དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དབྱི་སི་རལ་གྱིས་མུ་མཐུད་དུ་ཅ་ཧྲ་དང་དམག་འཁྲུག་མཚམས་འཇོག་རྒྱུའི་ཐད་གྲོས་མོལ་བྱ་རྒྱུ་རེད།

2024-05-24 14:29:57   |   130

སྒྲིག་སྒྱུར།     དོན་འགྲུབ་མཚོ།     ཡོང་ཁུངས།    མི་དམངས་དྲ་བ།    བཤེར་འབེབས།     རིན་ཆེན་ཚེ་རིང་།


微信图片_20240524104444 [原始大小].jpg

ཉེ་ཆར། དབྱི་སི་རལ་གྱིས་དམག་འཁྲུག་སྐབས་ཀྱི་རྒྱལ་སྲིད་ལས་ཁུངས་ཀྱི་གྲོས་མོལ་ཚོགས་འདུ་མཇུག་བསྒྲིལ་ཞིང་། དབྱི་སི་རལ་ཙུང་ལི་ནེ་ཐ་ཉི་ཡ་ཧུའུ་ཡིས་མི་སྣ་བརྗེ་རེས་དང་ཅ་ཧྲའི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མཐུན་གྱི་གྲོས་མོལ་ནང་དབྱི་སི་རལ་གྱིས་འཐུས་མི་ཚོགས་པ་མུ་མཐུད་དུ་ཞུགས་རྒྱུའི་བཀའ་བཏང་བ་རེད། 

འདུམ་འགྲིག་ཕྱོགས་ཀྱིས་བཏོན་པའི་ཅ་ཧྲ་ས་ཁུལ་གྱི་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མགོར་པ་ལེ་སི་ཐན་གྱི་དབྱི་སི་ལན་འགོག་རྒོལ་ལས་འགུལ(ཧ་མ་སི)གྱིས་ཟླ་འདིའི་ཚེས6ཉིན་མོས་མཐུན་བྱ་རྒྱུའི་ཁྱབ་བསྒྲགས་བྱས་མོད། འོན་ཀྱང་དབྱི་སི་རལ་ཕྱོགས་ཀྱིས་ཧ་མ་སིས་ཁས་ལེན་བྱས་པའི་ཆ་རྐྱེན་དེ་བླང་བྱ་དང་ཐག་ཧ་ཅང་རིང་པོ་ཡོད་ཚུལ་བསྟན། ཚེས7ཉིན་ནས་བཟུང་། ཧ་མ་སི་དང་དབྱི་སི་རལ། འབྲེལ་ཡོད་འདུམ་འགྲིག་ཕྱོགས་བཅས་ཀྱིས་ཨེ་ཅིབ་ཀྱི་ཁའེ་ལུའོ་དམག་འཁྲུག་མཚམས་འཇོག་རྒྱུའི་གྲོས་མོལ་བྱས་པ་རེད། ཚེས9ཉིན་གྲོས་མོལ་ལ་མོས་མཐུན་མ་བྱུང་། 


མཉམ་སྤྱོད།