དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-24 06:48:54   |   2464

སྒྲིག་སྒྱུར། ཀླུ་མོ་མཚོ།    ཡོང་ཁུངས། མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགྱུར་གལ་ཆེན།

  • ཚེས23ཉིན། ཞི་ཅིན་ཕིང་གིས་ཁེ་ལས་དང་རིགས་གཅིག་མཁས་ཅན་གྱི་བཞུགས་མོལ་ཚོགས་འདུར་གཙོ་སྐྱོང་གནང་སྟེ། ཀྲུང་གོའི་རྣམ་པའི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྗོད་དོན་གཙོ་བོར་དམ་པོར་དམིགས་ནས། ཕྱོགས་ཡོངས་ནས་སྒྱུར་བཅོས་སྔར་བས་གཏིང་ཟབ་ཏུ་གཏོང་དགོས་པ་ནན་གྱིས་བསྟན། 

    706b482325d83fabd407efac754bf80.jpg

  • ཚེས22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཧྲན་ཏུང་ཞིང་ཆེན་རི་ཀྲའོ་གྲོང་ཁྱེར་དུ་རྟོག་ཞིབ་གནང་ཞིང་། ཁོང་སྔ་རྗེས་སུ་རི་ཀྲའོ་གྲུ་ཁ་དང་ཉི་འོད་མཚོ་འགྲམ་གྱི་ལྗང་མདོག་ལམ་དུ་ཕེབས་ནས། ས་གནས་དེ་གའི་གྲུ་ཁའི་རིག་ནུས་ཅན་གྱི་ལྗང་མདོག་ཅན་གྱི་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ཕྱི་ཕྱོགས་སུ་སྒོ་མོ་འབྱེད་རྒྱ་ཆེ་རུ་གཏོང་བ། མཚོ་འགྲམ་གྱི་སྐྱེ་ཁམས་སྲུང་སྐྱོང་སླར་གསོར་ཤུགས་སྣོན་རྒྱག་པ། མི་དམངས་ཀྱི་འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་གནང་། 

    2.jpg

  • ཚེས22ཉིན་གྱི་ཕྱི་དྲོ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཧྲན་ཏུང་རི་ཀྲའོ་གྲོང་ཁྱེར་གྱི་ཉི་འོད་མཚོ་འགྲམ་གྱི་ལྗང་ལམ་དུ་ཕེབས་ནས། ཡུལ་དངོས་སུ་ཉམས་གསོ་བཅོས་སྐྱོང་བྱས་རྗེས་ཀྱི་མཚོ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་ལ་གཟིགས་ཞིབ་གནང་བ་དང་། དེ་དང་འབྲེལ་མཚོ་འགྲམ་དུ་སྤྲོ་གསེང་སྦྱོང་བརྡར་བྱེད་བཞིན་པའི་གྲོང་མིའི་གནས་སྐོར་བ་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། ཞི་ཅིན་ཕིང་གིས་མི་སེར་གྱི་བདེ་སྐྱིད་འཚོ་བ་ནི་བསྒྲུབས་པ་ལས་བྱུང་བ་ཞིག་ཡིན་ལ། ང་ཚོས་དངོས་སྒྲུབ་འབད་འཐབ་ལ་བརྟེན་ནས་ཀྲུང་ཧྭ་མི་རིགས་བསྐྱར་དར་རླབས་པོ་ཆེ་མངོན་འགྱུར་བྱས་ཏེ། མི་དམངས་མང་ཚོགས་ཀྱི་འཚོ་བ་ཉིན་རེ་བཞིན་ཇེ་བཟང་དུ་ཡོང་བ་བྱ་དགོས་ཞེས་ནན་གྱིས་བསྟན། 

  • ཟླ5ཚེས23ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་དང་མཚོ་ཁུག་མཉམ་ལས་ཨུ་ལྷན་གྱི་རྒྱལ་ཁབ་ཐོན་ལས་དང་མ་འཇོག་མཉམ་ལས་གླེང་སྟེགས་ལ་རྟེན་འབྲེལ་འཕྲིན་ཡིག་སྤྲིངས་པ་རེད། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གི་གདན་ཞུས་ལྟར། ཐིག་དམར་ཀུའི་ནེ་ཡ་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཐེ་ཨའོ་ཏུའོ་ལུའོ·ཨའོ་པི་ཨང·ཨེན་ཀུའེ་མ·མུའུ་པ་སུའོ་ཀེས་ཟླ5ཚེས26ནས་ཚེས31ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་རྒྱུ་རེད། 

  • རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན་སོགས་སྡེ་ཁག་བཞིས་ཚེས23ཉིན་བརྡ་ཐོ་བཏང་ནས། བྱེད་ཐབས22སྤྱད་དེ་དངོས་ཚན་དཔལ་འབྱོར་ཁེ་ལས་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་རེད། 

  • མིག་སྔའི་བར། རེས་སྐོར་གསུམ་པའི་ཀྲུང་དབྱང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཁག་གཉིས་པས་ཏང་སྲིད་མགོ་ཁྲིད་ལས་བྱེད་པ་96ལ་འབོད་གླེང་བྱས་ཡོད། 

  • ཚོང་དོན་པུས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་ཟླ་དང་པོ་ནས་བཞི་པའི་བར་རང་རྒྱལ་གྱིས་ཕྱི་ཕྱོགས་ལ་དངུལ་རྩའི་རིགས་མིན་པའི་ཐད་ཀར་མ་འཇོག་སྒོར་དུང་ཕྱུར3434.7བྱས་པ་དེ་དུས་མཚུངས་ལས18.7%འཕར་ཡོད། 

    3.jpg

  • ཟླ5ཚེས23ནས24ཉིན་བར། ཀྲུང་གོ་མི་དམངས་བཅིངས་འགྲོལ་དམག་གི་ཤར་རྒྱུད་འཐབ་ཁུལ་གྱི་དམག་འཐབ་ཁུལ་གྱི་སྐམ་དམག་དང་མཚོ་དམག མཁའ་དམག མེ་ཤུགས་འཕུར་མདའི་དམག་དཔུང་སོགས་ཀྱི་དམག་ཤུགས་སྒྲིག་འཛུགས་བྱས་ཏེ། ཐའེ་ཝན་གླིང་ཕྲན་གྱི་མཐའ་འཁོར་དུ“མཉམ་འབྲེལ་གྱི་རལ་གྲི་རྣོན་པོ—2024A”འཁྲབ་སྦྱོང་བྱས་པ་རེད། 

02474f3b43bc1083af400992a045ffd.jpg

  • ཟླ5ཚེས23ཉིན། ཧྥུ་ཅན་གྱི་མཚོ་ཐོག་ཉེན་རྟོག་རྩ་འཛུགས་དམག་གྲུའི་རུ་དཔུང་གིས་ཝུའུ་ཆིའུ་ཡུས་རི་སྒང་དང་ཏུང་ཏའོ་གླིང་ཕྲན་ཉེ་འགྲམ་གྱི་མཚོ་ཁོངས་སུ་ཕྱོགས་བསྡུས་ཁྲིམས་འཛིན་འཁྲབ་སྦྱོང་བྱས་ནས། མཉམ་འབྲེལ་སྐོར་ཞིབ་དང་ཚོར་སྣང་སྐྱེན་པོ། འཕྲལ་སྡོམ་ཐག་གཅོད་ནུས་པ་བཅས་ལ་ཞིབ་བཤེར་བྱས། 

    སྤྱི་ཚོགས།

  • འབྱུང་འགྱུར་ཉིན་གསུམ་ནང་ནུབ་བྱང་ས་ཁུལ་གྱི་ཤར་རྒྱུད་དང་ནང་སོག་གི་དབུས་ཤར་རྒྱུད། ཧྭ་བྱང་བྱང་རྒྱུད་སོགས་ས་ཁུལ་ཁག་གཅིག་ཏུ་ཆར་པ་འབྲིང་བ་ནས་ཆེ་བའི་བར་ཡོད་པ་དང་། ས་ཁུལ་ཁ་ཤས་སུ་དྲག་ཆར་དང་རླུང་ཆེན། སེར་བ་སོགས་ཀྱི་གནམ་གཤིས་དྲག་པོ་ཡོད་པ་རེད། 

  • རང་རྒྱལ་གྱི་དྲ་རྒྱའི་ཧབ་འཚོང་ཁྱབ་ཁོངས་ཀྱི་ཚད་ལྡན་རང་བཞིན་གྱི་ཡིག་ཆ་ཐོག་མ《དྲ་རྒྱའི་ཧབ་འཚོང་ཚད་ལྡན་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་མཛུབ་ཁྲིད་བསམ་འཆར》ཉེ་ཆར་ཁྱབ་བསྒྲགས་བྱས་པ་རེད། 

  • སི་ཁྲོན་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཏང་ཙུའུ་ཁོངས་མི་དང་ཀྲུའུ་ཞི་གཞོན་པ་དབྱང་ཁེ་ཉིང་གིས་སྒྲིག་འགལ་ཁྲིམས་འགལ་ཚབས་ཆེན་བྱས་པས། ཏང་ཁོངས་དང་གཞུང་གི་ལས་གནས་ནས་ཕྱིར་འབུད་བྱས་པ་རེད། 

  • ཚེས23ཉིན། ཀུའེ་ཀྲོའུ་ཞིང་ཆེན་སྲིད་གྲོས་ཀྱི་དེ་སྔའི་ཀྲུའུ་ཞི་གཞོན་པ་ལི་ཙའེ་ཡུང་གིས་ལྐོག་རྔན་བླངས་པ་དང་དབང་ཆ་གང་བྱུང་དུ་སྤྱད་པའི་གྱོད་གཞིའི་འདྲི་གཅོད་དང་པོའི་ཁྲིམས་ར་འཚོགས། 

63822375f5a43d857f0a2d7afc2cdf7.jpg

  • ནན་ཀྲན་མྱུར་བགྲོད་གཞུང་ལམ(ཀོང་ཞིའི་དུམ་བུ)ཚེས་22ཉིན་ཁྱོན་ཡོངས་ནས་ཤར་གཏོང་ཐུབ་པ་དང་ད་ལོའི་ཟླ་དྲུག་པར་དངོས་སུ་ཤར་གཏོང་ཐུབ་རྒྱུའི་འཆར་གཞི་ཡོད་པ་རེད། 

03532dc390b6dac6b0ceb9dccfce9a9.jpg

  • རང་རྒྱལ་གྱི་ཚན་རིག་མཁས་ཅན་གྱིས་རང་བརྟེན་ཞིབ་བཟོ་བྱས་པའི་རང་རྒྱལ་གྱིས་བཟོས་པའིqPlusདབྱིབས་ཀྱི་བཤེར་འབེབས་འཚོལ་ཞིབ་ཁབ་ཕྲ་མཐོང་ཤེལ་སྤྱད་དེ། རྒྱལ་སྤྱིའི་ཐོག་འཁྱགས་ངོས་ཀྱི་མ་རྡུལ་གྲུབ་ཚུལ་ཐེངས་དང་པོར་མཐོང་བ་མ་ཟད་དེའི་གསང་བ་གསལ་སྟོན་བྱས་ཡོད། 

dd18d2ebccd174aef97468da676c423.jpg

  • ཉེ་ཆར་ཀོང་ཞིའི་ཤིང་གླེང་རྒྱལ་ཁབ་རིམ་པའི་རང་བྱུང་སྲུང་སྐྱོང་ཁུལ་དུ་གོ་ལ་ཧྲིལ་པོའི་སྐྱེ་དངོས་གསར་པ་སྟེ། ཧོ་ཁྲི་ཏེ་ཀྲའོ་ཐེང(河池德昭藤)ཤེས་རྟོགས་བྱུང་ཡོད། 

  • ཉེ་ཆར་སི་ཁྲོན་ཉེན་རྟོག་ཕྱོགས་ཀྱིས་མགོ་སྐོར་གཡོ་ལེན་དང་འབྲེལ་བའི་སློབ་གསོའི་མཚམས་སྦྱོར་ཚོགས་པ་ཆེན་པོ་ཞིག་མེད་པར་བཟོས་ནས་ཉེས་གསོག་དོགས་ཅན64འཛིན་བཟུང་བྱས་ཡོད། 

8bc3138d8630e82462ba27f2f54015d.jpg

  • ཧྥུ་ཅན་ཞ་མོན་གྱི་བུ་མོ་ཆུང་ཆུང་ཞིག་ཐོག་ཁང་གཉིས་པའི་སྒེའུ་ཁུང་ཐོག་ཏུ་བསྡད་ཡོད་པ་དང་། ལུས་པོ་སྒེའུ་ཁུང་ཕྱི་རོལ་དུ་དཔྱངས་ཡོད། ལམ་བར་དུ་འགྲོ་བཞིན་པའི་ཝུའུ་ཅན་པིན་འཕྲལ་མར་སྒེའུ་ཁུང་ལ་འཛེགས་ནས་བུ་མོ་སྐྱོར་ཏེ་རོགས་སྐྱོབ་མི་སྣ་ཡོང་རག་བར་དུ་བསྡད།

    སྲིད་ཇུས།

  • ཐེན་ཅིན་གྱིས་ཇུས་གཞི་དཔར་འགྲེམ་བྱས་ནས། མཐོ་སློབ་ཀྱིས་ཡུན་རིང་སློབ་བསྡུ་མ་བྱས་པའི་རིག་ཚན་ཆེད་ལས་གཙང་བཤེར་བྱེད་དགོས་པའི་བླང་བྱ་བཏོན། 

  • མཚོ་སྔོན་གྱིས་སྲིད་ཇུས་བཏོན་ནས་སྐྱེ་འཕེལ་རམ་འདེགས་རྣམ་གྲངས9སྨན་སྐྱོབ་རྩིས་ཞུའི་ཁྱབ་ཁོངས་ནང་བཅུག་པ་རེད། 

  • ཧའེ་ནན་གྱིས་ལས་རིགས་སློབ་གྲྭས་ཐོན་སྐྱེད་དངོས་སྦྱོང་མཛུབ་ཁྲིད་དགེ་རྒན་གདན་ཞུ་བྱེད་སྐབས་བསླབ་གནས་ཀྱི་བླང་བྱ་འོས་འཚམ་གཏོང་ཆོག་པ་ཁ་གསལ་བཏོན་ཡོད། 

   དེ་རིང་གི་གནམ་གཤིས།

d5a63b8ff4eeb3b2e7e9f3e04e4cdcf.jpg

  • ཞིན་ཅང་ལྷོ་རྒྱུད་ཀྱི་གཤོང་ས་དང་བོད་ལྗོངས་ཀྱི་ཤར་རྒྱུད། ཀན་སུའུ་ཡི་དབུས་རྒྱུད། ནང་སོག་གི་དབུས་རྒྱུད། ཧོ་པེའི་བྱང་ཤར་རྒྱུད། ཡུན་ནན་གྱི་ལྷོ་རྒྱུད། ཀོང་ཏུང་གི་ཤར་རྒྱུད་དང་ལྷོ་རྒྱུད་ཀྱི་མཚོ་རྒྱུད། ཧྥུ་ཅན་གྱི་ཤར་ལྷོའི་རྒྱུད། ཀྲེ་ཅང་གི་ཤར་རྒྱུད། ཧའེ་ནན་གླིང་ཕྲན་སོགས་ས་ཁུལ་ཁ་ཤས་སུ་ཆར་པ་འབྲིང་བ་ནས་ཆེ་བ་འབབ་པ་དང་། དེའི་ནང་ཀོང་ཏུང་ཤར་ལྷོའི་རྒྱུད་ཀྱི་མཚོ་རྒྱུད་དང་ཧའེ་ནན་གླིང་ཕྲན་གྱི་ལྷོ་ནུབ་རྒྱུད་སོགས་ས་ཁུལ་ཁག་ཏུ་དྲག་ཆར་དང་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 


མཉམ་སྤྱོད།