དེ་རིང་ནི2024ལོའི་ཟླ09པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་ནས་གསའ་གསོད་མཁན་ཉེས་བསགས་དོགས་ཡོད་མི་སྣ3བཟུང་འདུག

2024-05-24 09:03:39   |   1422

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་བོད་སྐད་རླུང་འཕྲིན།  བཤེར་འབེབས། རིན་ཆེན་ཚེ་རིང་།     


མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར་མཚོ་སྔོན་ཉེན་རྟོག་ཕྱོགས་ཀྱིས་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ལ་གནོད་འཚེ་གཏོང་བའི་གྱོད་གཞི་ཞིག་རྩད་ཆོད་པ་དང་། གསའ་ཡི་བེམ་རོ་གཅིག་རྩད་ཆོད་ཡོད། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་ཉེས་བསགས་དོགས་ཡོད་མི་སྣ3ལ་ཉེས་དོན་བཙན་ཐབས་སྤྱད་ཡོད་པ་དང་། དེའི་ཁྲོད་ནས་མི2ཉེས་དོན་བཀག་ཉར་དང་མི1ཁག་ཁྱེར་བཀའ་སྒུག་བྱས་ཡོད།

图片1.png

དེ་ཡང་། 2024ལོའི་ཟླ3པར། མཚོ་སྔོན་ཞིང་ཆེན་མཚོ་ལྷོ་ཁུལ་ཐུན་ཏེ་རྫོང་སྤྱི་བདེ་ཅུ་ནགས་ཚལ་ཉེན་རྟོག་རུ་ཆེན་ལ། ཐུན་ཏེ་རྫོང་ཞོལ་མ་ཞང་དུ་མི་ཞིག་གིས་རི་སྐྱེས་སྲོག་ཆགས་གསའ་འདྲ་པོ་ཞིག་འཚོང་གི་འདུག་ཅེས་པའི་ཁུངས་སྣེ་ཞིག་འབྱོར་ཡོད། མཚོ་ལྷོ་ཁུལ་སྤྱི་བདེ་ཅུ་ཏང་ཨུད་ཀྱིས་ཚད་མཐོའི་མཐོང་ཆེན་བྱས་ཤིང་། མཚོ་ལྷོ་ཁུལ་སྤྱི་བདེ་ཅུ་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག་དང་ཐུན་ཏེ་རྫོང་སྤྱི་བདེ་ཅུ་ཀྱིས་གཞོགས་འདེགས་དམ་ཟབ་བྱས་ནས་ནུས་ཤུགས་ཡོད་རྒུས་རྩད་གཅོད་བྱས་པ་རེད། ཐུན་ཏེ་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ། སྤྱི་བདེ་ཅུ་ཀྱི་ཅུས་ཀྲང་ཧྲན་ཏན་གྱིས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གི་ཚོགས་གཙོའི་འགན་འཁུར་ཞིང་། ཉེན་རྟོག་སྟོབས་ཤུགས་ཧྲག་ཧྲག་གཅིག་སྒྲིག་འཛུགས་བྱས་ནས་ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་བཙུགས་ཏེ་མྱུལ་ཞིབ་བྱས་པ་དང་། མཚོ་སྔོན་ཞིང་ཆེན་སྤྱི་བདེ་ཐིང་ནགས་ཚལ་ཉེན་རྟོག་སྤྱི་ཁྱབ་རུ་ཁག་གིས་མི་སྣ་མངགས་ནས་གྱོད་གཞི་མྱུལ་ཞིབ་བྱ་རྒྱུར་མཛུབ་ཁྲིད་བྱས།

     ཟླ5པའི་ཚེས1ཉིན། ཆེད་དོན་གྱོད་སྒྲུབ་ཚོགས་ཆུང་གིས་ཉེས་བསགས་དོགས་ཡོད་མི་སྣ3འཛིན་བཟུང་བྱས་པ་དང་སྦྲགས། ཉེས་བསགས་དོགས་ཡོད་མི་སྣའི་ཁྱིམ་ནས་གསའ་ཡི་བེམ་རོ1དང་ཉེས་བསགས་ཡོ་བྱད་ལྕགས་སྐུད1རྩད་ཆོད་ཡོད། ཉེས་བསགས་དོགས་ཡོད་མི་སྣ་གསུམ་པོས་རྒྱལ་ཁབ་ཀྱིས་གཙོ་གནད་སྲུང་སྐྱོབ་བྱེད་པའི་རྩ་ཆེ་ཞིང་སྟོངས་ཉེར་ཡོད་པའི་རི་སྐྱེས་སྲོག་ཆགས་ཁྲིམས་འགལ་གྱིས་རྔོན་བཟུང་དང་བསད་པའི་ཉེས་བསགས་དོན་དངོས་སྦས་གསང་མེད་པར་ངོས་ལེན་ཞུས་ཡོད། 

    ཟླ5པའི་ཚེས2ཉིན། ཐུན་ཏེ་རྫོང་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་ཁྲིམས་ལྟར་ཉེས་བསགས་དོགས་ཡོད་མི་སྣ3ལ་ཉེས་དོན་བཙན་ཐབས་སྤྱད་པ་དང་། དེའི་ཁྲོད་ནས་མི2ཉེས་དོན་བཀག་ཉར་དང་མི1ཁག་ཁྱེར་བཀའ་སྒུག་བྱས་ཡོད།

图片2.png

ཟླ5པའི་ཚེས9ཉིན། ཉིང་ཞ་ལུའི་སེན་ཡོན་གསལ་འབྱེད་ལྟེ་གནས་ཀྱིས་གསལ་འབྱེད་བསམ་འཆར་བཏོན་པ་སྟེ། ཉེན་རྟོག་ཕྱོགས་ཀྱིས་རྩད་ཞིབ་ཐུབ་པའི་བེམ་རོ་དེ་གསའ་ཡི་བེམ་རོ་ཡིན། གསའ་ནི་འོ་འཐུང་ཤ་གཟན་སྡེ་དང་། བྱི་ལའི་ཚན་པ། གངས་གཟིག་གི་ཁོངས་སུ་གཏོགས་པ་ཡིན་ཞིང་། རྒྱལ་ཁབ་ཀྱི་རིམ་པ་དང་པོའི་གཙོ་གནད་སྲུང་སྐྱོབ་སྲོག་ཆགས་ཡིན། གྱོད་འབྲེལ་གསའ་དེའི་རིན་ཐང་སྒོར་ཁྲི50ཟིན་གྱི་ཡོད། 

དཔྱད་གཞིའི་ཡིག་རིགས་ནང་ངོ་སྤྲོད་བྱས་པར་གཞིགས་ན། གསའ་ནི་རྒྱུན་པར་གངས་རིའི་རྒྱུད་དུ་འཚོ་གནས་བྱེད་ཀྱི་ཡོད་པས།  གངས་རིའི་རྒྱལ་པོ་ཞེས་པའི་མཚན་སྙན་ཡོད། ཟས་རིགས་སྦྲེལ་ཐག་གི་སྣེ་མོར་གནས་པའི་རྔོན་པ་རྩེ་གྲ་ཡིན་པའི་ངོས་ནས། མཐོ་སྒང་གི་འབྱུང་ཁམས་མ་ལག་སྲུང་སྐྱོང་བྱ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། མིག་སྔར། གོ་ལ་ཧྲིལ་པོའི་གསའ་ཡི་གྲངས་འབོར7000ཙམ་ལས་མེད་པ་དང་། དེའི་ནང་ནས་རང་རྒྱལ་དུ་གསའ4500ཡོད་ཅིང་། དེ་དག་ཤིན་ཅང་དང་བོད་ལྗོངས། མཚོ་སྔོན། ཀན་སུའུ་སོགས་ཞིང་ཆེན་དང་རང་སྐྱོང་ལྗོངས8ཏུ་ཁྱབ་ཡོད། མཚོ་བོད་མཐོ་སྒང་དང་ཕ་སྨིར་མཐོ་སྒང་། ཐེན་ཧྲན་བཅས་ནི་རང་རྒྱལ་གྱི་གསའ་འཚོ་སྡོད་བྱ་ཡུལ་གཙོ་བོ་ཡིན།


མཉམ་སྤྱོད།