དེ་རིང་ནི2025ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-21 07:49:05   |   1358

སྒྲིག་སྒྱུར།  ཀླུ་མོ་མཚོ།    ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཟླ5ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་རན་དབྱི་སི་ལམ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལའེ་ཞིའི་ཐད་འཕུར་གནམ་གྲུའི་དོན་རྐྱེན་ཁྲོད་སྟབས་མ་ལེགས་པར་རྐྱེན་ལམ་དུ་ཤོར་བར་དབྱི་རན་གྱི་ཙུང་ཐུང་གཞོན་པ་དང་པོ་མུའུ་ཧོ་པེར་ལ་མྱ་ངན་ཞུ་བའི་གློག་འཕྲིན་གཏོང་གནང་མཛད་པ་རེད།

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་བཞི་པའི་བར་རྒྱལ་ཡོངས་ཀྱི་སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་ཁྲི8ལས་བརྒལ་ནས་སླར་གསོའི་རང་བཞིན་གྱི་འཕར་ཚད་མུ་མཐུད་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

  • བཟོ་འཕྲིན་པུས་གནས་ཚུལ་སྤེལ་བར་གཞིགས་ན། དུས་ཚིགས་དང་པོར་རང་རྒྱལ་གྱི་གྲུ་གཟིངས་བཟོ་བའི་དམིགས་ཚད་ཆེན་པོ་གསུམ་དུས་གཅིག་ཏུ་འཕར་བ་རྒྱུན་འཁྱོངས་ཐུབ་ནས། རྒྱལ་ཡོངས་ཀྱི་གྲུ་གཟིངས་བཟོ་ཚད་ཀྱི90%ནི་ཕྱིར་གཏོང་གྲུ་གཟིངས་ཡིན་པ་རེད།

  • ཚེས20ཉིན། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་དང་རྒྱལ་ཁབ་གྲངས་གཞི་ཅུ་སོགས་སྡེ་ཁག་བཞིས་མཛུབ་ཁྲིད་བསམ་འཆར་ཁྱབ་བསྒྲགས་བྱས་ནས། ཞིབ་ཕྲའི་བྱེད་ཐབས་ཁག13བཏོན་ཏེ། ཁྱབ་ཁོངས་ཡོངས་དང་བརྒྱུད་རིམ་ཧྲིལ་པོ། གྲོང་ཁྱེར་གྱི་གྲངས་གཞི་ཅན་གྱི་ཕྱོགས་སྒྱུར་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

  • ད་ལོའི་ཟླ་བཞི་པའི་བར་འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ས་ཁོངས་ཀྱི་ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་སྡོམ་འབོར་སྒོར་དུང་ཕྱུར་ཁྲི5.04ལ་སླེབས་ནས། གཞི་ཁྱོན་ལོ་རྒྱུས་ཀྱི་ཟིན་ཐོ་གསར་པ་བཏོད་པ་དེ་དུས་མཚུངས་ལས5.6%འཕར་ཡོད།

01.jpg

  • ཚེས20ཉིན་ཆུ་ཚོད11དང་སྐར6སྟེང་། རང་རྒྱལ་གྱིས་ཐའེ་ཡོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་རྒྱང་སྐྱོད་གཉིས་པའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་ང་པ་སྤྱད་དེ། པེ་ཅིང་གསུམ་པའིCསྐར་སྐར་ཁྱིམ་རྒྱལ་ཁའི་ངང་འཕེན་གཏོང་བྱས་པ་རེད།

  • རྒྱལ་སྲིད་སྤྱི་ཁྱབ་ཁང་ཐའེ་ཝན་ལས་དོན་གཞུང་དོན་ཁང་གི་མགྲིན་ཚབ་པས་ཐའེ་ཝན་ས་ཁུལ་གྱི་མགོ་ཁྲིད་པའི“5·20”གསུང་བཤད་ཐད་དུ། རྣམ་པ་གང་རུང་གི“ཐའེ་ཝན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ང་ཚོས་བཟོད་སྒོམ་གཏན་ནས་མི་བྱེད་པ་དང་རྒྱ་ཡན་དུ་གཏན་ནས་མི་གཏོང་བའི་རྣམ་འགྱུར་བསྟན།

  • ཕྱི་འབྲེལ་པུའི་མགྲིན་ཚབ་པས་དབྱི་རན་གྱི་ཙུང་ཐུང་ལའེ་ཞི་རྐྱེན་ལམ་དུ་ཤོར་བའི་གསར་འགོད་པའི་དྲི་བར་ལན་སྐྱོན་སྐབས། དོན་རྐྱེན་བྱུང་རྗེས་ཀྲུང་གོ་ཕྱོགས་ཀྱིས་ཚད་མཐོའི་དོ་ཁུར་བྱེད་པ་དང་འབྲེལ། དབྱི་རན་ཕྱོགས་ལ་དགོས་ངེས་ཀྱི་རྒྱབ་སྐྱོར་དང་གཞོགས་འདེགས་མཐའ་དག་བྱེད་འདོད་ཡོད་ཅེས་བཤད་པ་རེད།

  • ཚེས20ཉིན་ཚོང་དོན་པུས་སྤྱི་བསྒྲགས་གཉིས་ཁྱབ་བསྒྲགས་བྱས་ནས། ཐའེ་ཝན་ས་ཁུལ་དུ་དམག་སྤྱོད་དངོས་རྫས་བཙོང་བའི་ཨ་རིའི་ཀུན་སྤྱོད་མ་རྡུལ་མཁའ་འགྲུལ་མ་ལག་སྤྱི་གཉེར་སོགས་ཨ་རིའི་ཁེ་ལས་གསུམ་དང་། ཨ་རིའི་པོ་དབྱིན་འགོག་སྲུང་ལས་དོན། བར་མཐོངས་དང་བདེ་འཇགས་ཚོགས་པར་བློས་འགེལ་མི་རུང་བའི་དངོས་གཞིའི་གསལ་ཐོའི་ནང་འཇུག་རྒྱུ་ཡིན་པ་རེད།

སྤྱི་ཚོགས།

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་སྔོན་པོའི་སྔོན་བརྡ་བཏང་བ་དང་། དེ་རིང་ཧའེ་ནན་གླིང་ཕྲན་དང་ཀོང་ཏུང་ཧྥུ་ཅན་མཚོ་རྒྱུད་དུ་ཆར་པ་ཆེ་ཙམ་འབབ་པ་དང་། ས་ཁུལ་ཁག་གཅིག་ཏུ་དུས་ཐུང་བའི་ཆར་པ་ཆེན་པོ་འབབ་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་དང་རླུང་ཆེན་སོགས་གཏད་རྒྱུག་དྲག་པོའི་གནམ་གཤིས་ཡོད་པ་རེད།

  • རྒྱལ་ཁབ་སྦྲག་སྲིད་ཅུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱི་མྱུར་སྐྱེལ་ལས་སྒོའི་གྲངས་འབོར་རིམ་རྩིས་བྱས་ན་དུང་ཕྱུར508.1ཡོད་པ་དེ། དུས་མཚུངས་ལས24.5%འཕར་ཡོད།

  • སློབ་གསོ་པུས་ས་གནས་ཁག་གི་མཐོ་སློབ་ཁག་ལ་ཟླ5པ་ནས8པའི་བར2024ལོའི་མཐོ་སློབ་ཐོན་སློབ་མར་ལས་ཞུགས་ཀྱི“ཉིན་བརྒྱའི་གདོང་མཆོང”གི་བྱ་སྤྱོད་སྤེལ་རྒྱུའི་བཀོད་སྒྲིག་བྱས་ཡོད།

  • ཅང་སུའུ་ཞིང་ཆེན་སྲིད་གྲོས་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་ཝང་ཧའོ་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་གྱི་དོགས་གཞི་ཡོད་པ་དང་། མིག་སྔར་ཀྲུང་དབྱང་སྒྲིག་ཨུ་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་ཁྲིམས་ཞིབ་བཤེར་དང་ལྟ་ཞིབ་བརྟག་དཔྱད་དང་ལེན་བྱེད་བཞིན་ཡོད།

  •  རྒྱལ་སའི་གནམ་ཐང་གི་རྒྱལ་སྤྱི་དང་ས་ཁུལ་གྱི་འགྲུལ་པ་སྐྱེལ་འདྲེན་བྱེད་ཚད་ཉེ་ཆར་མི་ཐེངས་ཁྲི500ལས་བརྒལ་བ་དེ། ན་ནིང་གི་དུས་མཚུངས་ལས300%ལྷག་འཕར་ཡོད།

02.jpg

  • ཉེ་ཆར་རྒྱལ་ནང་གི་རང་བདག་ཤེས་བྱའི་བདག་དབང་ལྡན་པའི་ནུས་རྒྱུ་གསར་པའི་ཡང་རིགས་ལུས་རྩལ་གནམ་གྲུRX1E—Aགློག་སྒུལ་གཤོག་གཏན་གནམ་གྲུ་དངོས་སུ་རྩིས་སྤྲད་པ་རེད།

03.jpg

  • ཀོང་ཞིའི་པེ་ཧའེ་རུ་ཉེ་ཆར་ཉེན་ཆེའི་དངོས་རིགས་ཤིང་ཞི་པིང(膝柄木)གཉིས་པ་ཤེས་རྟོགས་བྱུང་པ་དང་། རང་རྒྱལ་གྱི་ཕྱི་རོལ་དུ་ད་བར་རྐང15ལས་ཤེས་རྟོགས་བྱུང་མེད།

  • ཚེས20ཉིན་ཅང་ཞི་ཀུའེ་ཞི་རུ་གྲི་བཟུང་ནས་མི་ལ་རྨས་སྐྱོན་བཏང་བའི་གྱོད་གཞི་བྱུང་ནས། མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་མི10ལ་རྨས་སྐྱོན་ཕོག་ཡོད། ཉེས་ཅན་ཕན་ག་གེ་མོ་སྤྱི་བདེ་ལས་ཁུངས་ཀྱིས་ཚོད་འཛིན་བྱས།

04.jpg

  • ཀྲེ་ཅང་ཝུན་ཀྲོའུ་ཡི་བུ་མོ་ཞིག་ཟམ་པའི་འགྲམ་དུ་བསྡད་དེ་ཟམ་པ་ནས་མར་ལྡིང་ནས་ལྕེབ་རྩིས་ཡོད་པར། ལམ་བར་དུ་ཡོད་པའི་དམག་འཁྱུར་དམག་མི་ཞང་ཕེང་ཅན་གྱིས་མཐོང་རྗེས། མྱུར་དུ་བུ་མོར་སེམས་གསོ་བྱས་ནས་བུ་མོ་ཟམ་པ་ནས་བླངས།

སྲིད་ཇུས།

  • ཧྲན་ཏུང་གིས2024ལོར་གྲོང་ཚོའི་འཕྲོད་བསྟེན་ཁང་ཁྲི1སྒྱུར་བཀོད་རིམ་སྤོར་བྱ་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན་པ་ཁ་གསལ་བཏོན་ཡོད།

  • ཧྲའན་ཞིས་བརྡ་ཐོ་བཏང་ནས། 2024ལོའི་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་བསྡུའི་ལས་དོན་དེ་གྲོང་ཁྱེར་ལས་བརྒལ་ནས་སློབ་མ་བསྡུ་རྒྱུ་ཕྱོགས་ཡོངས་ནས་མེད་པ་བཟོ་རྒྱུ་དང་འབྲེལ། ཁོངས་གཏོགས་ཁུལ་གྱི་སློབ་མ་བསྡུ་རྒྱུ་ཁྱོན་ཡོངས་ནས་མངོན་འགྱུར་བྱ་རྒྱུ་རེད།

  • ཧྲན་ཞིས་ཧྲན་ཞིའི་ཁྱད་ལྡན་ཐོན་རྫས་གྲགས་ཅན་དྲ་རྒྱའི་སིལ་འཚོང་བྱེད་ཚད་སྒོར་ཁྲི1000ཡན་ཟིན་པའི་ཁེ་ལས་ལ་སྐས་རིམ་ལྟར་ཕྱིར་འཚོང་བྱེད་ཚད་ཀྱི་བྱ་དགའ་སྤྲོད་རྒྱུ་ཡིན་པ་ཁ་གསལ་བཏོན།

དེ་རིང་གི་གནམ་གཤིས།

05.jpg

  • ཞིན་ཅང་གི་ནུབ་བྱང་རྒྱུད་དང་ཞིན་ཅང་གཤོང་ས། སི་ཁྲོན་གྱི་ལྷོ་ནུབ་རྒྱུད། ཁྲུང་ཆིང་ལྷོ་རྒྱུད། ཧུའུ་པེའི་ལྷོ་རྒྱུད། ཀུའེ་ཀྲོའུ་བྱང་རྒྱུད། ཧུའུ་ནན་བྱང་རྒྱུད། ཡུན་ནན་ལྷོ་རྒྱུད། ཀོང་ཏུང་གི་ས་ཆ་མང་ཆེ་བ། ཅང་ཞིའི་ལྷོ་རྒྱུད། ཧྥུ་ཅན། ཀྲེ་ཅང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན། ཐའེ་ཝན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་ཧའེ་ནན་གླིང་ཕྲན་གྱི་ས་ཆ་མང་ཆེ་བ་དང་། ཧྥུ་ཅན་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཀོང་ཏུང་ཤར་རྒྱུད་ཀྱི་མཚོ་རྒྱུད། ཡུན་ནན་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད།


མཉམ་སྤྱོད།