དེ་རིང་ནི2025ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞིང་ཆེན་གེ་སར་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་རྐང་ཚར་བསྐྱོད་པ།

2024-05-21 09:00:55   |   177

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཞི་ཅིན་ཕིང་གི་རིག་གནས་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ་དང་མཚོ་སྔོན་གྱི《གླིང་སྒྲུང》སྲུང་སྐྱོབ་དང་ཞིབ་འཇུག་བྱ་བར་སྐུལ་འདེད་ཧུར་ཐག་གཏོང་ཆེད། ཞིང་ཆེན་གླིང་སྒྲུང་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་རྐང་ཚ་རྫོང་མཚོ་འཁྱིལ་ཡུལ་ཚོར་བསྐྱོད་དེ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིང་ཕིང་གི《གླིང་སྒྲུང》སྐོར་གྱི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཞིང་ཆེན་ཏང་ཨུའི་ཧྲུའུ་ཅི་ཁྲིན་ཀང་གིས་མཚོ་སྔོན་མི་རིགས་བོད་རིག་པའི་སློབ་གླིང་དུ་རྟོག་ཞིབ་གནང་སྐབས《གླིང་སྒྲུང》བྱ་བའི་གསུང་བཤད་དགོངས་དོན་སློབ་སྦྱོང་དང་བརྒྱུད་སྒྲོག་སྒོས། གླིང་སྒྲུང་རྒྱུན་འཛིན་བྱ་བར་ཤེས་རྟོགས་བྱུང་ཚད་དང་ལྟ་སྐུལ་མཛུབ་ཁྲིད་ཏན་ཏིག་བྱས།

图片1.png

རྐང་ཚ་རྫོང་གེ་སར་རིག་གནས་བཞུགས་མོལ་ཚོགས་འདུའི་ཐོག་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་གྱི་རྒྱུན་ཨུའམ་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་མགོན་པོ་ཚེ་བརྟན་དང་། ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའི་པུ་ཀྲང་གཞོན་པའམ་ཁུལ་མི་རིགས་ཆོས་ལུགས་ལས་དོན་ཨུ་ལྷན་གྱི་ཀྲུའུ་རིན་ཆོས་རྒྱལ་སོགས་ཁུལ་དང་རྫོང་། ཡུལ་ཚོ་བཅས་རིམ་པ་གསུམ་གྱི་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་པས་ཞིང་ཆེན་གེ་སར་ལོ་རྒྱུས་སྙན་ངག་སྲུང་སྐྱོབ་ཞིབ་འཇུག་ལྟེ་གནས་ཀྱི་ཞིབ་འཇུག་པ་ཚོ་དང་མཉམ་དུ་མཚོ་བྱང་ཁུལ་གྱི《གླིང་སྒྲུང》རིག་གནས་སྔོག་འདོན་དང་མྱུར་སྐྱོབ། སྲུང་སྐྱོབ། རྒྱུན་འཛིན་བཅས་ཀྱི་བྱ་བར་གྲོས་བསྡུར་བྱས་ཏེ་མཚོ་འཁྱིལ་ཡུལ་ཚོ་དང་དགོན་པའི་དམངས་ཁྲོད་བོད་འཆམ་ལས། 《རྟ་རྒྱུག་རྒྱལ་འཇོག》འཁྲབ་སྟོན་ཐད་བྱེ་བྲག་གི་བསམ་ཚུལ་བཏོན། ཚང་མས་མགྲིན་གཅིག་ཏུ་བསྟན་དོན། རྐང་ཚ་རྫོང་གི《གླིང་སྒྲུང》གི་རིག་གནས་ཐོན་ཁུངས་ཕུན་སུམ་ཚོགས་པ་དང་གཟུགས་འདས་ཤུལ་བཞག་མང་བ། ན་གཞོན་སྒྲུང་པ་དང་ལོ་རྒྱུས་སྙན་ངག་རིག་གནས་ལ་དགའ་མཁན་དང་སྲུང་སྐྱོབ་མཁན་བཅས་ཀྱི་ཐུན་མོང་གི་འབད་བརྩོན་ལས། བྲ་སོག་དགོན་ནི“གླིང་སྒྲུང་རིག་གནས་སྲུང་སྐྱོབ་རྒྱུན་འཛིན་རྟེན་གཞི”ཡིན་པའི་ངོས་ནས་དུས་ཡུན་རིང་པོར་ས་གནས་ཀྱི《གླིང་སྒྲུང》རིག་གནས་སྔོག་འདོན་དང་སྲུང་སྐྱོབ། རྒྱུན་འཛིན་བཅས་ཀྱི་སྒོ་ཀུན་ནས་ས་གནས་ཀྱི《གླིང་སྒྲུང》རིག་གནས་འཁྲབ་སྟོན་སྒྲིག་ཁྲིད་བྱས་ཏེ། 《གླིང་སྒྲུང》གི་སྒྲུང་པ་དང་འཁྲབ་སྟོན་བྱེད་སྒོ་སོགས་ཀྱི་རྣམ་པ་སྤྱད་དེ་ཀྲུང་ཧྭའི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་དར་སྤེལ་བཏང་བས། ས་གནས་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་ཕུན་སུམ་ཇེ་ཚོགས་འགྲོ་བར་སྐུལ་བ་རེད།

图片2.png

图片3.png

རྟོག་ཞིབ་རིང་། བྲ་སོག་སྡེ་བ་དང་བྲ་སོག་དགོན་པའི་མཉམ་སྒྲུབ་བརྩམས་ཆོས《རྟ་རྒྱུག་རྒྱལ་འཇོག》ལ་གཟིགས།


མཉམ་སྤྱོད།