དེ་རིང་ནི2025ལོའི་ཟླ03པའི་ཚེས15ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཆིང་ཧྭ་དང་པེ་ཅིང་སློབ་ཆེན་དུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སྒྲོག་འགྲེལ་བྱས།

2024-05-22 09:21:01   |   1564

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཆིང་ཧྭ་དང་པེ་ཅིང་སློབ་ཆེན་དུ་མདེལ་གཉིས་སྐར་གཅིག་གི་སྙིང་སྟོབས་སྒྲོལ་འགྲེལ་བྱས་པ།

མཚོ་སྔོན་ཞིང་ཆེན་མཚོ་བྱང་ཁུལ་གྱི“མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་སྒྲོག་འགྲེལ་ཚོགས་པ་ཆིང་ཧྭ་སློབ་ཆེན་དང་པེ་ཅིང་སློབ་ཆེན་སོགས་མཐོ་སློབ་ཏུ་ཕྱིན་ཏེ་རྒྱ་ཆེའི་དགེ་སློབ་ཚོར《རྟག་བརྟན་འགྱུར་མེད་ཀྱི་གསེར་དངུལ་ཐང་། “མདེལ་གཉིས་སྐར་གཅིག”གི་སྙིང་སྟོབས་ནམ་ཡང་ཉམས་པ་མེད》ཅེས་པ་བརྗོད་དོན་བྱས་པའི་སྒྲོག་འགྲེལ་བྱ་འགུལ་སྤེལ། སྒྲོག་འགྲེལ་བྱ་འགུལ་གྱིས་བརྙན་ལམ་དང་འདྲ་པར། གཏམ་བརྗོད། ལོ་རྒྱུས་བསྐྱར་མངོན་སོགས་ཀྱི་རྣམ་པ་བརྒྱུད་དེ། “མདེལ་གཉིས་སྐར་གཅིག”གི་ལོ་རྒྱུས་ཕྱིར་དྲན་བྱས་པ་དང་། རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”བྱ་གཞག་གི་ཐབས་ཇུས་དང་། ས་ཆ་འདེམས་པ། ཞིབ་བཟོ། ཚོད་ལྟ་བཅས་ཀྱི་དཀའ་ཚེགས་ཆེ་བའི་ལོ་རྒྱུས་ལ་ཕྱིར་དྲན་བྱས་ཤིང་། ཀུའོ་ཡུང་ཧུའེ་དང་ཏེང་ཅ་ཞན་གྱིས་མཚོན་པའི“མདེལ་གཉིས་སྐར་གཅིག”ལས་དོན་ལ་བྱས་རྗེས་ཆེ་བའི་ཚན་རིག་མཁས་ཅན་གྱིས་གསེར་དངུལ་ཐང་དུ་མཚན་སྦ་གསང་བྱས་ཏེ་མི་ཚེ་བྱ་བཞག་ལ་ཕུལ་བའི་མི་སེམས་འགུལ་བའི་མཛད་པ་དང་། གསེར་དངུལ་ཐང་གི་འབྲོག་པ་མང་ཚོགས་དང་རྒྱ་ཆེའི་ཚན་རྩལ་ལས་དོན་པ། མིང་མེད་པའི་དཔའ་བོ་སོགས་ཚོགས་སྤྱིས་རང་རྒྱལ་གྱི“མདེལ་གཉིས་སྐར་གཅིག”གི་རླབས་ཆེན་བྱ་གཞག་ལ་ལེགས་སྐྱེས་གལ་ཆེན་ཕུལ་བ་སོགས་ཀྱི་ལོ་རྒྱུས་བརྗོད་པ་བརྒྱུད། རང་རྒྱལ་གྱི་ཉིང་རྡུལ་མཚོན་ཆ་ཞིབ་བཟོའི་རྟེན་གཞི་དང་པོའི་གལ་ཆེའི་ལོ་རྒྱུས་གོ་གནས་མཚོན་པར་བྱས།

2.jpg

པེ་ཅིན་སློབ་ཆེན་གྱི་དངོས་ལུགས་སློབ་གླིང་གི་སློབ་མ་ཀྲུའུ་ཞི་ཝེ།

པེ་ཅིན་སློབ་ཆེན་གྱི་དངོས་ལུགས་སློབ་གླིང་གི་སློབ་མ་ཀྲུའུ་ཞི་ཝེ་ཡིས་བཤད་རྒྱུར། ང་ཚོའི་སློབ་གྲྭར་ཉིང་རྡུལ་དངོས་ལུགས་དང་འབྲེལ་བ་ཡོད་པ་དཔེར་ན་ཉིང་རྡུལ་འདུས་འགྱུར་དང་འབྲེལ་བ་ཡོད་པའི་ཆེད་ལས་ཁ་ཕྱོགས་ཡོད། ང་ཚོས་སྔོན་རབས་པའི་དཀའ་སྤྱད་འབད་བརྩོན་དང་ཚན་རིག་ཞིབ་འཇུག་གི་སྙིང་སྟོབས་ལ་སློབ་སྦྱོང་བྱས་ཏེ། རང་རྒྱལ་གྱི་ཚན་རིག་བྱ་གཞག་ལ་རང་ཉིད་ཀྱི་སྟོབས་ཤུགས་འབུལ་དགོས་ཞེས་བཤད།

3.jpg

ཆིང་ཧྭ་སློབ་ཆེན་གྱི་ཉིང་རྡུལ་ནུས་པ་དང་ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཏུའུ་ཧའོ་མིང་།

ཆིང་ཧྭ་སློབ་ཆེན་གྱི་ཉིང་རྡུལ་ནུས་པ་དང་ནུས་རྒྱུ་གསར་པའི་ལག་རྩལ་ཞིབ་འཇུག་ཁང་གི་འབུམ་རམས་པ་ཏུའུ་ཧའོ་མིང་གིས་བཤད་རྒྱུར། ད་ཐེངས་ཀྱི་སྒྲོག་འགྲེལ་ཁྲོད་ང་ལ་མྱོང་ཚོར་ཟབ་མོ་ཞིག་བཞག་པ་ནི་གསེར་དངུལ་ཐང་གི་མང་ཚོགས་རྣམས་ཀྱི་བཀའ་དྲིན་ཡིན་ཞིང་། ཁོང་ཚོས་རྒྱལ་ཁབ་འཛུགས་སྐྲུན་བྱེད་ཆེད་ཁྱིམ་གཞིས་དོར་ནས་རང་འགུལ་ངང་གནས་སྤོར་བྱས་པའི་མི་སེམས་འགུལ་བའི་བྱས་རྗེས་དེ་ཡིན། རླབས་ཆེན་གྱི་བྱ་གཞག་ཅིག་གི་མདུན་དུ་རླབས་ཆེན་གྱི་མིས་བྱས་རྗེས་འཇོག་ཐུབ་ལ། མི་ཕལ་བ་ཞིག་གིས་ཀྱང་བྱས་རྗེས་འཇོག་ཐུབ་ཅེས་བཤད།


མཉམ་སྤྱོད།