ཁྲོད་དངུལ་གྱི་རྟགས་མ་བླངས་པ་དང་བུད་མེད་དར་མའི་བྱེས་བགྲོད་འགྲན་སྡུར་ཁྲོད་ཨང་བཞི་པ་བླངས་རྗེས་མཚོ་སྔོན་གྱི་ཚབ་བྱས་ཏེ་འགྲན་སྡུར་ལ་ཞུགས་ནས་གཟི་བརྗིད་མཚན་སྙན་བླངས་པ་རེད།


མཉམ་སྤྱོད།