དེ་རིང་ནི2025ལོའི་ཟླ03པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་གིས་འོད་ནུས་རྣམ་གྲངས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་ལ་གསོན་ཤུགས་བསྩལ།

2024-05-21 11:25:50   |   225

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


2021ལོའི་ཟླ9པའི་ཚེས8ཉིན་རྒྱལ་ཁབ་ནུས་ཁུངས་ཅུའི་ཕྱོགས་བསྡུས་སི་ཡིས《རྫོང(གྲོང་ཁྱེར་དང་ཆུས)ཧྲིལ་པོའི་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་གསར་སྤེལ་ཚོད་ལྟའི་མིང་ཐོ་ཁྱབ་བསྒྲགས་བྱ་རྒྱུའི་སྐོར་གྱི་བརྡ་སྦྱོར》དཔར་འགྲེམ་བྱས་ཤིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རྒྱལ་ཡོངས་ཀྱི་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་གསར་སྤེལ་གྱི་སྤྱིར་བཏང་རྫོང་ཁོངས་སུ་བཅུག དེར་བརྟེན་རྐང་ཚ་རྫོང་གིས་རྫོང་གི་གནས་ཚུལ་དངོས་ལ་ཟུང་འབྲེལ་བྱས་ཏེ། “ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་དང་གྲོང་གསེབ་དར་སྤེལ་སྦྲེལ་མཐུད་ནུས་ལྡན”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་པས་གྲོང་གསེབ་དར་སྤེལ་ལ་རྒྱུན་མཐུད་སྐུལ་འདེད་གཏོང་བར་སྒུལ་ཤུགས་གསར་པ་བསྣན་ཡོད། 

རྐང་ཚ་རྫོང་གིས་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ས་གནས་ཀྱི་སྐྱེ་ཁམས་དཔལ་འབྱོར་འཕེལ་རྒྱས་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་གཅིག་གྱུར་འཆར་འགོད་དང་ལེགས་ཆ་འདོན་སྤེལ། ཐོན་ལས་མཉམ་འདྲེས་གཏིང་ཟབ་བཅས་ལ་ནུས་ཤུགས་བཏོན་ཞིང་། “རང་སྤེལ་རང་སྤྱོད་དང་ལྷག་ཚད་དྲ་ཞུགས”ཀྱི་རྣམ་པ་སྤྱད་དེ་ཕུན་སུམ་ཚོགས་པའི་ཉི་ནུས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པ་དང་། འོམ་ཆུ་གྲོང་རྡལ་དེའུ་དམར་སྡེ་བ་དང་རྐ་ཆུ་སྡེ་བ་དང་། གཡུ་དཀར་འོམ་ལུང་ཡུལ་ཚོ་ཡལ་ཤུལ་སྡེ་བ་དང་། མཚོ་འཁྱིལ་ཡུལ་ཚོ་ཆོས་རྒྱས་སྡེ་བ་བཅས་སུ་དྲ་སྦྲེལ་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་བསྐྲུན་ནས་གློག་འདོན་འཕྲུལ་འཁོར་གྱི་སྡོམ་འབོར་སྟོང་ཝ1004ཟིན་པ་དང་། རིམ་རྩིས་བྱས་ན་གློག་སྟོང་ཝ་ཁྲི66.15ཟིན་པ་བཏོན་ཡོད། སྡེ་བའི་ཐུན་མོང་དཔལ་འབྱོར་ལ་ཁེ་ཕན་སྒོར་ཁྲི15.75ཐོབ་ཡོད། ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་བསྐྲུན་པ་དེས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བར་རོགས་འདེགས་བྱེད་པ་དང་ཆབས་ཅིག་ཏུ་མང་ཚོགས་ལའང་དཔལ་འབྱོར་གྱི་ཕན་པ་ཆེན་པོ་བསྐྲུན་པ་དང་། དེ་ཡིས་རྐང་ཚ་རྫོང་གི་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་གློག་འདོན་ཐོན་ལས་སྐས་རིམ་གསར་པ་ཞིག་ཏུ་སླེབས་པ་མཚོན་ཡོད།

རྗེས་མར་རྐང་ཚ་རྫོང་གིས་མུ་མཐུད་དུ་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་གཏིང་ཟབ་གཏོང་བ་དང་མང་ཚོགས་ལ་དྲིལ་སྒྲོག་གཏིང་ཟབ་བྱས་ཏེ། མང་ཚོགས་ཀྱི་རྒྱབ་སྐྱོར་བརྩོན་ལེན་བྱས་ནས་མི་ཚང་མས་རྒྱབ་སྐྱོར་བྱེད་པའི་རྣམ་པ་བཟང་པོ་ཞིག་བསྐྲུན་རྒྱུ།    དེ་དང་ཆབས་ཅིག་ཏུ་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་དཔེ་སྟོན་རྫོང་འཛུགས་སྐྲུན་གྱི་མྱུར་ཚད་ཇེ་མགྱོགས་སུ་བཏང་ནས་མང་ཚོགས་རང་རྟོགས་ངང་ཁང་ཀླད་ཀྱི་ཁྱབ་ཚུལ་རྣམ་པའི་འོད་ནུས་རྣམ་གྲངས་ཀྱི་ལས་དོན་ནང་ཞུགས་པར་ཁྲིད་སྟོན་བྱས་ཏེ།  “ལྷད་མེད་གློག”ལ་བརྟེན་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་རྒྱུ།


མཉམ་སྤྱོད།