དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-20 08:02:28   |   2284

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་བཟོ་སྐྲུན་ལས་རིགས་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས་9.7%འཕར་བ་དང་། སྒྲིག་ཆས་གསར་སྒྱུར་སྒྱུར་བཀོད་ལ་མ་འཇོག་བྱེད་ཚད་དུས་མཚུངས་ལས17.2%འཕར་ཡོད་པས། ལག་རྩལ་སྒྱུར་བཀོད་རིམ་སྤོར་ལ་མ་འཇོག་བྱེད་ཚད་མགྱོགས་ཙམ་འཕར་ཡོད། 

  • སྐྱེ་ཁམས་ཁོར་ཡུག་པུས་གནས་ཚུལ་སྤེལ་བར་གཞིགས་ན། སྔོན་དཔག་བྱས་ན་ད་ལོ་རང་རྒྱལ་གྱི་ཚན་པའི་ཐཱན་འབུད་ཚད3.9%ཆག་རྒྱུ་རེད། 

  • ཆུ་བེད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རྒྱལ་ཡོངས་ཀྱིས་ཆུ་བེད་ཐད་མ་དངུལ་སྒོར་དུང་ཕྱུར3026བཏང་བ་དེ་ན་ནིང་གི་དུས་མཚུངས་ལས2.9%འཕར་ཡོད། 

  • དམངས་སྤྱོད་མཁའ་འགྲུལ་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པར་རང་རྒྱལ་གྱི་རྒྱལ་སྤྱིའི་འགྲུལ་སྐྱེལ་གཞི་ཁྱོན་མི་ཐེངས་ཁྲི500ལས་བརྒལ་བས། 2019ལོའི་དུས་མཚུངས་ཀྱི83.8%བར་སླར་གསོ་བྱུང་བ་དང་སླར་གསོའི་ཆུ་ཚད་ཟླ་བ་གསུམ་ལ་བསྟུད་མར80%ལས་བརྒལ་ཡོད། 

  • བཟོ་འཕྲིན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ཟླ་བཞི་པར་རང་རྒྱལ་གྱི་ཆེད་ལས་ཞིབ་ཚགས་དང་དམིགས་བསལ་གསར་གཏོད་སྟོན་གྲངས286.4ཡིན་པ་དེ། ན་ནིང་གི་དུས་མཚུངས་ལས25.2%འཕར་ཡོད། 

  • རྒྱལ་ཁབ་རིག་དངོས་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཨན་ཧུའེ་ཧོའེ་ནན་ཝུའུ་ཝང་ཏུན་བང་སོ་དང་པོའི་བདག་པོ་ནི་ཀྲན་གོའི་དུས་མཇུག་གི་ཁྲུའུ་རྒྱལ་ཁབ་ཀྱི་ཁའོ་ལེ་རྒྱལ་པོར་གཏན་འཁེལ་བྱས་ཡོད། 

  • རིག་གནས་གནས་སྐོར་པུས་ཡོངས་བསྒྲགས་བྱས་པ་ལྟར་ན། གནས་སྐོར་སྤྲོ་གསེང་ཁུལ22རྒྱལ་ཁབ་རིམ་པའི་གནས་སྐོར་སྤྲོ་གསེང་ཁུལ་དུ་གཏན་འཁེལ་བྱེད་རྩིས་ཡོད་པ་རེད། 

1.jpg

  • ཚེས19ཉིན་རང་རྒྱལ་གྱི་མཚོ་ཐོག་འོད་ཤུགས་གློག་ཁང་ཆེས་ཆེ་ཤོས་ཡིན་པའི་ཀྲུང་ཧོ་ཐེན་མཚོ་ཁུག་གི་སྟོང་ཝ་ཁྲི200ཡིན་པའི་གྲམ་ཐང་གི་འོད་ཤུགས་དཔེ་སྟོན་རྣམ་གྲངས་ཅང་སུའུ་ལེན་ཡུན་ཀང་དུ་དངོས་སུ་སྐྲུན་མགོ་བརྩམས། 

  • ཚེས19ཉིན་ཚོང་དོན་པུས་སྤྱི་བསྒྲགས་སྤེལ་ནས་ཡོ་རོབ་མནའ་འབྲེལ་དང་ཨ་རི། ཐའེ་ཝན་ས་ཁུལ། འཇར་ཕན་བཅས་ནས་ནང་འདྲེན་བྱས་པའི་ཀུང་ཅུའུ་ཅུའུ་ཅ་ཆོན་གྱི་ཕམ་ཚོང་ལ་ངོ་རྒོལ་བྱེད་པའི་གྱོད་དོན་ཐོ་འགོད་བརྟག་དཔྱད་བྱས་པ་རེད། 

    སྤྱི་ཚོགས།

  • ཆུ་བེད་པུ་དང་ཀྲུང་གོ་གནམ་གཤིས་ཅུས་ཉེན་ཟོན་སྔོན་བརྡ་བཏང་ནས། ཚེས19ཉིན་གྱི་ཆུ་ཚོད20ནས་ཚེས20ཉིན་གྱི་ཆུ་ཚོད20བར་ཀོང་ཏུང་ཤར་རྒྱུད་དང་ལྷོ་རྒྱུད། ཡུན་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆུ་ལོག་གི་གནོད་འཚེ་ཐེབས་སྲིད་པ་རེད། 

  • ཉེ་ལམ། ནན་ཅིང་འཇར་འགོག་མཁའ་འགྲུལ་སྔོན་གཤེགས་དཔའ་བོའི་དྲན་གསོ་ཁང་གིས་ཐོག་དང་པོར་ཀྲུང་གོ་ནས་ཡིན་པའི་འཇར་འགོག་མཁའ་འགྲུལ་སྔོན་གཤེགས་དཔའ་བོ18ཀྱི་ཆ་འཕྲིན་ནོར་འཁྲུལ་རྩད་ཞིབ་དང་ཁ་གསབ་ལས་དོན་ལེགས་གྲུབ་བྱུང་ཡོད། 

  • ཉེ་ཆར་ཧང་ཀྲོའུ་ནས་ཝུན་ཀྲོའུ་བར་གྱི་མྱུར་བགྲོད་ལྕགས་ལམ་གྱིས་མཉམ་འབྲེལ་སྙོམས་སྒྲིག་ཚོད་ལྟ་བྱེད་མགོ་བརྩམས་ནས། ད་ལོར་ཤར་གཏོང་ཐུབ་རྒྱུར་གྲ་སྒྲིག་བྱས་ཡོད་ལ། རླངས་འཁོར་ཤར་གཏོང་ཐུབ་རྗེས་ཧང་ཀྲོའུ་དང་ཅིན་ཧྭ། ཝུན་ཀྲོའུ་སོགས་སུ“ཆུ་ཚོད་གཅིག་གི་འགྲིམ་འགྲུལ་ཁུལ”ཞིག་ཆགས་རྒྱུ་རེད། 

  • ཚེས19ཉིན་གྱི་ཐོ་རེངས་སུ། 2024འཛམ་གླིང་བུད་མེད་ཕའེ་ཆིའུ་སྤོ་ལོའི་མཉམ་འབྲེལ་འགྲན་བསྡུར་པར་ཙིར་ས་ཚིགས་སུ་ཀྲུང་གོའི་རུ་ཁག་སེར་ཝུའེ་ཡ་རུ་ཁག་ལས་རྣམ་པར་རྒྱལ་བ་དང་། ས་ཚིགས་དེའི་འགྲན་བསྡུར་ལ་རྒྱལ་ཁ་གསུམ་ཕམ་ཁ་གཅིག་གི་གྲུབ་འབྲས་ཐོབ་པ་རེད། 

  • ས་གནས་དེ་གའི་དུས་ཚོད་ཚེས18ཉིན། ཨ་རིའི་པིན་ཞི་ཧྥ་ཉི་ཡ་སློབ་ཆེན་གྱིས་ལིན་ཧུའེ་དབྱིན་ལ་བཟོ་སྐྲུན་རིག་པའི་ཤེས་རམས་པའི་སློབ་གནས་དངོས་སུ་སྤྲད་དེ། ཁོང་མོའི་ཀྲུང་གོའི་དེང་རབས་བཟོ་སྐྲུན་གྱི་སྔོན་བྱོན་པའི་མཛད་རྗེས་ལ་གཟེངས་བསྟོད་བྱས་པ་རེད། 

  • ཚེས19ཉིན། ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས“བྱི་ལ་ཚོན་པོ”ཡི་དོན་རྐྱེན་ལ་བརྟག་དཔྱད་བྱས་པའི་གནས་ཚུལ་བརྡ་ཁྱབ་བཏང་བ་ལྟར་ན། ཐན་ཆེ་གེ་མོ་ཁ་བསླུས་བརྒྱབ་པའི་ཉེས་གསོག་གི་ཚད་ལ་སླེབས་མེད་པ་རེད། 

  • ཚེས19ཉིན། ཅང་སུའུ་ལན་ཡུན་ཀང་གིས“རྒྱ་འདྲེ”དོན་རྐྱེན་བརྡ་ཁྱབ་བཏང་བ་དང་། ཚོང་དུད་དང་ཁྲོམ་ར་གཙོ་གཉེར་ཕྱོགས་ཀྱི་མི5སྲིད་འཛིན་བཀག་ཉར་བྱས་ཡོད། 

2.jpg

  • ཉེ་ཆར། ཀྲུང་གོ་ཚན་རིག་ཁང་ཀོང་ཞི་རྩི་ཤིང་ཞིབ་འཇུག་སུའོ་ཡི་ལག་རྩལ་ཚོགས་པས་ཀོང་ཞི་ཏུའུ་ཨན་ཡའོ་རིགས་རང་སྐྱོང་རྫོང་དུ་ཧྲ་རྩྭ་ཡུ་རྐང་རྩྭ་ནི་རྩི་ཤིང་གི་རིགས་གསར་པ་སྟེ། ཏུའུ་ཨན་ཡུ་རྐང་རྩྭ་རུ་གཏོགས་པ་ཤེས་རྟོགས་བྱུང་། 

3.gif

  • ཉེ་ཆར་ཅང་སུའུ་དབྱང་ཀྲོའུ་ཡི་ལོ90ལྷག་ལ་སླེབས་པའི་རྒན་པ་ཞིག་སེམས་ཆུང་མ་བྱས་པར་ཁྲོན་པའི་ནང་དུ་ལྷུང་བ་དང་། གནས་ཚུལ་ཛ་དྲག་ཆེ་བའི་ཁྲོད། ལམ་བར་དུ་འགྲོ་བའི་གསར་བུ་དབྱང་ཞུས་ལུས་སྟོད་ཁྲོན་པའི་ནང་དུ་འཛུལ་ཏེ། ལམ་འགྲོ་པ་གཞན་དང་མཉམ་དུ་རྒན་པ་དེ་བསྐྱབས། 

    སྲིད་ཇུས།

  • པེ་ཅིང་གིས་བསམ་འཆར་བསྡུ་ལེན་མ་ཟིན་ཁྱབ་བསྒྲགས་བྱས་པ་དང་། མཐའ་འཁོར་ས་ཁུལ་ལ་ཕྱོགས་པའི་བར་སྣང་དམའ་བའི་མཁའ་ལམ་གསུམ་ཡན་ཤར་གཏོང་བྱ་རྩིས་ཡོད་པ་རེད། 

  • ཧུའུ་པེས་ཇུས་གཞི་པར་འགྲེམས་བྱས་ནས། ཞིང་ཆེན་ཡོངས་སུHPVརིམས་འགོག་སྨན་ཁབ་བརྒྱག་མེད་པ་མ་ཟད་སྨན་ཁབ་རྒྱག་པའི་འཛེམ་བྱ་མེད་པའི་དམའ་རིམ་སློབ་འབྲིང་གི་སློབ་མ་ཚོར་རིན་མེད་ངང་རང་རྒྱལ་གྱིས་བཟོས་པའིHPVརིམས་འགོག་སྨན་ཁབ་རྒྱག་རྒྱུ་རེད། 

  • ཧྲེན་ཀྲེན་གྱི་ལག་བསྟར་བྱ་ཐབས་སྤེལ་བ་ལྟར་ན། སློབ་དཔོན་ཆེན་པོ་དང་འཐབ་ཇུས་ཚན་རིག་མཁས་ཅན་གྱི་མི་མངོན་པའི་ནུས་པ་ལྡན་པའི་གསོ་སྐྱོང་བྱ་ཡུལ་བདམས་ནས་གཙོ་གནད་ཐོག་གསོ་སྐྱོང་བྱ་རྒྱུ་དང་། བདམས་ཐོན་བྱུང་བའི་ཤེས་ལྡན་མི་སྣར་མི་རེར་གསོ་སྐྱོང་གྲོན་དངུལ་སྒོར་ཁྲི1000ནས2000བར་ཐོབ་རྒྱུ་རེད། 

    དེ་རིང་གི་གནམ་གཤིས།

4.jpg

  • ཀོང་ཞིའི་ཤར་རྒྱུད་དང་ཀོང་ཏུང་གི་ས་ཆ་མང་ཆེ་བ། ཧྥུ་ཅན་གྱི་ལྷོ་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཁྲུང་ཆིང་གི་དབུས་རྒྱུད། ཧུའུ་ནན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་འབབ་པ་དང་། དེའི་ནང་ཀོང་ཏུང་གི་ལྷོ་ནུབ་རྒྱུད་དང་ལྷོ་རྒྱུད་མཚོ་རྒྱུད་ཀྱི་ས་ཁུལ་ཁ་ཤས་སུ་དྲག་ཆར་ཆེན་པོ་འབབ་རྒྱུ་ཡིན་ལ། ས་ཁུལ་ཁ་ཤས་སུ་དྲག་ཆར་ཧ་ཅང་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།