དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་གྲུག་འགྲན་སྡུར་མཚོ་བྱང་འགྲན་ཁུལ་རུ་ཁག་གཉིས་ཀྱི་མཚམས་སྦྱོར།

2024-05-24 08:26:03   |   676

རྩོམ་སྒྲིག   དོན་འགྲུབ་མཚོ།    ཡོང་ཁུངས།   མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།    བཤེར་འབེབས།   རིན་ཆེན་ཚེ་རིང་།


"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོའི་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་གྱི་སྐུ་མགྲོན་རུ་ཁག་དང་རང་སའི་རུ་ཁག་ངོ་སྤྲོད།

"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོའི་མཚོ་བྱང་འགྲན་ཁུལ་གྱི་འགྲན་སྡུར་ཐོག་མ་དེ་ཟླ5པའི་ཚེས25ཉིན་གྱི་ཕྱི་དྲོར་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ་རུ་སྤེལ་རྒྱུ་ཡིན་པ་དང་། རང་སའི་རུ་ཁག་སྟེ་མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་སྐུ་མགྲོན་རུ་ཁག་མཚོ་ནུབ་ཁུལ་ཚྭ་འདམ་འདྲེ་ཚར་རུ་ཁག་ལ་འགྲན་སློང་རྒྱུ་རེད།

རང་སའི་རུ་ཁག་ངོ་སྤྲོད།

1 [原始大小].jpg

མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག

མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་ནི"མདེལ་གཉིས་སྐར་གཅིག"གི་སྙིང་སྟོབས་གསོ་སྐྱོང་དང་འཚར་ལོངས་བྱུང་སའི་ས་གཞི་དྲོན་མོའི་སྟེང་བཙུགས་ལ། དཔུང་ཁག་དེ་རུ་མི40ལས་གྲུབ་པ་དང་དེའི་ནང་ཕྱི་ཕྱོགས་ཀྱི་རོགས་སྐྱོར་ལུས་རྩལ་པ6དང་མཚོ་བྱང་ནས་ཡིན་པའི་ལུས་རྩལ་པ34ཡོད། ཆ་སྙོམས་ལོ་ཚད་ནི23ཡིན་པ་དང་གྲངས་ཉུང་མི་རིགས་ཀྱིས99%ཟིན།

2 [原始大小].jpg

མཚོ་བྱང་ཁུལ་མདོ་ལ་རི་བོ་བོད་ལུག་རུ་ཁག་གི་རུ་རྟགས་དེ་ཕྱི་ནང་རིམ་པ་གཉིས་ཀྱིས་གྲུབ་ཡོད་ལ།  ནང་གི་རིམ་པ་དེ་མདོ་ལའི་བོད་ལུག་དང་རྐང་གྲུག་གཉིས་ཀྱིས་གྲུབ་ཡོད་པ་དང་།  ཕྱིའི་རིམ་པ་ནས་ཀྱི་སྙེ་མས་བཏུམས་ཡོད། རུ་རྟགས་དེས་མཚོ་བྱང་ཁུལ་གྱི་ཞིང་ཕྱུགས་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་། རུ་རྟགས་ཀྱི་ལྷུ་ལག་ཚང་མ་དམ་དུ་འབྲེལ་ཡོད་པ་དེས་མཚོ་བྱང་ཁུལ་གྱི་རིགས་སོ་སོའི་བུ་དང་བུ་མོ་ཚོ་སེ་འབྲུ་བཞིན་དམ་དུ་སྦྲེལ་ཏེ་ཁྲག་རྒྱུན་རྒྱུན་མཐུད་དང་ཞུམ་མེད་མདུན་སྐྱོད་བྱེད་པ་མཚོན་ཡོད།  རུ་རྟགས་ཀྱི་དཀྱིལ་དུ་ཀྲུང་གོའི་ལུག་གྲགས་ཅན་དྲུག་གི་ཡ་ཀྱལ་ཡིན་པའི་མདོ་ལའི་ལུག་གཙོ་བོ་བྱས་ནས་བཟོས་ཡོད། མདོ་ལའི་བོད་ལུག་ནི་མཚོ་བྱང་ཁུལ་གྱི་མདོ་ལ་རི་འདབས་ཀྱི་ཕྱུགས་རའི་ས་ཁོངས་སྤྱི་བའི་མིང་བྱང་འོག་གི་ཁྱད་ལྡན་མིང་བྱང་གཙོ་བོ་ཞིག་ཡིན་པའི་ཆ་ནས།   གཙོ་བོ་མདོ་དབུས་མཐོ་སྒང་གི་མདོ་ལ་རི་རྒྱུད་དུ་འཚོ་སྡོད་བྱས་ཡོད། དེའི་འཚོ་གནས་ཀྱི་ཁོར་ཡུག་ནི་ཐུན་མིན་ཁྱད་དུ་འཕགས་ཤིང་ས་བབ་ཅུང་མཐོ་བ་དང་གནམ་གཤིས་ལ་གྲང་ངར་ཆེ་ནའང་སྔར་བཞིན་གསོན་ཤུགས་ཀྱིས་ཁེངས་ཡོད་པ་མཚོན། 

3 [原始大小].jpg

4 [原始大小].jpg

5 [原始大小].jpg

སྐུ་མགྲོན་རུ་ཁག

6 [原始大小].jpg

མཚོ་ནུབ་ཁུལ་ཚྭ་འདམ་འདྲེ་ཚར་རུ་ཁག

མཚོ་ནུབ་ཁུལ་ཚྭ་འདམ་འདྲེ་ཚར་རུ་ཁག་ནི་རུ་སྣེ་འཁྲིད་མཁན་དང་། རྩལ་འཁྲིད་པ། རུ་མི་བཅས་མི45ལས་གྲུབ་པ་དང་། དེའི་ཁྲོད་ལུས་རྩལ་པ་ཆེས་ཆུང་ཤོས་ལོ18དང་ཆེས་ཆེ་ཤོས་ལོ40ཡིན། རུ་མི་དག་ནི་མཚོ་ནུབ་ཁུལ་གྲོང་ཁྱེར་དང་རྫོང་སོ་སོའི་ཕུལ་བྱུང་རུ་མི་ལས་གྲུབ་པ་ཡིན།

7 [原始大小].jpg

མཚོ་ནུབ་ཁུལ་ཚྭ་འདམ་འདྲེ་ཚེར་རུ་ཁག་གི་རུ་རྟགས་ནི་མེས་རྒྱལ་གྱི་ནོར་གཞོང་དང་ངོ་མཚར་བའི་ཚ་འདམ་སྟེ། མཚོ་ནུབ་སོག་རིགས་བོད་རིགས་རང་སྐྱོང་ཁུལ་ནི་མདོ་དབུས་མཐོ་སྒང་གི་གནས་མཆོག་ཅིག་ཡིན་པ་དང་། ལྷོ་ཕྱོགས་བོད་ལྗོངས་དང་བྱང་ཕྱོགས་ཀན་སུའུ། ནུབ་ཕྱོགས་ཞིན་ཅང་བཅས་ལ་འབྲེལ་ཡོད་པ་དང་། མཚོ་སྔོན་དང་ཀན་སུའུ། ཞིན་ཅང་། བོད་ལྗོངས་བཅས་ཞིང་ལྗོངས་བཞིའི་འབྲེལ་མཚམས་སུ་གནས་ཡོད་ལ། སྔོན་ཆད་ནུབ་ཡུལ་དུ་བསྐྱོད་པའི་གནའ་བོའི“དར་གོས་ཚོང་ལམ”གྱི་གཞོགས་ལམ་ཞིག་ཀྱང་ཡིན།  གཞན། 2024ལོར་རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་ཀྱི་ས་ཁམས་མཚོན་རྟགས་སྲུང་སྐྱོབ་ཐོན་རྫས་ཀྱི་ཆེད་སྤྱོད་མཚོན་རྟགས་ཐོབ་པའི་འདྲེ་ཚེར་མ་ནི་དྭངས་གཙང་གི་ཁོར་ཡུག་ཏུ་སྐྱེས་ཤིང་། སིལ་ཏོག་ཆེ་ལ་ཁུ་བ་མང་བ། བྲོ་བ་མངར་བ་བཅས་ཀྱི་ཁྱད་ཆོས་ལྡན་པས་རྒྱལ་ཡོངས་སུ་མིང་དུ་གྲགས་ཡོད། 

8 [原始大小].jpg

9 [原始大小].jpg

10 [原始大小].jpg


མཉམ་སྤྱོད།