སྒྲིག་སྒྱུར། དམ་ཆོས་བསམ་འགྲུབ། ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།
ཚེས22ཉིན་གྱི་ཕྱི་དྲོར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ་ཞིབ་དཔྱོད་དང་རྟོག་ཞིབ་གནང་ཞིང་། ཁོང་སྔ་རྗེས་སུ་རི་ཀྲའོ་གྲུ་ཁ་དང་ཉི་འོད་མཚོ་འགྲམ་དུ་ཕེབས་ནས་ས་གནས་དེ་གས་གྲུ་ཁའི་རིག་ནུས་ཅན་དང་ལྗང་མདོག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བའི་གནས་ཚུལ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་བཏང་ཚུལ། མཚོ་འགྲམ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་བྱས་ཚུལ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་བཏང་བ་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་།