དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་པ། ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་།

2024-05-13 09:17:18   |   329

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།   བཤེར་འབེབས།   རིན་ཆེན་ཚེ་རིང།


ཉེ་ཆར། ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་འཚོགས་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཤིང་། ཞིང་ཆེན་ཏང་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚང་འཛོམས་གྲོས་ཚོགས་ཀྱི་བཀོད་སྒྲིག་བླང་བྱ་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཏེ2023ལོའི་ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བར་ཕྱོགས་སྡོམ་དང་། གཙོ་གནད་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཧྲི་ཧུང་ཀྲན་ཚོགས་འདུར་ཕེབས། ཁུལ་ཨུའི་རྒྱུན་ཨུའམ་རྩ་འཛུགས་པུའི་པུ་ཀྲང་། ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་སི་ཅི་ཧྲིན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་།

1 [原始大小].jpg 

ཤ་བོ་སྐྱབས་ཀྱིས་བསྟན་དོན། ན་ནིང་ནས་བཟུང་ཁུལ་ཡོངས་ཀྱིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བ་ཡག་པོར་བསྒྲུབ་རྒྱུའི་སྐོར་གྱི་དགོངས་པ་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ“ལས་བྱེད་པས་བྱ་བ་སྒྲུབ་པ་དང་བསམ་ཕྱོགས་གསལ་བ། རང་གཅུན་ནན་མོ་བྱེད་པ”བཅས་ཀྱི་བླང་བྱ་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ་ཤེས་ལྡན་མི་སྣའི་སྟོབས་ལྡན་ཁུལ་ཁྱབ་སྤེལ་གཏོང་བའི་འཐབ་ཇུས་ལ་སྐུལ་འདེད་ཏན་ཏིག་བཏང་ཞིང་། ཤེས་ལྡན་མི་སྣ་འཕེལ་རྒྱས་གཏོང་བར་ལེགས་ཆ་གསར་པ་གཏོད་པ་དང་རིག་སྟོབས་ཀྱིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པར་སྒུལ་ཤུགས་གསར་པ་གཅིག་སྡུད་བྱེད་པ། ཤེས་ལྡན་མི་སྣར་དགའ་ཞེན་དང་བརྩི་བཀུར་བྱེད་པའི་རིམ་པ་མཐོ་རུ་བཏང་སྟེ་ཁུལ་ཡོངས་ཀྱི་ཤེས་ལྡན་མི་སྣའི་བྱ་བར་བཀྲག་མདངས་འཚེར་ས་གསར་པ་མངོན་པ་དང་གྲུབ་འབྲས་གསར་པ་ཐོབ་ཡོད་ཟེར།

2 [原始大小].jpg

ཤ་བོ་སྐྱབས་ཀྱིས་ནན་གྱིས་བསྟན་དོན། རིམ་པ་སོ་སོའི་ཏང་རྩ་འཛུགས་ཀྱིས་ཀྲུང་དབྱང་དང་ཞིང་ཆེན་ཏང་ཨུའི་དུས་རབས་གསར་པའི་ཤེས་ལྡན་མི་སྣའི་བྱ་བའི་ཐད་བཏོན་པའི་བཀོད་སྒྲིག་བླང་བྱ་སློབ་སྦྱོང་དང་ལག་ལེན་མཐར་ཕྱིན་ནན་ཏན་བྱས་ཏེ། སྙོམ་སྒྲིག་བྱེད་ཚད་མཐོ་བའི་ཤེས་ལྡན་མི་སྣའི་མཁོ་སྤྲོད་ཇེ་ལེགས་སུ་གཏོང་བ་དང་། དངུལ་གྱི་འདུས་ཚད་མཐོ་བའི་སྲིད་ཇུས་དང་བྱེད་ཐབས་འདོན་པ། ཡིད་དབང་འགུག་ཤུགས་ཆེ་བའི་ཤེས་ལྡན་མི་སྣའི་སྐྱེ་ཁམས་འཛུགས་པ། ཐོབ་སྣང་ཆེ་བའི་རྩ་འཛུགས་འགན་ལེན་བྱེད་ཤུགས་ཆེ་རུ་གཏོང་དགོས་ཏེ། ཤེས་ལྡན་མི་སྣའི་བྱ་བའི་འདུ་ཤེས་གསར་པ་དང་འཐབ་ཇུས་གསར་པ། བྱེད་ཐབས་གསར་པ་ཕྱོགས་ཡོངས་ནས་ལག་ལེན་མཐར་ཕྱིན་བྱེད་དགོས། འཐབ་ཇུས་ཀྱི་མིག་རྒྱང་ཐོག་ནས་ཤེས་ལྡན་མི་སྣའི་བྱ་གཞག་ཇུས་འགོད་དང་སྐྱེ་ཁམས་དཔལ་ཡོན་གྱི་བཙན་ས། སྙིང་སྟོབས་ཀྱི་བཙན་ས་གཏོད་རྒྱུར་དམིགས་པ།  “ཞིང་ཆེན་ཡོངས་ཀྱི་མདུན་གྲལ་དུ་བསྐྱོད་པ་གསུམ”གྱི་བླང་བྱར་དམིགས་པ།  “243”འཕེལ་རྒྱས་ཀྱི་བཀོད་སྒྲིག་འཛུགས་པ་དང“མཚོ་བྱང་ལྔ”འཛུགས་སྐྲུན་བྱེད་པའི་དམིགས་ཚད་ལ་དམིགས་ནས། སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་གསར་པ་གསར་སྐྲུན་བྱེད་ཐུབ་པའི་འཐབ་ཇུས་ཤེས་ལྡན་མི་སྣ་དང་སྤུས་ཚད་གསར་པའི་ཐོན་སྐྱེད་རྒྱུ་ཆ་བྱང་ཆུབ་པའི་ཉེར་སྤྱོད་ཅན་གྱི་ཤེས་ལྡན་མི་སྣ་མགྱོགས་མྱུར་གསོ་སྐྱོང་བྱས་ཏེ། མཚོ་བྱང་གི་ཁྱད་ཆོས་ལྡན་པའི་ཤེས་ལྡན་མི་སྣའི་བཙན་ས་གཏོད་དགོས། ཐབས་ཇུས་གནད་ལ་འཁེལ་བའི་སྒོ་ནས་ཤེས་ལྡན་མི་སྣའི་བྱ་བ་དམ་འཛིན་ཡག་པོ་བྱས་ཏེ་ཐབས་ལམ་ཐོག་བེད་སྤྱོད་ཡག་པོ་དང་དོ་དམ་ཡག་པོ་ཡོང་བར་བྱེད་དགོས། བསམ་ཕྱོགས་ཐོག་མཚོ་བྱང་གི་ཁྱད་ཆོས་མཚོན་པ་དང་། སྲིད་ཇུས་ཐོག་གསར་གཏོད་ལ་ཟམ་མི་ཆད་པར་ཤུགས་སྣོན་པ། རྩ་འཛུགས་ཐོག་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་རྩ་དོན་ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ནས་ཤེས་ལྡན་མི་སྣར་དོ་དམ་དང་བེད་སྤྱོད་གཏོང་བའི་ཆུ་ཚད་ཟམ་མི་ཆད་པར་མཐོ་རུ་གཏོང་དགོས། གཙོ་གནད་ཚད་བརྒལ་བྱས་ནས་སྤྱི་ཡོངས་འཕེལ་རྒྱས་ལ་སྐུལ་ཁྲིད་བྱས་ཏེ། ལས་བྱེད་པ་དང་ཤེས་ལྡན་མི་སྣར་ཁ་གཏད་རོགས་སྐྱོར་བྱེད་པའི་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ་ཁུལ་མི་དམངས་སྨན་ཁང་གཉིས་པའི་རིམ་གསུམ་ཁ་པའི་སྨན་ཁང་གསར་འཛུགས་བྱ་རྒྱུར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ། ཧྲན་ཏུང་དང་མཚོ་སྔོན་གྱི་སྐྱེ་ཁམས་ཞིང་ཕྱུགས་ཐོན་ལས་ལག་རྩལ་ཞིབ་འཇུག་ཁང་སོགས་གསར་གཏོད་སྟེགས་བུ་བེད་སྤྱོད་གང་ལེགས་བྱས་ཏེ་ཐོན་ལས་འབྲེལ་ཐག་གི་མཉེན་གཤིས་དང་བདེ་འཇགས་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས། ཆུ་ཚད་མཐོ་བའི་སྒོ་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ཞབས་འདེགས་ཞུ་དགོས། ཤེས་ལྡན་མི་སྣའི་བསམ་བློ་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་བསྣན་ནས་ས་ཁོངས་ཀྱི་ཁྱད་ལྡན་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་གི་བྱ་བའི་ལམ་སྲོལ་འཚོལ་ཞིབ་བྱས་ནས་འཛུགས་དགོས། ཤེས་ལྡན་མི་སྣའི་སྐས་རིམ་རུ་ཁག་འཛུགས་སྐྱོང་བྱ་རྒྱུ་མངོན་གསལ་དོད་པོ་ཡོང་བར་བྱས་ནས་རང་ས་གནས་དང་ཁོངས་གཏོགས་དེ་གའི་རྐང་འཛིན་ཤེས་ལྡན་མི་སྣ་གསོ་སྐྱོང་།  ཤེས་ལྡན་མི་སྣའི་ཤོང་ཚད་ཆེ་རུ་བཏང་ནས་སྐབས་ལྔ་པའི"བློ་གྲོས་གཙང་གསུམ་མགོ་ཁུངས·མཚོ་སྔོན་གསར་པར་རོགས་རམ་བྱེད་པའི"ཤེས་ལྡན་མི་སྣའི་ལས་གཞི་ངོ་འཕྲད་གྲོས་མོལ་ཚོགས་འདུའི་གྲ་སྒྲིག་བྱ་བ་སོ་སོ་ཧུར་ཐག་སྒོས་བསྒྲུབ་སྟེ་རིགས་སོ་སོའི་ཤེས་ལྡན་མི་སྣ་རྒྱུན་ཆད་མེད་པར་གཅིག་སྡུད་བྱེད་དགོས། ཤེས་ལྡན་མི་སྣའི་སྒྲིག་སྲོལ་དང་ལམ་སྲོལ་བཅོས་སྒྱུར་གཏིང་ཟབ་ཏུ་གཏོང་བ་དང་ལམ་ལུགས་ཀྱི་ཞན་ཆ་ཁ་གསབ་བྱེད་པ་མགྱོགས་སུ་བཏང་ནས་མཐུན་སྦྱོར་དང་སྦྲེལ་མཐུད་བྱ་བ་ཡག་པོར་བསྒྲུབ་སྟེ་ཤེས་ལྡན་མི་སྣའི་སྲིད་ཇུས་སོ་སོ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པའི་འགན་ལེན་བྱེད་དགོས། ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ཆུ་ཚད་རྒྱུན་མཐུད་ངང་མཐོ་རུ་གཏོང་དགོས། ཚན་རིག་དང་མཐུན་པའི་ཇུས་ཐག་གཅོད་པ་དང་། ལས་བགོས་མཉམ་སྒྲུབ། འབྲེལ་མཐུད་བརྗེ་རེས། དོན་འཁྱོལ་ལ་སྐུལ་འདེད་བཅས་བྱེད་ཅིང་ལས་ཆོད་ཆེ་བའི་ཏང་གིས་ཤེས་ལྡན་མི་སྣར་དོ་དམ་བྱེད་པའི་ནང་རྐྱེན་གང་མགྱོགས་སྒོས་འཐུས་ཚང་དུ་གཏོང་བ་དང་། རང་འགན་རང་འཁུར་དང་ཁུར་མཉམ་ལེན། དོན་སྤྱི་སྒྲུབ་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་བྱེད་སྟངས་གསར་པ་ཁྱོན་ཡོངས་ནས་འཛུགས་དགོས། མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་འཁྲིའི་གསལ་ཐོ་ཁ་གསལ་བཟོས་ནས་ཏང་ཙུའི(ཏང་ཨུ)ཧྲུའུ་ཅིས་ཤེས་ལྡན་མི་སྣའི་བྱ་བར་དམ་འཛིན་བྱེད་པའི་ལས་འགན་སྒྲུབ་ཚུལ་གྱི་དཔྱད་ཞིབ་གཏིང་ཟབ་ཏུ་གཏོང་དགོས།  "གཙོ་འགན་འཁུར་མཁན"གྱིས་ཤེས་ལྡན་མི་སྣའི་བྱ་བའི་དོན་དག་གལ་ཆེན་ལ་སྐུ་དངོས་སུ་ཞིབ་འཇུག་དང་། གནད་འགག་ཁྱབ་ཁོངས་སུ་མདུན་དུ་བསྐྱོད་དེ་བཀོད་འདོམས། གཙོ་གནད་ཤེས་ལྡན་མི་སྣ་དང་ཐད་ཀར་འབྲེལ་གཏུག་བཅས་བྱས་ཏེ་བརྩེ་སེམས་ལ་བརྟེན་ནས་ཆེད་མཁས་ཤེས་ལྡན་མི་སྣའི"རྒྱབ་ཕྱོགས་ཞབས་འདེགས་པུ་ཀྲང"ཡག་པོ་བྱེད་དགོས། "མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་དར་སྤེལ་གཏོང་རྒྱུ་དེ་ཤེས་ལྡན་མི་སྣའི་བྱ་བའི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཆེད་མཁས་པ་དང་ཤེས་ལྡན་མི་སྣས་གསར་བརྗེའི་ཁྲག་རྒྱུན་རྒྱུན་འཛིན་དང་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་རྒྱུན་འཛིན་བྱེད་པར་ཁྲིད་སྟོན་བྱ་དགོས་ཟེར།

3 [原始大小].jpg

ཚོགས་འདུའི་ཐོག《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་བྱ་བའི་སྒྲིག་སྲོལ》དང《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གཞུང་ལས་ཁང་གི་བྱ་བའི་ཞིབ་སྲོལ》 《ཀྲུང་གུང་མཚོ་བྱང་ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི2024ལོའི་བྱ་བའི་གཙོ་གནད》ལ་གྲོས་ཞིབ་བྱས་ཤིང་། ཏང་ཨུའི(ཏང་ཙུའུ)ཧྲུའུ་ཅིས་ཤེས་ལྡན་མི་སྣ་དམ་འཛིན་བྱས་པའི་བྱ་བའི་ལས་འགན་སྙན་ཞུར་དཔྱད་བསྡུར་བྱས།    

4 [原始大小].jpg

ཁུལ་གྱི་མགོ་ཁྲིད་ཝང་ཡུང་ཁྲང་དང་། སངས་འབུམ། ཚོ་ཅི་ཆང་བཅས་དང་། ཁུལ་ཨུའི་ཤེས་ལྡན་མི་སྣའི་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཁོངས་མིའི་ལས་ཁུངས་ཀྱི་འགན་ཁུར་བློ་མཐུན། རྫོང་སོ་སོའི་རྩ་འཛུགས་པུའི་པུ་ཀྲང་ཚོགས་འདུར་ཞུགས། 


མཉམ་སྤྱོད།