དེ་རིང་ནི2025ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་སྤྱི་ཁྱབ་ནགས(རྩྭ)དཔོན་བཀའ་རྒྱ་དང་པོ་ཁྱབ་བསྒྲགས་བྱས་ནས་ཁྲིམས་ལྟར་ནགས་རྩྭའི་ཐོན་ཁུངས་དོ་དམ་ལ་ཤུགས་བསྣན།

2024-05-21 15:05:39   |   483

རྩོམ་སྒྲིག  དོན་འགྲུབ་མཚོ།    ཡོང་ཁུངས།  འཛམ་གླིང་ཡང་རྩེའི་ཚན་སྤེལ་སྐད་འཕྲིན་སྤྱི་སྟེགས།   བཤེར་འབེབས།  རིན་ཆེན་ཚེ་རིང་།


640 [原始大小]~1.jpg

མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའི་ཉེ་ཆར་སྤེལ་བའི་གནས་ཚུལ་ལྟར་ན།  ཉེ་སྔོན། མཚོ་སྔོན་གྱིས་སྤྱི་ཁྱབ་ནགས(རྩྭ)དཔོན་བཀའ་རྒྱ་དང་པོ་སྟེ《ནགས་རྩྭའི་ཐོན་ཁུངས་དོ་དམ་ལ་ཁྲིམས་ལྟར་ཤུགས་སྣོན་བྱེད་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་ནས་མཚོ་སྔོན་ཞིང་ཆེན་གྱི་རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱིས་རྒྱལ་ཡོངས་དང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཚོགས་ཆེན་དང་ཞིང་ཆེན་རིམ་པའི་སྤྱི་ཁྱབ་ནགས(རྩྭ)དཔོན་ཚོགས་འདུའི་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ནགས་རྩྭའི་ཐོན་ཁུངས་ལ་ཁྲིམས་ལྟར་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་དགོས་པའི་བླང་བྱ་བཏོན་ཡོད།

ཤེས་རྟོགས་བྱུང་བ་ལྟར་ན། སྤྱི་ཁྱབ་ནགས(རྩྭ)དཔོན་བཀའ་རྒྱའི་ནང་རིམ་པ་སོ་སོའི་ནགས(རྩྭ)དཔོན་གྱིས་དངོས་སུ་སྐུལ་འདེད་བཏང་ནས“མགོ་ཁྲིད་དང་པོ”ཡི་འགན་འཁྲི་ཏན་ཏིག་གིས་ཁུར་ཏེ། ནགས་སྲུང་རྩྭ་སྲུང་གི་འགན་འཁྲི་ནན་ཏན་སྒོས་སྒྲུབ་པ་དང་ནགས་རྩྭའི་ཁྱབ་ཁོངས་སུ་གནས་པའི་གནད་དོན་ཞིབ་འཇུག་ཐག་གཅོད་བྱས་ཏེ་ནགས(རྩྭ)དཔོན་གྱི་ནུས་པ་དེ་སྣེ་ཁྲིད་ནས་དོ་དམ་དང་གནད་དོན་ཐག་གཅོད་བྱེད་པའི་ཐད་མངོན་པ་དང་།    ཞང་དང་གྲོང་རྡལ་རིམ་པའི་ནགས(རྩྭ)དཔོན་གྱིས་འགན་འཁྲི་སྒྲུབ་པར་མུ་མཐུད་དུ་ཤུགས་བསྣན་ཏེ་བཀོད་སྒྲིག་ཁག་དོན་ཐོག་ཏུ་འཁྱོལ་བར་འགན་ལེན་བྱ་དགོས།

དེ་དང་ཆབས་ཅིག་མཚོ་སྔོན་གྱིས《མཚོ་སྔོན་ཞིང་ཆེན་གྱི་ནགས(རྩྭ)དཔོན་ལམ་ལུགས་ཀྱི་ལས་དོན་སྲོལ་ཡིག》ཁྲིམས་འཛུགས་འཕེལ་རིམ་ལ་སྐུལ་འདེད་བཏང་ནས་ནགས(རྩྭ)དཔོན་ལམ་ལུགས་ཀྱི་ལས་དོན་བཀོད་གཏོང་དང་ལྟ་སྐུལ། བརྡ་བསྒྲགས་སོགས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་ལ། ཞིང་ཆེན་རིམ་པའི་འབྲེལ་ཡོད་སྡེ་ཁག་གིས་ཕྱུགས་རིགས་བཀག་སྡོམ་དང་རྩྭ་ཕྱུགས་དོ་མཉམ་དོ་དམ། རྩྭ་ཐང་གི་ཁྲིམས་འགལ་ནག་ཐིག(图斑)ཐག་གཅོད། རྩྭ་ཐང་གི་སྐྱེ་ཁམས་ཉམས་གསོའི་རྣམ་གྲངས་འཛུགས་སྐྲུན། རི་སྐྱེས་རྩི་ཤིང་སྲུང་སྐྱོབ་སོགས་འབྲེལ་ཡོད་ལམ་ལུགས་འཐུས་ཚང་དུ་གཏོང་རྒྱུ་ཡིན་པ་དང་། སྡེ་ཁག་དག་གིས་མཉམ་ལས་ལ་སྔར་བས་ཤུགས་བསྣན་ཏེ“ནགས(རྩྭ)དཔོན+”ལས་ཀའི་རྣམ་པ་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་ལས་ཀའི་མཉམ་ལས་སྟོབས་ཤུགས་ཆགས་སུ་འཇུག་རྒྱུ་རེད།

མཚོ་སྔོན་ཞིང་ཆེན་ནགས་རྩྭ་ཅུའི་འབྲེལ་ཡོད་སྡེ་ཁག་གིས་ངོ་སྤྲོད་བྱས་པར་གཞིགས་ན། མཚོ་སྔོན་གྱིས་ནགས་ཚལ་རྩྭ་ཐང་རླན་སའི་ཐོན་ཁུངས་ལ་ཁྲིམས་འཛིན་ལྟ་སྐུལ་དོ་དམ་བྱེད་པར་ཤུགས་བསྣན་ནས་སྡེ་ཁག་སོ་སོའི་མཉམ་འབྲེལ་དང་བྱང་འགེལ་ལྟ་སྐུལ། སྨྱན་སྦྱོར་གྱིས་དམར་འདོན་བྱེད་པ། ཉེན་བརྡ་དང་སྐོང་འདྲི། བྱ་དགའ་ཡོད་པའི་ཐེར་འདོན་སོགས་ཀྱི་བྱེད་ཐབས་ཕྱོགས་བསྡུས་སྒོས་སྤྱད་དེ་ནགས་ས་དང་རྩྭ་ཐང་། རླན་ས་བཅས་ལ་གཏོར་བརླག་གཏོང་བ་དང་། རི་སྐྱེས་སྲོག་ཆགས་དང་རྩི་ཤིང་གི་ཐོན་ཁུངས་ཁྲིམས་འགལ་ངང་ཉོ་ཚོང་བྱེད་པ་སོགས་ཀྱི་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་སྟེ་སྐྱེ་ཁམས་ཁོར་ཡུག་ལ་གནོད་འཚེ་བཏང་བར་སྐྱིན་ཚབ་འཇལ་བའི་ལམ་སྲོལ་དུས་ཐོག་ཏུ་ལག་བསྟར་བྱ་རྒྱུ་རེད།

དེ་དང་ཆབས་ཅིག་མཚོ་སྔོན་གྱིས་ནགས་ཚལ་ལྟ་བཤེར་ནག་ཐིག་དང་། རྩྭ་ཐང་འགྱུར་ལྡོག་ནག་ཐིག  རླན་སའི་དོགས་ཡོད་ཁྲིམས་འགལ་འཛུགས་སྐྲུན་གནད་དོན་ནག་ཐིག་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་དུ་མིའི་རིགས་ཀྱི་བྱེད་སྒོའི་རྒྱང་ཚོར་ལྟ་བཤེར་གནས་ཡུལ་ནག་ཐིག་བཅས་ཞིབ་བཤེར་ལ་མུ་མཐུད་དུ་སྐུལ་འདེད་བཏང་ནས་གནད་དོན་ནག་ཐིག་ཞིབ་བཤེར་ཚད100%ལ་སླེབས་པར་བྱ་རྒྱུ་རེད། ནགས་ས་རྩྭ་ས་རླན་ས་དང་རང་བྱུང་སྲུང་སྐྱོབ་ས་ཁུལ་གྱི་ཁྲིམས་འགལ་གནད་དོན་ནག་ཐིག་དག་ཐེར་དང་ཕྱིར་འཚོང་ལས་དོན་མུ་མཐུད་དུ་ཆེ་རུ་བཏང་སྟེ། གྱོད་གཞི་ཞིབ་བཤེར་ཐག་གཅོད་དང་དག་ཐེར་བྱེད་ཚད95%ཡན་ཟིན་པར་འགན་ལེན་བྱས་པ་བརྒྱུད་ཞིང་ཆེན་ཡོངས་ཀྱི་ནགས་ཚལ་དང་རྩྭ་ས་རླན་ས་བཅས་ལ་གཏོར་བརླག་གཏོང་བའི་གནད་དོན་ལ་ཕྱོགས་ཡོངས་ནས་བཀག་འགོག་བྱ་རྒྱུ་རེད། 


མཉམ་སྤྱོད།