དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-22 06:56:46   |   1588

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཉེ་ཆར།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀར་ཏ་ན•ཞི་ལི་ཡ་ནུའོ་ཧྥུ་སི་ཁ•ཏ་ཧྥུ་ཁོ་ཝ་ལ་གློག་འཕྲིན་བཏང་ནས། ཁོང་གིས་བྱང་མ་ཆི་ཏུན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་གི་འགན་བཞེས་པར་རྟེན་འབྲེལ་ཞུས། 

  • ཟླ5ཚེས20ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མུའུ་ཧན་མོ་ཏེ•དབྱི་ཏེ་ལི་སི•ཏེ་པི•དབྱི་ཐེ་ནུའོ་ལ་གློག་འཕྲིན་བཏང་ནས། ཁོང་ཆ་ཏེ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ལ་བདམས་པར་རྟེན་འབྲེལ་ཞུས། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་གྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར་གཏན་འཇགས་རྒྱུ་ནོར་གྱི་མ་འཇོག་རྣམ་གྲངས་ཁག50ལ་ཞིབ་མཆན་བཀོད་པར་ཁྱོན་མ་དངུལ་སྒོར་དུང་ཕྱུར3207བཏང་ཡོད་པ་རེད། 

  • ནོར་སྲིད་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་བཞི་པའི་ཟླ་སྟོད་བར། ཀྲུང་དབྱང་གིས་ས་གནས་ལ་སྤོ་སྒྱུར་གཏོང་སྤྲོད་བྱེད་ཚད་སྒོར་དུང་ཕྱུར་ཁྲི8.68གཤམ་སྤྲོད་བྱས་ཡོད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ཟླ་དང་པོ་ནས་བཞི་པའི་བར། རྒྱལ་ཡོངས་ཀྱི་དྲ་ཐོག་སིལ་འཚོང་བྱེད་ཚད་སྒོར་དུང་ཕྱུར་ཁྲི4.41ཡིན་པ་དེ། དུས་མཚུངས་ལས11.5%འཕར་ཡོད། 

  • བཟོ་འཕྲིན་པུས་ཁྱབ་བསྒྲགས་བྱས་པའི་གྲངས་གཞི་ལྟར་ན། ཟླ་དང་པོ་ནས་བཞི་པའི་བར། གློག་འཕྲིན་ལས་སྒོའི་ཡོང་འབབ་རིམ་རྩིས་བྱས་ན་སྒོར་དུང་ཕྱུར5924ཡོད་པ་དེ་དུས་མཚུངས་ལས4%འཕར་ཡོད། 

    d25c6a22b2cc55567953260f69aaec8.jpg

  • ཚེས21ཉིན་གྱི་ཆུ་ཚོད12སྐར15སྟེང་། རང་རྒྱལ་གྱིས་ཅིའུ་ཆོན་སྲུང་སྐར་འཕེན་གཏོང་ལྟེ་གནས་སུ་མྱུར་གྲུ་བཅུ་གཅིག་པའི་རྒྱང་ཚོར་བཞིའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་སྤྱད་དེ། ཝུའུ་ཧན་སྲུང་སྐར་དང་པོ་དང་འཁོར་ལམ་དམའ་བའི་ལག་རྩལ་ཚོད་ལྟའི་སྲུང་སྐར་བདེ་བླག་ངང་འཕེན་གཏོང་བྱས་པ་རེད། 

  • ས་གནས་དེ་གའི་དུས་ཚོད་གྱི་ཚེས20ཉིན། ཀྲུང་གོས་ཕྱི་རྒྱལ་དུ་ཕྱིར་གཏོང་བྱས་པའི“ཧྭ་ལུང་རྟགས་ཅན་དང་པོའི”ཉིང་རྡུལ་གློག་གི་འཕྲུལ་ཚན་སྟེ་ཕ་ཁི་སི་ཐན་ཁ་ལ་ཆི་ཉིང་རྡུལ་གློག་གི་འཕྲུལ་ཚན2པ་མཐར་ཐུག་གི་ཞིབ་བཤེར་རྩིས་ལེན་བྱས་པ་རེད། 

  • ཚེས21ཉིན། ཕྱི་འབྲེལ་པུས་ཨ་རིའི་རྒྱལ་ཚོགས་ཀྱི་གྲོས་མི་ཟུར་པ་སྔོན་མ་ཅ་ཀེར་ལ་འགོག་རྒོལ་བྱེད་ཐབས་སྤྱོད་རྒྱུའི་གཏན་འབེབས་བྱས་པ་རེད། 

    སྤྱི་ཚོགས།

  • རྒྱལ་ཁབ་སྨན་རྫས་ལྟ་སྐུལ་ཅུ་དང་རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་གྱིས་ཉེ་ཆར་བརྡ་ཐོ་བཏང་ནས། ཡིའུ་མེ་ཧྲ་ཧྥུན་སོགས་སྨན་རྫས་དོ་དམ་ལ་ཤུགས་སྣོན་བརྒྱབ་ཡོད། 

  • ཚེས21ཉིན་བར། ད་ལོར་ཀང་ཀྲུའུ་ཨའོ་ཟམ་ཆེན་གྱི་ཀྲུའུ་ཧའེ་གཞུང་ལམ་འགག་སྒོ་བརྒྱུད་ས་མཚམས་ནས་འགྲོ་འོང་བྱེད་མཁན་འགྲུལ་པ་མི་ཐེངས་ཁྲི1000ལས་བརྒལ་བ་དེ། དུས་མཚུངས་ལས127.7%ལྷག་འཕར་ཡོད། 

    d8f9f14b20240aafae0be9ac5abf374.jpg

  • ཚེས21ཉིན། ད་ལོ་རྒྱལ་ཡོངས་ཀྱི་གསར་དུ་བསྐྲུན་པའི་གཤེར་འགྱུར་རང་བྱུང་སོལ་རླངས་བསྡུ་ལེན་ས་ཚིགས་ཀྱི་རྣམ་གྲངས་ཐོག་མ་ཧྥུ་ཅན་དུ་བཙུགས་ནས་ཐོན་སྐྱེད་བྱེད་མགོ་བརྩམས་པ་རེད། 

  • ཀྲུང་གོའི་མཚོ་ཐོག་ཉེན་རྟོག་པས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོར་རིམ་པ་ཁག་གི་མཚོ་ཐོག་ཉེན་རྟོག་སྒྲིག་གཞིས་ལྐོག་འཚོང་ལ་རྡུང་རྡེག་བཏང་བའི་གྱོད་གཞིའི་རིན་ཐང་སྒོར་དུང་ཕྱུར14.9ཡིན་པ་དང་། དུག་རྫས་ཏུན4.2གཞུང་བཞེས་བཏང་ཡོད། 

  • ཉེ་ཆར། ཀྲུང་གོའི་འཁོར་ལམ་དམའ་བའི་ཡངས་ལམ་སྲུང་སྐར་དྲ་སྦྲེལ་ཐེ་ལན་དུ་ཚོད་ལྟ་ར་སྤྲོད་ཐེངས་དང་པོ་བྱས་པ་དེ་ནི་ཀྲུང་གོའི་འཁོར་ལམ་དམའ་བའི་ཡངས་ལམ་སྲུང་སྐར་དྲ་སྦྲེལ་གྱི་ཕྱི་རྒྱལ་དུ་བཀོལ་སྤྱོད་འཚོལ་ཞིབ་ལག་ལེན་བྱེད་ཐེངས་དང་པོ་དེ་ཡིན། 

    5ae68b09f03c09e284a441c176a7903.jpg

  • རང་རྒྱལ་གྱི་ཚན་ཞིབ་ལས་དོན་པས་སྙིང་ཤ་སྐྱེ་འཕེལ་དང་བསྐྱར་སྐྱེས་ཀྱི་ལྟ་བ་གསར་པ་བཏོན་ནས་འབྲེལ་ཡོད་དཔྱད་རྩོམ་དེ་ཉེ་ཆར་སྙིང་ཁམས་ཁྲག་རྩའི་ཁྱབ་ཁོངས་ཀྱི་རྒྱལ་སྤྱིའི་རིག་གཞུང་དུས་དེབ《འཁོར་སྐྱོད》ཐོག་སྤེལ་ཡོད། 

  • ཉེ་ཆར། ཁྲུང་ཆིང་ཉེན་རྟོག་ཕྱོགས་ཀྱིས་ཡིད་རྟོན་བྱང་བུ་སྤྱད་དེ་དངུལ་སྨར་ཚབ་སྤྲོདAppགྱོད་གཞི་ཞིག་རྩད་ཆོད་པ་དང་། འབྲེལ་ཡོད་དངུལ་འབོར་སྒོར་དུང་ཕྱུར60ལས་བརྒལ་ཡོད་པ་རེད། 

  • ཚེས20ཉིན་གྱི་ཕྱི་དྲོར། ཅིང་ཏེ་གྲོང་རྡལ་གྱིས2023ལོར་གཞུང་བཞེས་བཏང་བའི་གྱོད་འབྲེལ་རིག་དངོས་རྩིས་སྤྲོད་མཛད་སྒོ་འཚོགས་པ་དང་། ཡུལ་དངོས་སུ་གྱོད་འབྲེལ་རིག་དངོས་ཆ་ཚང231རྩིས་སྤྲད་པ་རེད། 

    640.gif

  • ཧའེ་ནན་ཧའེ་ཁོའུ་ཡི་བུ་མོ་ཞིག་ཟམ་ཆེན་ཐོག་ནས་རྒྱ་མཚོའི་ནང་དུ་ལྷུང་བ་དང་། ལམ་བར་དུ་ཡོད་པའི་ཕོ་གསར་ཕེང་ལུང་དང་གྲོགས་པོ་ཚོ་འཕྲལ་དུ་མཚོ་འགྲམ་ནས་མཆོངས་ཤིང་། མི་གསུམ་གྱིས་ཁྲིད་འཐེན་འདྲུད་གསུམ་གྱིས་སྐར་མ་གསུམ་རིང་བུ་མོ་སྐྱོབ་ཐུབ་པ་བྱུང་ཡོད། 

    སྲིད་ཇུས།

  • ཧྲང་ཧའེ་ཡིས་བརྡ་ཐོ་བཏང་ནས་ཟླ6ཚེས1ཉིན་ནས་བཟུང་། “སྦྲུམ་རྟེན་གསོ་སྐྱོང”སོགས་སྐྱེ་འཕེལ་ལག་རྩལ་ཁག12སྨན་སྐྱོབ་ཀྱི་གཏོང་སྤྲོད་ནང་འཇུག་རྒྱུ་རེད། 

  • ཀྲེ་ཅང་གིས་བསམ་འཆར་དཔར་འགྲེམ་བྱས་ནས། གཞི་གྲངས་ཤེས་བྱའི་བདག་དབང་ཐོ་འགོད་ཀྱི་མྱུར་བགྲོད་བགྲོད་ལམ་བཏོད་དེ་ཞིབ་བཤེར་ཐེངས་དང་པོར་ཆ་སྙོམས་བྱས་ན་ལས་ཀའི་ཉིན10ནང་ཚུན་དུ་ཉུང་འཕྲི་བྱས་ཡོད། 

  • ཧྲའན་ཞིས་ཇུས་གཞི་བཏོན་ནས་ཡུལ་གཞན་དུ་སྡོད་ཁང་སྤྱི་གསོག་མ་དངུལ་གྱི་ལས་སྒོ་གཉེར་སྐབས། གློག་རྡུལ་ཨང་གྲངས་སྤྱོད་ཆོག་པ་དང་དེ་སྔའི་ཤོག་བུའི་དཔང་ཡིག་དང་དུས་གཅིག་ཏུ་གོ་ཆོད་ཡོད་པ་རེད། 

    དེ་རིང་གི་གནམ་གཤིས།

    5.jpg

  • ཀྲེ་ཅང་ལྷོ་རྒྱུད་དང་ཧྥུ་ཅན། ཅང་ཞིའི་ལྷོ་རྒྱུད། ཀོང་ཏུང་གི་དབུས་ཤར་རྒྱུད། ཧའེ་ནན་གླིང་ཕྲན་བཅས་དང་། དེ་བཞིན་ཡུན་ནན་ལྷོ་རྒྱུད་སོགས་སུ་ཆར་པ་འབྲིང་བ་ནས་ཆེ་བ་ཡོད་པ་དང་། དེའི་ནང་ཧྥུ་ཅན་ལྷོ་རྒྱུད་དང་། ཀོང་ཏུང་གི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་གྱི་དབུས་ལྷོ་རྒྱུད་སོགས་ས་ཁུལ་དུ་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།