དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རི་དྭགས་གཙོད་ཀྱི་ལོ་རེར་ཐེངས་རེའི་གནས་སྤོ་ཆེན་མོ་མགོ་བརྩམས།

2024-05-15 10:49:18   |   234

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


གསར་འགོད་པས་གཙང་གསུམ་འབྱུང་ཡུལ་རྒྱལ་ཁབ་སྤྱི་གླིང་དོ་དམ་ཅུ་འབྲི་ཆུའི་མགོ་ཁུངས་ཁུལ་ཨ་ཆེན་གངས་རྒྱབ་དོ་དམ་ཁང་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཉེ་ལམ་མཐོ་སྒང་གི་རྣམ་ཤེས་ཏེ་རི་དྭགས་གཙོད་ཀྱི་ལོ་རེར་ཐེངས་རེའི་གནས་སྤོ་བུ་བཙའི་འགྲུལ་བཞུད་མགོ་བརྩམས་འདུག 

图片1.jpg

གནས་སྤོ་བའི་གཙོད་ཁྱུ་སྐོར་ཐེངས་དང་པོ་མཚོ་བོད་ལྕགས་ལམ་བརྒྱུད་བཞིན་པ།

ཨ་ཆེན་གངས་རྒྱབ་དོ་དམ་ཁང་སྨུག་པ་ལ་སྒང་སྲུང་སྐྱོབ་ས་ཚིགས་ཀྱི་མགོ་གཙོ་གཞོན་པ་ཀརྨ་ཡར་འཕེལ་གྱིས་ངོ་སྤྲོད་བྱས་པ་ལྟར་ན། ཚེས7ཉིན་གྱི་སྔ་དྲོར། གཙོད་ཁྱུ་སྐོར་ཐེངས་དང་པོའི་གཙོད47མཚོ་བོད་ལྕགས་ལམ་བརྒལ་ཏེ་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུའི་ཕྱོགས་སུ་གནས་སྤོ་བཞིན་ཡོད་པ་རེད། 

གཙོད་ཀྱི་གནས་སྤོ་ནི་འཛམ་གླིང་ཁྱབ་ཁོངས་ཀྱི་ཆེས་རྔམ་བརྗིད་ལྡན་པའི་རྨིག་ལྡན་སྲོག་ཆགས་ཀྱི་གནས་སྤོ་ཆེན་མོའི་གྲས་ཤིག་ཡིན་ལ། ལོ་རེར་བོད་ལྗོངས་བྱང་ཐང་དང་ཞིན་ཅང་གི་ཨའར་ཅིན་རི་བོ། མཚོ་སྔོན་གྱི་གཙང་གསུམ་འབྱུང་ཡུལ་བཅས་ཀྱི་མོ་གཙོད་རྣམས་རེ་རེ་བཞིན་ཨ་ཆེན་གངས་རྒྱབ་ཀྱི་གཙོད་གནས་མཚེའུ་རུ་གཙོད་ཕྲུག་བཙའ་བར་འོང་བ་དང་།  གཙོད་ཕྲུག་བཙས་རྗེས་ཕྱིར་ཁྲིད་དེ་རང་གི་སྡོད་གནས་སུ་ལོག་གིན་ཡོད། 

图片2.jpg

ལས་སྒྲུབ་མི་སྣས་མཚོ་བོད་ལྕགས་ལམ་འགྲམ་རྒྱུད་དུ་པར་བླངས་པའི་གནས་སྤོའི་ལམ་གྱི་མོ་གཙོད།

ཨ་ཆེན་གངས་རྒྱབ་དོ་དམ་ཁང་གི་ཀྲུའུ་རིན་བུ་ཕྲུག་གིས་བཤད་པ་ལྟར་ན། དོ་དམ་ཁང་གིས་མཚོ་བོད་ལྕགས་ལམ་རྒྱུད་ཀྱི་སྨུག་པ་ལ་སྒང་ལྟེ་བར་བྱས་པའི་སྲུང་སྐྱོབ་ས་ཚིགས་དག་ལ་དུང་བརྡ་བརྒྱབ་མི་ཆོག་པ་སོགས་གནས་སྐབས་རིང་གི་འགྲུམ་འགྲིལ་བཀག་སྡོམ་དང་སྐོར་སྲུང་རོགས་སྐྱོབ་སོགས་ཀྱི་བྱེད་ཐབས་སྤྱད་དེ། གཙོད་ཁྱུ་བདེ་འཇགས་ངང་གཞུང་ལམ་བརྒལ་དུ་བཅུག་པར་མ་ཟད། ནུས་ཤུགས་གང་ཡོད་བཏོན་ཏེ་སྲོག་ཆགས་ཀྱི་གནས་སྤོ་ལ་མིའི་བར་ཆད་མི་ཐེབས་པར་བྱས་ཡོད། 

རང་རྒྱལ་གྱི་གཙོད་སྲུང་སྐྱོབ་ཆེད་མཁས་པ་དང་ཧྲན་ཞི་ཞིང་ཆེན་སྲོག་ཆགས་ཞིབ་འཇུག་ཁང་གི་ཞིབ་འཇུག་པ་ཝུའུ་ཞའོ་རྨིན་གྱིས་བཤད་པ་ལྟར་ན། ཉེ་བའི་ལོ་འདི་དག་ལ། རྒྱལ་ཁབ་སྤྱི་གླིང་བཙུགས་པས་རི་སྐྱེས་སྲོག་ཆགས་ཀྱི་ལྟེ་བའི་ཁྱབ་ཁུལ་གཙོ་བོ་དག་གི་གདོད་དངོས་རང་བཞིན་དང་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐོབ་པ་དང་། གཙོད་ཀྱི་འཚོ་སྡོད་དང་གནས་སྤོའི་བགྲོད་ལམ་སྔར་བས་ཇེ་ལེགས་སུ་ཕྱིན་ཡོད། 

图片3.jpg

“མཚོ་སྔོན་སྐྱེ་ཁམས་སྒེའུ་ཁུང”ལས་གཙོད་ཁྱུ་མཚོ་བོད་ལྕགས་ལམ་སྨུག་པ་ལ་སྒང་བྱང་གི་ཟམ་ཆེན་བརྒྱུད་བཞིན་པ་མཐོང་ཐུབ།

རྒྱུས་ལོན་བྱུང་བ་ལྟར་ན། གཙོད་ཀྱིས་གནས་སྤོ་བ་དང་ཕྲུ་གུ་བཙའ་བའི་དུས་སྐབས་སུ། ཨ་ཆེན་གངས་རྒྱབ་ཀྱི་ལས་སྒྲུབ་མི་སྣས་གཙོད་ཀྱི་གནས་སྤོའི་དུས་ཚོད་དང་ཁ་གྲངས་སོགས་འབྲེལ་ཡོད་གནས་ཚུལ་ལ་ལྟ་རྟོག་དང་སྡོམ་རྩིས་ལེགས་པོ་བྱ་དགོས་ལ། སྐབས་རེ་རེའི་ནགས་ཚལ་སྤྱི་བདེ་མི་སྣས་ཀྱང་སྐོར་སྲུང་ལ་ཤུགས་སྣོན་བྱ་དགོས། གཙོད་ནི་སྙིང་ཆུང་ཞིང་འདྲོག་སླ་བས། དོ་དམ་ལས་ཁུངས་ཀྱིས་ཡར་འགྲོ་མར་འགྲོའི་འགྲུལ་བ་དང་རླངས་འཁོར་རྣམས་ལ་ལས་སྒྲུབ་མི་སྣའི་བཀོད་འདོམས་ལ་ཉན་ཏེ། འགྲོས་ཚད་ཇེ་དལ་དང་གཙོད་ལ་གཡོལ་ཅི་ཐུབ་བྱ་དགོས་པ་དང་། གང་འདོད་སྒོས་ཨ་ཆེན་གངས་རྒྱབ་ལ་མི་འགྲོ་བའི་གསལ་འདེབས་བྱེད་བཞིན་ཡོད། 


མཉམ་སྤྱོད།