དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་བྱེད་སྒོ་སྤེལ།

2024-05-17 09:38:25   |   3111

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


《ཀྲུང་གུང་ཀྲུང་དབྱང་གི་ལོ་ཆུང་གདོང་ལེན་རུ་ཁག་ལས་དོན་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་ཏེ་ལོ་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་མི་སྣ་གསོ་སྐྱོང་དང་ལག་ལེན་མི་སྣ་གསོ་སྐྱོང་བྱེད་པའི་ཁྱད་ཆོས་འདོན་སྤེལ་གང་ལེགས་སྒོས། ལོ་ཆུང་གདོང་ལེན་རུ་ཁག་གི་ལས་དོན་སྤྱི་ཚོགས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིའི་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ཟམ་མི་ཆད་པར་ཆེ་རུ་བཏང་། ཟླ5བའི་ཚེས16ཉིན། གུང་གཞོན་ཚོགས་པ་མདོ་ལ་རྫོང་ཨུ་དང་། རྫོང་སློབ་གསོ་ཅུ། མདོ་ལ་རྫོང་སློབ་ཆུང་གཉིས་པའི་ལོ་ཆུང་གདོང་ལེན་རུ་ཁག་གིས་མདོ་ལ་རིང་མོའི་རྒྱལ་ཁབ་སྤྱི་གླིང་ར་གདོང་དོ་དམ་སྲུང་སྐྱོང་ས་ཚིགས་སུ“རི་སྔོ་ཆུ་དྭངས་སྲུང་སྐྱོང་བྱེད་པར། སྐེ་དཀྲིས་དམར་པོ་འགུལ་སྐྱོད་བྱེད་པའི”ལོ་ཆུང་གདོང་ལེན་རུ་ཁག་གི་སློབ་ཕྱིའི་ལག་ལེན་བྱེད་སྒོ་སྤེལ།

图片1.png

བྱེད་སྒོའི་ནང་ལས་དོན་མི་སྣས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མིའི་སྣེ་ཁྲིད་དེ་གདོད་མའི་རྒྱ་མཚོའི་སྐྱེ་དངོས་འགྱུར་རྡོའི་འགྲེམས་སྟོན་ཁང་ལ་ལྟ་སྐོར་བྱས། དེ་གར་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་ཧ་ཅང་ཁྱད་མཚར་བའི་གཏེར་རྫས་བདར་གཟུགས་ལ་ལྟ་ཞིབ་ནན་ཏན་བྱས་པ་དང་། མདོ་ལ་རིང་མོའི་གྲུབ་སྟངས། ས་ཁམས་གནས་ཡུལ། གཏེར་ཁའི་རིགས་བཅས་ལ་སློབ་སྦྱོང་བྱས་པ་བརྒྱུད། ས་གཤིས་ཀྱི་སྣ་མང་རང་བཞིན་ལ་ངོས་འཛིན་བྱས་པ་མ་ཟད། སའི་གོ་ལའི་གྲུབ་སྟངས་དང་། གྲུབ་ཚུལ། རིམ་འགྱུར་བཅས་ཀྱི་བརྒྱུད་རིམ་ལ་ཡང་ཤེས་རྟོགས་ཐུབ་ཡོད།

图片2.png

图片3.png

དེ་རྗེས་དངོས་བཤུས་གློག་བརྙན《ཁྲུང་ཁྲུང་སྐེ་ནག་འཚར་ལོངས་ཀྱི་ཉིན་ཐོ》དང《རི་སྐྱེས་སྲོག་ཆགས་ལྟ་ཞིབ་ཚད་ལེན་གྱི་གྲུབ་འབྲས་པར་གཞི》ལ་བལྟས་པ་རེད། དངོས་བཤུས་གློག་བརྙན་གྱི་ཚན་རིག་ཁྱབ་གདལ་སློབ་གསོའི་ནུས་པ་བརྒྱུད་ནས་ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་རང་བྱུང་ལ་དགའ་ཞེན་དང་། སྐྱེ་ཁམས་ལ་དོ་ཁུར། རི་སྐྱེས་སྲོག་ཆགས་གི་སྲུང་སྐྱོང་འདུ་ཤེས་བཅས་རིམ་བཞིན་འཕེལ་བར་བྱས།

图片4.png

图片5.png

མཇུག་མཐར“ངའི་ལག་འོག་གི་ཕ་ཡུལ”གྱི་ཁོར་ཡུག་སྲུང་སྐྱོང་གི་རི་མོའི་བྱེད་སྒོ་སྤེལ། བྱེད་སྒོའི་ནང་ལོ་ཆུང་གདོང་ལེན་རུ་མི་ཚོའི་སྤྲོ་སེམས་རབ་ཏུ་འཕེལ་ཞིང་། གཅིག་རྗེས་གཉིས་མཐུད་ངང་སྨྱུ་གུ་བཟུང་ནས་རང་ཉིད་ཀྱི་སེམས་ནང་གི་ཕ་ཡུལ་གྱི་མཛེས་ལྗོངས་ཞིབ་འབྲི་བྱེད་ཀྱི་ཡོད། ཁོང་ཚོའི་ལ་ལས་ཕ་ཡུལ་གྱི་རི་ཀླུང་དང་ཆུ་བོ་བྲིས་པ་དང་། ལ་ལས་ཕ་ཡུལ་གྱི་གྲོང་ཁྱེར་གྱི་རྣམ་པ་བྲིས་ཡོད། རི་མོ་རེ་རེར་ཕ་ཡུལ་ལ་དགའ་ཞེན་དང་རེ་སྨོན་གྱིས་ཁེངས་ཡོད། ལོ་ཆུང་གདོང་ལེན་རུ་ཁག་གི་རུ་མི་ཚོས་རི་མོའི་ནང་སྤྲོ་སྣང་མྱོང་རོལ་བྱས་ཏེ་གསར་རྩོམ་བྱེད་རིང་ཁོར་ཡུག་སྲུང་སྐྱོང་གི་གལ་ཆེའི་རང་བཞིན་ལ་ཤེས་རྟོགས་གཏིང་ཟབ་བྱས།

图片6.png图片7.png

图片8.png

图片9.png

ཐེངས་འདིའི་བྱེད་སྒོའི་ནང་ལོ་ཆུང་གདོང་ལེན་རུ་མི་ཚོས་བརྙན་ལ་ལྟ་བ་དང་། སྒྲོག་འགྲེལ་ལ་ཉན་པ། དངོས་རྫས་འགྲེམས་སྟོན། ཡུལ་དངོས་ལྟ་སྐོར་བྱེད་པ་སོགས་ཀྱི་རྣམ་པའི་ཐོག་ནས་རང་ཉིད་གནས་སའི་སྐྱེ་ཁམས་ཁོར་ཡུག་ཤེས་རྟོགས་བྱས་ཤིང་། སྐྱེ་ཁམས་སྲུང་སྐྱོང་འདུ་ཤེས་སྔར་བས་གཏིང་ཟབ་ཏུ་ཕྱིན་ཡོད་པ་རེད

གུང་གཞོན་མདོ་ལ་རྫོང་ཨུས་རྩ་འཛུགས་ཀྱི་སྐུལ་སློང་ལེགས་ཆ་རྒྱུན་མཐུད་འདོན་སྤེལ་བྱས་ཏེ་རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མི་ཚོས་རྣམ་པ་དང་ཟུར་ཚད་སྣ་ཚོགས་ཀྱི་ཐོག་ནས་སྐྱེ་ཁམས་སྲུང་སྐྱོང་བྱ་སྤྱོད་ནང་ཞུགས་རྒྱུར་མུ་མཐུད་སྐུལ་སློང་བྱས་ཏེ། བྱ་སྤྱོད་དངོས་ཀྱི་ཐོག་ནས“རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ལག་ལེན་དུ་བསྟར། རྒྱ་ཆེའི་ལོ་ཆུང་གདོང་ལེན་རུ་མིས་ལག་ལེན་སློབ་གསོའི་བྱེད་སྒོའི་ཁྲོད་དད་སེམས་བརྟན་པོ་འཛུགས་པ་དང་། གཤིས་རྒྱུད་སྦྱོང་བརྡར། བློ་སྟོབས་སྦྱོང་བརྡར། འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་སྣེ་ཁྲིད་བྱས་ཏེ་མི་རིགས་བསྐྱར་དར་གྱི་ལས་འགན་ལྗིད་པོ་འཁུར་བའི་དུས་རབས་ཀྱི་འཇོན་མི་གསར་བར་འགྱུར་བ་བྱེད་དགོས།


མཉམ་སྤྱོད།