དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

༄༅། །དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དངོས་མིན་རིག་གནས་ཤུལ་བཞག་བརྒྱུད་ཁྲིད་བྱ་འགུལ་སྤེལ།

2024-05-17 08:43:16   |   208

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མཚོ་སྔོན་པོ་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་། 


ཟླ5པའི་ཚེས15ཉིན། དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྒྱལ་ཁབ་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དཔའ་རིས་དམངས་གླུ་དང་། གྲོང་ཁྱེར་རིམ་པའི་དངོས་མིན་རིག་གནས་ཤུལ་བཞག་དཔའ་རིས་བཤད་པ་བཅས་ཀྱི་བརྒྱུད་ཁྲིད་བྱ་འགུལ་སྤེལ།

图片1.png

རིག་གནས་ནི་མི་རིགས་ཤིག་གི་སྲོག་གི་དབང་རྩ་དང་རྣམ་ཤེས་ཡིན་ལ། དེ་ནི་རྒྱལ་ཁབ་དར་རྒྱས་དང་མི་རིགས་གོང་སྤེལ་གྱི་འདེགས་གཞི་གཙོ་བོའང་ཡིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གསུངས་དོན། དངོས་མིན་རིག་གནས་ཤུལ་བཞག་ལ་རྒྱུན་མཐུད་དེ་སྲུང་སྐྱོང་བྱེད་པ་དང་། དམངས་ཀྱི་ཉིན་བཞིན་ཡར་བསྐྱེད་འགྲོ་བའི་བསམ་པའི་དཔལ་ཡོན་གྱི་དགོས་མཁོ་སྐོང་ཅི་ཐུབ་དང་། རིག་གནས་ཀྱི་རང་སྟོབས་རང་སྤེལ་ལ་སྐུལ་འདེད། ཀྲུང་ཧྭ་མི་རིགས་ཀྱི་དེང་རབས་རིག་གནས་སྤེལ་ཅིང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་དཔལ་ཡོན་ཁྱིམ་གཞིས་སྙུགས་བསྲིངས་ཏེ་སྐྲུན་དགོས་ཞེས་གསུངས་པ་བཞིན། དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་རྣམ་པ་གསར་བ་དང་དཔའ་རིས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པའི་དམངས་སྲོལ་བརྒྱུད་ཁྲིད་བྱ་འགུལ་ཕུན་སུམ་ཚོགས་པ་སྤེལ།

图片2.png

 བྱ་འགུལ་ཁྲོད། རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ལས་བྱེད་གཞོན་པ་རྡོ་རྗེ་བཀྲ་ཤིས་ལགས་ཀྱིས་ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་བརྟན་པོ་སྐྲུན་པའི་སྐོར་གྱི་ཤེས་བྱ་འགྲེལ་བཤད་དང་། སྔར་མི་རིགས་དགེ་འོས་སློབ་གྲྭའི་ལས་འཁྱུར་དགེ་རྒན། དཔའ་རིས་དམངས་གླུ་དང་དཔའ་རིས་གཉེན་སྲོལ་སྐོར་ལ་བྱང་ཆ་ཡོད་པའི་ཆེད་མཁས་པ་ཚེ་རིང་རྒྱལ་མཚན་ལགས་ཀྱིས་དཔའ་རིས་གཉེན་སྲོལ་སྐོར་གྱི་ཤེས་བྱ་འཆད་ཁྲིད་གནང་། རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བའི་ལས་བྱེད་མི་སྣ་ཚེ་རིང་དོན་གྲུབ་ཀྱིས་དཔའ་རིས་བཤད་པའི་བཀྲ་ཤིས་སྨོན་ཚིག་ངག་གི་འགྱུར་ཁུག་སྐད་ཀྱི་གདངས་དང་བསྟུན་ཞིང་ཚིག་གི་བདུད་རྩི་དཔལ་དང་ལྡན་པ་ཞིག་བརྗོད། དེ་མིན་ཡུལ་ཁམས་ཀྱི་ཁྱད་ཆོས་མངོན་པར་བཏོད་པའི་རྩེད་རིག་སྒྱུ་རྩལ་ལྟ་མོ་བའི་ཁྲ་ཆུང་མིག་གི་དགའ་སྟོན་དུ་ཕུལ།

图片4.png

 བྱ་འགུལ་འདི་བརྒྱུད་དེ་དཔའ་རིས་རྫོང་བོད་སྐད་ཡིག་ཁྲིད་སྟོན་ལྟེ་བས་དེང་ཕྱིན་ཆད་མུ་མཐུད་དུ། ཀྲུང་ཧྭའི་སྲོལ་རྒྱུན་རིག་གནས་ཕུལ་བྱུང་གོང་དུ་སྤེལ་བ་དང་། དངོས་མིན་རིག་གནས་ཤུལ་བཞག་བྱ་བའི་དྲིལ་སྒྲོག་ཤུགས་ཆེར་གཏོང་བ། དམངས་ཀྱི་བསམ་པའི་དཔལ་ཡོན་གྱི་འཚོ་བ་ཕུན་སུམ་ཇེ་ཚོགས་སུ་བཏང་སྟེ། རྫོང་གི་རིག་གནས་གནས་སྐོར་མཉམ་འདྲེས་དང་དཔལ་འབྱོར་གོང་སྤེལ་ལ་རིག་གནས་ཀྱི་རྨང་གཞི་བརྟན་པོ་གདིང་བ། དངོས་མིན་རིག་གནས་ཤུལ་བཞག་སྲུང་སྐྱོང་ལ་ཤུགས་བསྣན་ནས་ཐུན་མོང་བསམ་པའི་དཔལ་ཡོན་གྱི་ཁྱིམ་གཞིས་སྐྱོང་བ་དང་། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུ་ཤེས་དེ་བས་བརྟན་པོར་བསྐྲུན་ནས་རིགས་སོ་སོའི་རིག་གནས་འགྲོ་འོང་མཉམ་སྤེལ་མཉམ་འདྲེས་དང་། མི་རིགས་མཐུན་སྒྲིལ་བཅས་ཀྱི་བྱ་བ་ཡར་ངོའི་ཟླ་ལྟར་འཕེལ་བར་ཧུར་ཐག་བྱ་འཆར་ཡོད་དོ། །

图片6.png


མཉམ་སྤྱོད།