དེ་རིང་ནི2025ལོའི་ཟླ03པའི་ཚེས16ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཁེ་ལས་ཀྱིས་ཞིང་བ་དང་མཉམ་དུ་ཞིང་ལས་སྣེ་ཁྲིད་བྱེད་པ།

2024-05-21 17:52:01   |   950

རྩོམ་སྒྲིག ཀླུ་མོ་མཚོ།      ཡོང་ཁུངས། མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།     བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མདའ་བཞི་རྫོང་གིས་ཁེ་ལས་ཀྱིས་ཞིང་བ་དང་མཉམ་དུ་ཞིང་ལས་སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། “སྲིད་གཞུང་གིས་ཁྲིད་སྟོན་དང་ཁེ་ལས་ཀྱིས་གཙོ་ཁྲིད། ཐོན་ལས་འདེགས་སྐྱོར། མཉམ་ལས་ཁང་གིས་སྣེ་ཁྲིད་བྱེད་པ། རོང་འབྲོག་དུད་ཚང་ཞུགས་པ”བཅས་ཀྱི“ཕྱོགས་མང་མཉམ་སྦྱོར”གྱི་མཉམ་ལས་རྣམ་པ་བརྒྱུད། ཁེ་ལས་དང་རོང་འབྲོག་པའི་བར་ཞིང་བ་དང་མཉམ་དུ་ཁེ་ཕན་འབྲེལ་མཐུད་བྱེད་པའི་ལམ་སྲོལ་འཛུགས་རྒྱུར་ཁྲིད་སྟོན་བྱས་ནས། ཞིང་པའི་ཡོང་འབབ་འཕར་བ་དང་ཁེ་ལས་ཀྱི་ཕན་འབྲས་ཐོན་པའི“གཉིས་ཁེ”མངོན་འགྱུར་བྱུང་ཡོད། 

རྫོང་ཨུ་དང་རྫོང་སྲིད་གཞུང་གི་སྣེ་ཁྲིད་འོག རྫོང་ཡོངས་ཀྱི་ཁེ་ལས་ཁག་གིས་ཞིང་བ་དང་མཉམ་དུ་ཞིང་ལས་སྣེ་ཁྲིད་བྱེད་པའི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཕྱུག་ཁྲིད་ཀྱི“སྐྱེལ་འདྲེན་ནུས་པ”ཆེ་རུ་བཏང་ནས་གྲོང་གསེབ་དར་སྤེལ་གཏོང་ཆེད་ཁེ་ལས་ཀྱི་སྟོབས་ཤུགས་ལེགས་སྐྱེས་སུ་ཕུལ་ཡོད། ཞ་ཧྭ་སྤྱི་གཉེར་གྱི“སྤྱི་གཉེར+རྟེན་གཞི+མཉམ་ལས་ཁང+རོང་འབྲོག་དུད་པའི”མཉམ་ལས་བྱེད་སྟངས་ཐོག་ནས“གནས་བརྒྱད་གཞི་གཅིག་ཅན”གྱི་སྐྱེ་ཁམས་ཐོན་ལས་སྦྲེལ་ཐག་ལ་བརྟེན་ནས། ལས་ཞུགས་ལས་གནས་མཁོ་འདོན་དང་འདེབས་གསོ་གྲོས་མཐུན་འཇོག་རྒྱུ་སོགས་ཀྱི་རྣམ་པའི་ཐོག་ནས་ཁེ་ཕན་འབྲེལ་མཐུད་བྱེད་པ་དང་། “ཞིང་ལས་དང་ཞིང་ལས་གཉིས་ཁེ”ཡི་བྱེད་སྟངས་གསར་པ་འཚོལ་ཞིབ་བྱས་ཏེ། རོང་འབྲོག་པར་ལས་ཀ་བྱེད་པར“གླ་ཕོགས”དང་འདེབས་གསོ“ཁེ་བཟང་”དངོས་སུ་མངོན་འགྱུར་བྱུང་ཡོད། ཁུའུ་ཁུའུ་ནོར་སྤྱི་གཉེར་གྱིས་ཟི་ལིང་དང་ལིན་དབྱི། ཝེ་ཧའེ་སོགས་སུ་ནོར་ཤ་ཐད་འཚོང་ཚོང་ཁང4བཙུགས་པ་དང་འབྲེལ་ཁེ་ལས་དང་མཉམ་ལས་བྱས་པ་དང་། མཚོ་བྱང་བོད་ལུག་སྤྱི་གཉེར་བཙུགས་ནས་ཚལ་བཟོས་ཐོན་སྐྱེད་ལས་སྣོན་བྱས་པ། རོང་འབྲོག་དུད་ཚང200དང་ཆེད་ལས་མཉམ་ལས་ཁང4ལ་སྐུལ་ཁྲིད་བྱས་ནས་མཐའ་འཁོར་མང་ཚོགས20ལྷག“སྒོ་འགྲམ”ལས་ཞུགས་ཐུབ་རྒྱུར་རོགས་རམ་བྱས་ཏེ། ཕྱོགས་མང་མཉམ་ལས་དང་ཕྱོགས་མང་ཁེ་ཕན”ཕྱོགས་གཉིས་ཁེ་ཕན་ཡོང་བ་བྱས་ཡོད། བོན་གྱ་འབྲོག་རས“ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་ཕ་ཡུལ་དར་སྤེལ་གཏོང་བའི”འདུ་ཤེས་མཐའ་འཁྱོངས་བྱས་ནས། “མང་ཚོགས་དེ་བས་མང་བ་ཞིག་ལ་གནས་སྐོར་གྱི་སྣེ་ལེན་བྱེད་པའི”དམིགས་ཚད་ལ་དམིགས་ཏེ་ལས་ཞུགས་ལས་གནས་མཁོ་འདོན་དང་དབུལ་སྐྱོར། རོལ་རྩེད་རྣམ་གྲངས་བཅའ་སྡོད་བྱས་ནས་ཁེ་སྤོགས་བགོ་རྒྱུ་སོགས་སྣེ་ཁྲིད་བྱེད་སྟངས8བརྒྱུད། དབུལ་སྒྲོལ་མང་ཚོགས་ཀྱི་ལས་ཞུགས་བརྟན་པོ་དང་ཡོང་འབབ་འཕར་རྒྱུར་སྐུལ་འདེད་བཏང་། སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་ཁེ་ཕན་ཆེ་རུ་གཏོང་བ། རིག་གནས་གནས་སྐོར་ཐོན་ལས་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བཅས་བྱས་ཡོད། མདའ་བཞི་ཚོ་བས“རོགས་སྐྱོབ་རྣམ་པ་དང་ལྕག་སྐུལ་རྣམ་པ། ཁྲིད་སྟོན་རྣམ་པ”བཅས་ཀྱི་ཞིང་ལས་དང་ཞིང་ལས་སྣེ་ཁྲིད་བྱེད་སྟངས་མཐའ་འཁྱོངས་བྱས་ནས། “དངུལ་རྩའི་དབུལ་སྐྱོར་དང་ཕྱོགས་གཏན་འཁེལ་གྱི་དུད་ཚང་འགན་གཙང་ལེན་གྱི་ཕུགས་ཕན་རོགས་སྐྱོར”བརྒྱུད། སྡེ་བ་རིམ་པའི་ཆེད་ལས་མཉམ་ལས་ཁང5དང་ཁེ་ཕན་འབྲེལ་མཐུད་ལམ་སྲོལ་བཙུགས་པ་དང་འབྲེལ་ཐོན་ལས་རོགས་སྐྱོར་གྱི་རྣམ་པ་རིམ་བཞིན་བཙུགས་ནས་མངགས་ཐོ་ཕྱིར་འཚོང་དང་མི་སྤྱོད་པ། རོགས་སྐྱོར་རོགས་སྐྱོབ། གཉེར་སྐྱོང་ཐད་ཀར་ཞུགས་པ། ཁེ་སྤོགས་བགོ་བོའི་ནང་ཞུགས་པ་སོགས་ཀྱི་བྱ་ཐབས་བརྒྱུད་གྲོང་གསེབ་དར་སྤེལ་གཏོང་རྒྱུར་རོགས་རམ་བྱེད་ཀྱི་ཡོད་པ་རེད། 

ཐེངས་རྗེས་མར་མདའ་བཞི་རྫོང་གིས“ཁེ་ལས”སྟོབས་ཤུགས་མུ་མཐུད་བེད་སྤྱོད་ཡག་པོ་དང“སྡེ་བ”ཡི་རྩོམ་ཡིག་ཡག་པོ་བྲིས་ནས་ཁེ་ལས་ཀྱིས་བྱ་ཐབས་སྣ་ཚོགས་ཀྱི་ཐོག་ནས་རོང་འབྲོག་དང་དཔལ་འབྱོར་གྱི་ཐུན་མོང་སྒྲིག་གཞི་དང་ཁེ་ཕན་གྱི་ཐུན་མོང་སྒྲིག་གཞི་ཆགས་པར་ཁྲིད་སྟོན་བྱས་ཏེ། གསར་གཏོད་ནུས་ལྡན་དང་ཐོན་ལས་ཀྱི་འབྲེལ་ཐག་ཆ་ཚང་བ། སྤུས་རྟགས་ཀྱི་ཁྱད་ཆོས་གསལ་བ། ཞིང་ལས་དང་ཞིང་ལས་ལ་བརྟེན་ནས་ཞིང་ལས་དར་རྒྱས་ཡོང་བ་བྱེད་དགོས། 


མཉམ་སྤྱོད།