དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་གི་མི་གཅིག་རྒྱལ་ཡོངས་གསར་བརྗེའི་གནས་སྐོར་གྱི་བཟང་བོ་ལྔ་ལྡན་གྱི་འགྲེལ་བཤད་པར་བདམས།

2024-05-23 15:02:34   |   1284

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་ཉིན་རེའི་ཚགས་པར། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ5པའི་ཚེས22ཉིན་མཚོ་སྔོན་ཞིང་ཆེན་རིག་གནས་དང་གནས་སྐོར་ཐིང་ནས་གཏམ་བཟང་བསྒྲགས་པ་ལྟར་ན། རིག་གནས་དང་གནས་སྐོར་པུའི་གཞུང་དོན་ཐིང་གིས་ཉེ་ཆར《2024ལོའི་རྒྱལ་ཡོངས་ཀྱི་གསར་བརྗེའི་གནས་སྐོར་གྱི་བཟང་བོ་ལྔ་ལྡན་གྱི་འགྲེལ་བཤད་པ་གསོ་སྐྱོང་རྣམ་གྲངས་ཀྱི་འགྲེལ་བཤད་པའི་མིང་ཐོའི་ནང་ཚུད་པའི་སྐོར་གྱི་བརྡ་ཐོ》ཁྱབ་བསྒྲགས་བྱས་པ་དང་། ཡོངས་བསྒྲགས་ངང་འོས་སྦྱོར་དང་སྤྱི་བསྒྲགས་སོགས་ཀྱི་ལྷུ་ཚིགས་བརྒྱུད་ཀྲུང་གོ་མི་དམངས་རི་འགོག་དམག་འཁྲུག་དྲན་གསོ་ཁང་གི་ཝང་ཅིན་ཅིན་སོགས་འགྲེལ་བཤད་པ101མིང་ཐོའི་ནང་བདམས། དེའི་ནང་མཚོ་སྔོན་ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དྲན་གསོ་ཁང་གི་ཧྥན་ལིན་དང་། མཚོ་སྔོན་མ་རྡུལ་མཁར་དྲན་གསོ་ཁང་གི་ཅིན་ཧྭ་དང་། ཀྲུང་གོ་བཟོ་ཞིང་དམར་དམག་ནུབ་ལམ་དམག་དྲན་གསོ་ཁང་གི་ཀོན་ཡན་བཅས་མི་གསུམ་མིང་ཐོའི་ནང་ཚུད་འདུག

མིག་སྔའི་བར་དུ་འགྲེལ་བཤད་པ407རྒྱལ་ཡོངས་ཀྱི་གསར་བརྗེའི་གནས་སྐོར་གྱི་བཟང་བོ་ལྔ་ལྡན་གྱི་འགྲེལ་བཤད་པ་གསོ་སྐྱོང་རྣམ་གྲངས་ནང་བཅུག་ཡོད། རིག་གནས་དང་གནས་སྐོར་པུས2020ལོ་ནས་བཟུང་རྒྱལ་ཡོངས་ཀྱི་གསར་བརྗེའི་གནས་སྐོར་གྱི་བཟང་པོ་ལྔ་ལྡན་གྱི་འགྲེལ་བཤད་པ་གསོ་སྐྱོང་བྱེད་པའི་རྣམ་གྲངས་ཀྱི་མགོ་བརྩམས། རྗེས་མར་རིག་གནས་དང་གནས་སྐོར་པུས་གསོ་སྐྱོང་རྣམ་གྲངས་དེ་ལོ་འཁོར་གྱི་གསོ་སྦྱོང་འཆར་གཞིའི་ནང་བཅུག་ནས་དུས་བཀག་ལྟར་ཆེད་དོན་གསོ་སྦྱོང་དང་སྤེལ་རེས་སློབ་སྦྱོང་སོགས་སྒྲིག་འཛུགས་བྱས་ཏེ་འགྲེལ་བཤད་པའི་ཆབ་སྲིད་བསམ་བློའི་ཆུ་ཚད་དང་། ལས་སྒོའི་ནུས་པ། ཕྱོགས་བསྡུས་བྱང་ཚད་བཅས་མཐོ་རུ་གཏོང་རྒྱུ་རེད།


མཉམ་སྤྱོད།