དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱིས་གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་བ།

2024-05-24 09:27:38   |   139

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། རིན་ཆེན་ཚེ་རིང་།


གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་མ་ལག་གསར་པ་འཐུས་ཚང་དུ་གཏོང་བ་དང་། གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པ་རྒྱ་བསྐྱེད་པ། གྲངས་ཉུང་མི་རིགས་ཀྱི་གསོ་རིག་འཕེལ་རྒྱས་ཀྱི་རིག་གནས་གསར་པ་དར་སྤེལ་གཏོང་བ་བཅས་ཀྱི་ཐད་ནས། གསར་འགོད་པས་མཚོ་སྔོན་ཞིང་ཆེན་འཕྲོད་བསྟེན་བདེ་ཐང་ཨུ་ཡོན་ལྷན་ཁང་ནས་རྒྱུས་ལོན་པ་ལྟར་ན། མཚོ་སྔོན་གྱིས་ཞིང་ཆེན་ཡོངས་ཀྱི་གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པ་སྐྱོན་བྲལ་དང་གོ་རིམ་ལྡན་པའི་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་ཏན་ཏིག་བཏང་ཞིང་། གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་ཞབས་ཞུའི་སྤྱོད་འཐུས་རང་བཞིན་དང་ཆ་སྙོམས་ཅན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོར་འདེགས་བྱུང་ལ། དེ་དང་ཆབས་ཅིག་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་སྤྱི་ཡོངས་ཀྱི་ལས་སྒོ་འཕེལ་རྒྱས་འགྲོ་བར་སྐུལ་ཁྲིད་བྱས་པས། ཞིང་ཆེན་ཡོངས་སུ་གཞུང་བཙུགས་བོད(སོག)སྨན་ཁང་གཙོར་བྱས་པ་དང་གཞི་རིམ་བོད(སོག)སྨན་ཁང་རྨང་གཞི་ཡིན་པའི་གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་སྨན་བཅོས་ཞབས་ཞུའི་མ་ལག་གྲུབ་ཡོད།

རྒྱུས་ལོན་པ་ལྟར་ན། མཚོ་སྔོན་ཞིང་ཆེན་བོད་སྨན་ཁང་གི་རྒྱལ་ཁབ་ཀྲུང་བོད་གསོ་རིག་རྒྱུན་འཛིན་གསར་གཏོད་བཟོ་འགོད་ལེགས་འགྲུབ་བྱུང་སྟེ་དངོས་སུ་སྤྱོད་མགོ་ཚུགས་པ་དང་། རྨ་ལྷོ་བོད་རིགས་རང་སྐྱོང་ཁུལ་དང་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་གྱི་བོད་སྨན་ཁང་གི་རྒྱལ་ཁབ་ཀྲུང་ལུགས་གསོ་རིག་གི་ཁྱད་ལྡན་གཙོ་གནད་སྨན་ཁང་ལས་གཞིར་གོམ་སྟབས་བརྟན་པོས་སྐུལ་སྤེལ་བྱེད་བཞིན་ཡོད། ཞིང་ཆེན་ཡོངས་ཀྱི་གཞུང་བཙུགས་བོད(སོག)ལུགས་གསོ་རིག་སྨན་ཁང་གིས་གཞུང་བཙུགས་ཀྲུང་ལུགས་གསོ་རིག་སྨན་ཁང་གི66.67%ཟིན་ཡོད་ལ། ནད་ཁྲིའི51.27%ཟིན་ཡོད། ཀྲུང་ལུགས་སྨན་ཁང་གཞི་རིམ་སྨན་བཅོས་འཕྲོད་བསྟེན་ལས་ཁུངས་ཁྱོན་ཡོངས་སུ་ཁེབས་པ་མངོན་འགྱུར་བྱུང་ཡོད་པ་དང་། དེའི་ཁྲོད་དུ་བོད(སོག)སྨན་ཁང198ཡོད་པ་དེས་བསྡུར་ཚད་ཀྱི45%ཟིན་ཡོད། དུས་མཚུངས་སུ་བོད(སོག)སྨན་ཁང་གིས་ཁྱད་ལྡན་ལེགས་ཆ་འདོན་སྤེལ་བྱེད་པར་སྐུལ་ལྕག་བཏང་སྟེ། གྲངས་ཉུང་མི་རིགས་ཀྱི་གསོ་བ་རིག་པའི་སྨན་རྫས་མ་ཡིན་པའི་བཅོས་ཐབས་དང་སྨན་ཁང་གི་སྨན་རྫས་སྡེབ་སྦྱོར་ནད་ཐོག་ལག་ལེན་ཁྱབ་གདལ་དུ་བཏང་། སྨན་རྫས་སྡེབ་སྦྱོར་ཁང་བཀོད་སྒྲིག་བྱས་ཡོད་པའི་བོད(སོག)སྨན་ཁང21ཡོད་ལ་དེས་བསྡུར་ཚད་ཀྱི75%ཟིན་ཡོད། དེ་དང་ཆབས་ཅིག་ཞིང་ཆེན་ཡོངས་ཀྱི་སྨན་བཅོས་མཉམ་འབྲེལ་ཚོགས་པའི་ནང་ཁུལ་ནས་ལས་སྣོན་སྡེབ་སྦྱོར་བྱས་ཏེ་སྤྱོད་རུང་བ་ཁས་ལེན་བྱས་ནས། མང་ཚོགས་ཀྱི་སྨན་སྤྱོད་དགོས་མཁོར་ཁ་གསབ་ནུས་ལྡན་དང་བསྐང་ཅི་ཐུབ་བྱས་ཡོད། ཞིང་ཆེན་ཡོངས་ཀྱི་བོད་ལུགས་གསོ་རིག་གི་སྨན་ལུམས་དང་ཕྱི་བཅོས་ཆེད་ལས་ཚན་ཁག་མནའ་འབྲེལ་བཙུགས་ནས་གྲུབ་པ་དང་། སྤུས་ལེགས་སྨན་བཅོས་ཐོན་ཁུངས་གཞི་རིམ་དུ་བསྐྱོད་པར་སྐུལ་སྤེལ་བྱས། བསྟུད་མར་ལོ་ངོ་གསུམ་གྱི་རིང་ལ་ཞིང་ཆེན་རིམ་པའི་མི་རིགས་གསོ་རིག་གི་ཕུལ་བྱུང་འཇོན་མིའི་ཞིབ་འཇུག་སྦྱོང་བརྡར་ལས་གཞི་ལག་བསྟར་བྱས་ཏེ། མི་རིགས་གསོ་རིག་གི་ཕུལ་བྱུང་འཇོན་མི་དང་རྐང་འཛིན་འཇོན་མི་སྐོར་ཞིག་གསོ་སྐྱོང་བྱས།

རྒྱལ་ཡོངས་ཀྱི་སྣེ་ཁྲིད་དེ་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་སྨན་བཅོས་འགན་སྲུང་དཀར་ཆག་བསྒྲིགས་པ་དང་། བོད་སོག་གསོ་རིག་གི་སྡེབ་སྦྱོར་སྨན་རྫས492སྨན་བཅོས་འགན་སྲུང་གི་ཁྱབ་ཁོངས་སུ་བཞག་ལ། དེས་ཞིང་ཆེན་ཡོངས་ཀྱི་བོད(སོག)ལུགས་སྨན་བཅོས་ལས་ཁུངས་ཀྱི་ལས་སྣོན་སྨན་རྫས་རིགས་ཀྱི71.4%ཟིན་ཡོད། མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་རྒྱུན་སྤྱོད་སྨན་གྱི་ཀུན་སྤྱོད་མིང་གི་དཀར་ཆག་དང་ནད་ཐོག་ལག་ལེན་ལག་རྩལ་མཛུབ་སྟོན་སོགས་སྒྲིག་བཟོ་བྱས་ཏེ། བོད་ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱི་སྨན་སྤྱོད་ཁྱབ་ཁོངས་རྒྱ་བསྐྱེད་པར་མ་ཟད་སྨན་ཚད་ལྡན་སྒོས་སྤྱོད་པར་གཞི་འཛིན་ས་འདོན་སྤྲོད་བྱས། ཕན་ནུས་མངོན་གསལ་ཡིན་པ་དང་ནད་པས་རྒྱ་ཁྱབ་ཏུ་དང་ལེན་བྱེད་པ། ཁྱད་ལྡན་ལེགས་ཆ་འབུར་དུ་ཐོན་པ། ལག་ལེན་གྱི་ལོ་རྒྱུས་རིང་བའི་བོད(སོག)ལུགས་གསོ་རིགས་སྨན་བཅོས་ཞབས་ཞུའི་ལས་གཞི་དམིགས་སུ་བཟུང་ནས་ལེགས་སྒྲིག་བྱས་ཏེ། རང་ཞིང་གི་བོད(སོག)ལུགས་གསོ་རིག་སྨན་བཅོས་ཞབས་ཞུའི་ལས་གཞི་བསྡོམས་པས368ཡོད་ལ། དེའི་ནང་སྨན་བཅོས་འགན་སྲུང་གི་དཀར་ཆག་ནང་བཅུག་པའི་བསྡུར་ཚད91%ལ་སླེབས་ཡོད།

《མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་རྫས་རྒྱུ་ཆའི་ཚད་གཞི》དང《མཚོ་སྔོན་ཞིང་ཆེན་གྱི་བོད་ལུགས་སྨན་རྫས་འདུལ་སྟངས་ཚད་གཞི》སོགས་བོད་ལུགས་གསོ་རིག་གི་ཚད་གཞི་མང་པོ་ཁྱབ་བསྒྲགས་དང་ལག་བསྟར་བྱས་ལ། 2023ལོར་མཚོ་སྔོན་ཞིང་ཆེན་བོད་ལུགས་གསོ་རིག་སྨན་རྫས་ཚད་ལྡན་ཅན་དུ་གཏོང་བའི་ལག་རྩལ་ཨུ་ཡོན་ལྷན་ཁང་དངོས་སུ་བཙུགས་པ་དེས། རང་ཞིང་གི་བོད་ལུགས་གསོ་རིག་སྨན་རྫས་ཚད་ལྡན་ཅན་འཛུགས་སྐྲུན་བྱེད་པའི་འཕེལ་རིམ་ལ་སྐུལ་འདེད་བཏང་བ་དང་ཚད་གཞི་བཀོལ་སྤྱོད་ཀྱི་ནུས་པ་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད། མཚོ་སྔོན་ཞིང་ཆེན་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་སྤུས་ཚད་མཐོར་འདེགས་གཏོང་བའི་ལོ་གསུམ་འགུལ་སྐྱོད་ལག་བསྟར་བྱེད་པར་སྐུལ་སྤེལ་བྱས་ཤིང་། 《མཚོ་སྔོན་ཞིང་ཆེན་སྨན་བཅོས་ལས་ཁུངས་ཀྱི་སྡེབ་སྦྱོར་སྨན་རྫས་ཀྱི་རིགས་ཚད་ལྡན་གཏོང་ཚུལ》རྩོམ་སྒྲིག་པར་འདེབས་བྱས་ཏེ། ཞིང་ཆེན་ཡོངས་ཀྱི་བོད(སོག)ལུགས་གསོ་རིག་སྨན་བཅོས་ལས་ཁུངས་ཀྱིས་ཐོན་སྐྱེད་བྱས་པའི་སྡེབ་སྦྱོར་སྨན་རྫས་རིགས་ཀྱི་མིང་དང་སྨན་གྱི་གྲུབ་ཆ། གཙོ་བཅོས་བྱེད་ནུས། སྨན་སྤྱོད་འཛེམ་བྱ་སོགས་གཅིག་གྱུར་སྒོས་ཚད་ལྡན་དུ་བཏང་། བོད་ལུགས་གསོ་རིག་གི་ཚད་ལྡན་རྩོམ་ཡིག་གྲངས་ཀ་ཅན་དུ་བསྒྱུར་བའི་བཟོ་འགོད་ལག་བསྟར་བྱས་པ་དང་། བོད་ལུགས་གསོ་རིག་གི་ཚད་ལྡན་གནའ་དཔེ3000ལྷག་འཚོལ་སྡུད་དང་ལེགས་སྒྲིག་བྱས་ནས། 《བོད་ལུགས་གསོ་རིག་གི་དཔེ་མཚོན་ཚད་ལྡན་རྩོམ་ཡིག་ལེགས་བསྡུས་དཔེ་ཚོགས》དང《བོད་ལུགས་གསོ་རིག་ཡིག་མཛོད་ཆེན་མོ》སོགས་བོད་ལུགས་གསོ་རིག་གི་ཚད་ལྡན་རྩོམ་ཡིག་གལ་ཆེན་རྩོམ་སྒྲིག་བྱས་ནས་ལེགས་འགྲུབ་བྱུང་ཡོད། 《ཀྲུང་གོའི་བོད་ལུགས་གསོ་རིག》དུས་དེབ་དཔེ་སྐྲུན་དང་འགྲེམ་སྤེལ་བྱས་ཤིང་། བོད་ལུགས་ཀྱི་ཁྲག་གཏར་བཅོས་ཐབས་སོགས་བོད་ལུགས་གསོ་རིག་གི་རྣམ་གྲངས14རྒྱལ་ཁབ་དང་ཞིང་ཆེན་རིམ་པའི་མངོན་མིན་ཤུལ་བཞག་རིག་གནས་ཀྱི་དཀར་ཆག་ནང་བདམས། རྒྱལ་ཡོངས་ཀྲུང་བོད་གསོ་རིག་རིག་གནས་དྲིལ་སྒྲོག་སློབ་གསོའི་རྟེན་གཞི་ཡིན་པའི་མཚོ་སྔོན་བོད་ལུགས་གསོ་རིག་རིག་གནས་རྟེན་མཛོད་ཁང་གིས་མི་རིགས་ཀྱི་ཕུལ་བྱུང་རིག་གནས་དར་སྤེལ་གཏོང་བའི་ཐད་བྱས་རྗེས་བཞག་ཡོད།


མཉམ་སྤྱོད།