དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-17 07:06:20   |   742

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

1.jpg

  • ཟླ5པའི་ཚེས16ཉིན་གྱི་སྔ་དྲོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་པའི་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་།

2.jpg

  • ཟླ5པའི་ཚེས16ཉིན་གྱི་དགོང་མོར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་ཁྱབ་ཁོངས་ཆུང་ངུའི་མཇལ་འཛོམས་གནང་།

3.jpg

  • ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་དུ་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་མཉམ་དུ“ཀྲུང་ཨུའི་རིག་གནས་ལོའི”མགོ་ཚུགས་མཛད་སྒོ་དང་ཀྲུང་ཨུའི་དབར་ཕྱི་འབྲེལ་བཙུགས་ནས་ལོ75འཁོར་བར་རྟེན་འབྲེལ་ཞུ་བའི་ཆེད་དོན་རོལ་དབྱངས་འདུ་ཚོགས་ལ་ཞུགས།

4.jpg

  • ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་དང་གྲོས་མོལ་གནང་རྗེས་ལྷན་དུ་གསར་འགོད་པར་མཇལ་འཕྲད་གནང་།

  • ཟླ5པའི་ཚེས16ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་ཀྱི་ཚོགས་འདུའི་རེས་སྐོར་ཀྲུའུ་ཞི་སྟེ་རྒྱལ་པོ་པ་རེན་ཧ་མ་ཏེར་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་ནས་ཨ་རབ་རྒྱལ་ཁབ་མནའ་འབྲེལ་གྱི་མགོ་གཙོའི་ལས་འཛིན་ལྷན་ཚོགས་སྐབས33པ་མའེ་ན་མའེ་རུ་འཚོགས་པར་རྟེན་འབྲེལ་ཞུས།

5.jpg

  • ཞིང་ལས་དང་གྲོང་གསེབ་པུའི་ཞིང་ལས་གནས་ཚུལ་བཀོད་གཏོང་གསར་ཤོས་ལས་མངོན་པ་ལྟར་ན། རྒྱལ་ཡོངས་ཀྱི་དབྱར་འབྲུའི་ཐོན་འབབ6.5%ཟིན། གཙོ་བོ་ལྷོ་ནུབ་ས་ཁུལ་དུ་ཁྱབ་ཡོད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གྲངས་གཞི་ཡོངས་བསྒྲགས་བྱས་པར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱི་སྦྲག་སྲིད་ལས་རིགས་ཀྱི་སྐུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར569.5ཟིན། དུས་མཚུངས་ལས21.7%འཕར་ཡོད།

  • ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་དང་ཞིང་ལས་གྲོང་གསེབ་པུ་སོགས་སྡེ་ཚན་བཞིས་ཉེ་ཆར་མཉམ་འབྲེལ་ཐོག་ཡིག་ཆ་བཀྲམ་སྟེ། 2024ལོའི་ལོ་མཇུག་ཏུ་སླེབས་སྐབས་གྲོང་གསེབ་ཀྱི་སྐུད་ལམ་དྲ་བ་འཐེན་པའི་དུད་ཚང་དུང་ཕྱུར2ལས་བརྒལ་བ་དང་། ཞིང་ལས་ཐོན་རྫས་ཀྱི་དྲ་རྒྱའི་སིལ་ཚོང་དངུལ་འབོར་སྒོར་དུང་ཕྱུར6300ལས་བརྒལ་ནས་ཞིང་ལས་ཐོན་སྐྱེད་ཆ་འཕྲིན་ཅན་དུ་འགྱུར་ཚད་སྔར་བས་མཐོ་རུ་གཏོང་རྒྱུ་ཁ་གསལ་བཏོན།

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། མིག་སྔའི་བར་རྒྱལ་ཡོངས་ཀྱི་སྨན་བཅོས་དང་ཁམས་གསོ་ཟུང་འབྲེལ་སྒྲིག་གཞིའི་ཉལ་ཁྲི་ཁྱོན་ཁྲི200ཡོད།

  • སློབ་གསོ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་བར་དུ་རྒྱལ་ཡོངས་སུ་བུ་བཅོལ་ཁང་ཁྲི27.4ཡོད།

    སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་སྔོན་དཔག་བྱས་པ་ལྟར་ན། ཚེས17ནས19ཉིན་བར་ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་། ཧྭ་བྱང་བདེ་ཐང་། ཧོང་ཧོའེ་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་དྲོད་ཚད་ཏུའུ35ཡན་ཟིན་རྒྱུ་རེད།

  • ཚེས16ཉིན་ཆུ་བེད་པུས་ཆུ་བྲུབ་པའི་གནས་ཚུལ་གྱི་བརྡ་ཁྱབ་བཏང་བ་སྟེ། ཀྲུའུ་ཅང་གཙང་པོ་དང་འབྲི་ཆུའི་བཞུར་རྒྱུད་ཀྱི་ཆུ་བོ་ཁག་གཅིག་ལ་ཉེན་བརྡ་ལས་བརྒལ་བའི་ཆུ་ལོག་ཐོན་སྲིད།

6.png

  • ཚེས15ཉིན་རང་རྒྱལ་གྱི་གཤེར་གཟུགས་མེ་ཤུགས་འཕུར་མདའི་སྒུལ་བྱེད་འཕྲུལ་འཁོར་ཐོག་མའི་ཐད་འཕུར་ལད་ཟློས་ཚོད་ལྟ་སྟེགས་བུའི་མེ་སྒྲོན་ཚོད་ལྟ་ལེགས་འགྲུབ་བྱུང་། དེ་ཡིས་རང་རྒྱལ་གྱི་མི་བཞུགས་ཟླ་བའི་གོ་ལའི་འཚོལ་ཞིབ་ཚད་ལེན་ལས་གྲྭར་འགན་ལེན་ཆ་རྐྱེན་གལ་ཆེན་དང་ལག་རྩལ་གྱི་རྒྱབ་སྐྱོར་མཁོ་འདོན་བྱ་རྒྱུ་རེད།

  • ཉེ་ཆར་ཞིབ་དཔྱོད་ལས་ཁུངས་ཀྱིས་ལྐོག་རྔན་བླངས་པའི་ཉེས་གསོག་དོགས་གཞི་ཡོད་པའི་ཐོག་ནས་ཀྲུང་གོ་བཟོ་ཚོང་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ཀྲང་ཧུང་ལིས་འཛིན་བཟུང་བྱ་རྒྱུའི་གཏན་འབེབས་བྱས།

  • ཚེས16ཉིན་ཧྲན་ཏུང་ཞིང་ཆེན་ཆིང་ཏའོ་གྲོང་ཁྱེར་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའི་ཧྲུའུ་ཅིའམ་ཀྲུའུ་ཞི་ཅི་པིན་ཁྲང་གིས་ལྐོག་རྔན་བླངས་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས།

  • ཀྲུང་གོ་ཞིང་ལས་དངུལ་ཁང་གི་དེ་སྔའི་ཏང་ཨུའི་ཨུ་ཡོན་ནམ་ཧང་ཀྲང་གཞོན་པ་ལིའུ་ཝུན་ལུང་ལ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པའི་དོགས་གཞི་ཡོད་པ་དང་མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

7.jpg

  • ཚེས16ཉིན་ཧྲེན་ཀྲུང་བགྲོད་ལམ་གྱི་རྣམ་གྲངས་ཧྲིལ་པོར་སྣུམ་སྙིགས་ལམ་ངོས་སུ་བཏིང་ཟིན་ཞིང་འཆར་གཞི་ལྟར་ཟླ6པར་རྩིས་སྤྲོད་ཞིབ་བཤེར་རྩིས་ལེན་བྱ་རྒྱུ་དང་རླངས་འཁོར་ཤར་གཏོང་ཐུབ་རྒྱུ་རེད།

  • ཨན་ཧུའེ་ཧོའེ་ནན་གྱི་ཝུའུ་ཝང་ཏུན(武王墩)གྱི་བང་སོ་དང་པོའི་གནའ་རྫས་རྟོག་ཞིབ་ཀྱི་འཕེལ་རིམ་གསར་པ་ཡོངས་བསྒྲགས་བྱས། མིག་སྔའི་བར་ལི་ཆས་བརྒྱ་ལྷག་ཙམ་ཤེས་རྟོགས་བྱུང་བ་དང་མང་ཆེ་བ་ཉར་ཚགས་བྱས་པ་ལེགས།

  • སི་ཁྲོན་ཁྲེང་ཏུའུ་ཉེན་རྟོག་ཕྱོགས་ཀྱིས་ས་འོག་དངུལ་ཁང(地下钱庄)གི་གྱོད་གཞི་ཧ་ཅང་ཆེན་པོ་ཞིག་ཁྱབ་བསྒྲགས་བྱས། གྱོད་འབྲེལ་དངུལ་འབོར་སྒོར་དུང་ཕྱུར138ཟིན་པ་དང་ཉེས་གསོག་དོགས་ཅན193འཛིན་བཟུང་བྱས།

8.gif

  • ཀོང་ཞི་ལིའུ་ཀྲོའུ་ཡི་ལོ4ཅན་གྱི་བུ་མོ་ཞིག་གིས་སེམས་ཆུང་མ་བྱས་པར་ཐོག་ཁང་གཉིས་པའི་སྒེའུ་ཁུང་ལས་འཛུལ་ནས་རྐུན་འགོག་ལྕགས་དྲའི་ལྕགས་བར་དུ་ལྷུང་། གནས་ཚུལ་ཧ་ཅང་ཉེན་ཁ་ཆེ་བའི་སྐབས་སུ། ཉེ་འགྲམ་གྱི་ཚོང་ཁང་དུ་ཡོད་པའི་ལས་འཁྱུར་དམག་མི་ཀུའོ་ཧྲེང་གིས་ཐོས་རྗེས་མྱུར་དུ་སྐས་ལ་འཛེགས་ནས་བུ་མོ་དེ་སྐར་མ15ཙམ་ལག་པས་ཡར་བཀྱགས་ནས་བསྡད། དེ་རྗེས་མེ་གསོད་རུ་ཁག་འབྱོར་རྗེས་བུ་མོ་ཉེན་ཁ་ལས་ཐར།

    སྲིད་ཇུས།

  • ཀྲེ་ཅང་གིས་བྱེད་ཐབས་བཏོན་པ་སྟེ། ཟླ6པའི་ཚེས1ཉིན་ནས་བཟུང་གསར་སྐྲུན་དང་། བསྐྱར་སྐྲུན། རྒྱས་སྐྲུན་བཅས་བྱས་པའི་གྲོང་ཁྱེར་གྱི་འགྲོ་ལམ་རྩིས་སྤྲོད་བེད་སྤྱོད་བྱས་རྗེས་ཀྱི་ལོ་ལྔའི་ནང་སྔོག་འདོན་བྱེད་མི་ཆོག་པ་དང་། ཉམས་གསོ་ཆེན་པོ་བྱས་པའི་གྲོང་ཁྱེར་གྱི་འགྲོ་ལམ་ལེགས་གྲུབ་བྱུང་རྗེས་ཀྱི་ལོ་གསུམ་ནང་སྔོག་འདོན་བྱེད་མི་ཆོག

  • ཧྥུ་ཅན་ཧྥུ་ཀྲོའུ་ཡིས་ཧྥུ་ཀྲོའུ(福州)ནས་མ་ཙུའུ(妈祖)ཡི“གྲོང་ཁྱེར་གཅིག་གི་འཚོ་བའི་ཁུལ”གྱི་བྱེད་ཐབས10ཁྱབ་བསྒྲགས་བྱས། དེའི་ནང་མ་ཙུའུ་ཡིས་ངོགས་གཉིས་ཀྱི་ཚོང་དོན་བསྡུ་འགྲེམ་ལྟེ་གནས་འཛུགས་རྒྱུར་རྒྱབ་སྐྱོར་བྱེད་པ་སོགས་ཚུད་ཡོད།

    དེ་རིང་གི་གནམ་གཤིས།

9.jpg

  • ཀུའེ་ཀྲོའུ་ཡི་ས་ཆ་མང་ཆེ་བ་དང་། ཁྲོན་ནུབ་ས་མཐོའི་བྱང་རྒྱུད། སི་ཁྲོན་གཤོང་སའི་ཤར་ལྷོའི་རྒྱུད། ཁྲུང་ཆིང་གི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་དང་ལྷོ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཞིན་ཅང་དབྱི་ལི་ལུང་གཞུང་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་འབབ་རྒྱུ་རེད། ཧོ་པེའི་ལྷོ་རྒྱུད་དང་། ཧྲན་ཏུང་དང་ཧོ་ནན་གྱི་བྱང་རྒྱུད། ཨན་ཧུའེ་ཡི་བྱང་རྒྱུད། ཅང་སུའུ་ཡི་བྱང་རྒྱུད། ཀུའེ་ཀྲོའུ་ཡི་ལྷོ་ནུབ་རྒྱུད། ཡུན་ནན་གྱི་བྱང་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁ་ཤས་སུ་ཐོག་དང་རླུང་ཆེན་དང་སེར་བ་འབབ་པའི་གནམ་གཤིས་ཡོད། བོད་ལྗོངས་ཀྱི་ཤར་རྒྱུད་དང་མཚོ་སྔོན་གྱི་དབུས་ཤར་རྒྱུད་སོགས་ཀྱི་ས་ཁུལ་ཁག་གཅིག་ཏུ་ཁ་བ་འབྲིང་བ་ནས་ཆེ་བ(ཆར་པ་དང་ཁངས་ཆར་འདྲེས་མ)འབབ་རྒྱུ་ཡིན་པ་དང་ས་ཁུལ་ཁག་གཅིག་ཏུ་ཁངས་ཆེན་འབབ་རྒྱུ་རེད།


མཉམ་སྤྱོད།