དེ་རིང་ནི2025ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་མདོ་ལའི་ལབ་རྩེ་སྒང་ལྗོངས་ཁུལ་སྒོ་ཕྱེ་ནས་ཚོང་གཉེར་བྱས།

2024-05-21 15:07:30   |   295

རྩོམ་སྒྲིག  དོན་འགྲུབ་མཚོ།   ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།  བཤེར་འབེབས།  རིན་ཆེན་ཚེ་རིང་།


"5·19"ཀྲུང་གོའི་གནས་སྐོར་ཉིན་མོར། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་དུ་གནས་པའི་ལབ་རྩེ་སྒང་ལྗོངས་ཁུལ་གྱི་སྒོ་འབྱེད་མཛད་སྒོ་སྤེལ་ཏེ། གནས་སྐོར་བས་ལྷ་ཡུལ་མདོ་ལ་འཚོལ་ཞིབ་དང་མཁའ་ཟམ་གྱི་ཚོར་བ་ཉམས་སུ་མྱོང་པར་བསུ་བ་བྱས། ལྗོངས་ཁུལ་གྱིས་མདོ་ལ་རིང་མོའི་རི་ཁུལ་གྱི་མཛེས་ལྗོངས་ཐོན་ཁུངས་ལ་བརྟེན་ནས་ལྗོངས་གཟིགས་དང་གནས་སྐོར་སྤྲོ་གསེང་། རི་འཛེགས་འཚོལ་ཞིབ། རོལ་རྩེད་ཉམས་ལེན་སོགས་ཀྱི་ནུས་པ་གཞི་གཅིག་ཏུ་འདུས་པའི་རི་ཁུལ་ལུས་རྩལ་གྱི་ཁྱད་ཆོས་ལྡན་པའི་གནས་སྐོར་ཁུལ་ཞིག་བསྐྲུན་ཡོད།

图片1 [原始大小].jpg

图片4 [原始大小].jpg

ལབ་རྩེ་སྒང་ལྗོངས་ཁུལ་གྱིས་མདོ་ལ་རྫོང་གི་ཐུན་མོང་མ་ཡིན་པའི་རང་བྱུང་ཐོན་ཁུངས་དང་འོད་མདངས་བཀྲ་བའི་དམངས་སྲོལ་རིག་གནས་ལ་བརྟེན་ནས"རང་བྱུང་ལྟ་སྐོར+དམངས་སྲོལ་རིག་གནས་ཉམས་ལེན+རི་ཁུལ་མྱུལ་ཞིབ་ཉམས་ལེན"གྱི་རིག་གནས་གནས་སྐོར་ཐོན་རྫས་ཀྱི་རྣམ་པ་གསར་པ་བཏོད་ཡོད།

图片2 [原始大小].jpg

图片3 [原始大小].jpg

"ལབ་རྩེ་སྒང་ལྗོངས་ཁུལ་གྱི་ལྷོ་ངོས་ནི་ལོ་གང་བོར་ཞུ་བ་མེད་པའི་ཨ་མྱེས་སྟོང་སོའི་ཁ་བའི་ལྗོངས་ཁུལ་ཡིན་པ་དང་བྱང་ངོས་ནས་ཏན་ཞ་ས་གཤིས་མཐོང་ཐུབ་ལ། ནུབ་ངོས་སུ་སྟག་སྣ་མགོན་ཆུ་མཛོད་ཀྱི་བརྗིད་ཆགས་པའི་མཚོ་ངོས་ཀྱི་ལྗོངས་རྣམ་མཐོང་ཐུབ། ཤར་ངོས་ནས་མདོ་ལ་རྫོང་གི་ཤར་སྒོའི་ལྗོངས་ཁུལ་ཧྲིལ་བོར་ལྟ་ཐུབ།


མཉམ་སྤྱོད།