དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཏམ་བཟང་། མཚོ་བྱང་གི་ལུས་རྩལ་པ་གཡང་མོ་མཚོས་ཡ་གླིང་གི་རི་ཀློང་ལྕགས་རྟ་འགྲན་སྡུར་ཁྲོད་ཟངས་ཀྱི་རྟགས་མ་བླངས།

2024-05-24 14:52:40   |   542

སྒྲིག་སྒྱུར། སངས་རྒྱས་སྐྱིད། ཡོང་ཁུངས། མཚོ་བྱང་སྲིད་དོན། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། མདོ་ལ་རྫོང་མུ་རི་གྲོང་རྡལ་གྱི་བོད་རིགས་བུ་མོ་གཡང་མོ་མཚོས2024ལོའི་ཡ་གླིང་གི་རི་ཀློང་ལྕགས་རྟ་འགྲན་སྡུར་ཁྲོད་ཀྲུང་གོའི་རུ་ཁག་གི་ཚབ་བྱས་ཏེ་ཟངས་ཀྱི་རྟགས་མ་བླངས་ཤིང་། གཡུར་དུ་ཟ་བའི་གྲུབ་འབྲས་ཀྱིས་ཀྲུང་གོའི་རུ་ཁག་ལ་གཟི་བརྗིད་དང་མཚན་སྙན་བསྩལ།

གཡང་མོ་མཚོ་ནི2003ལོར་མདོ་ལ་རྫོང་མུ་རི་གྲོང་རྡལ་བརྒ་སྡེ་བའི་འབྲོག་ཁྱིམ་དཀྱུས་མ་ཞིག་ཏུ་སྐྱེས། ཆུང་དུས་ནས་ལུས་རྩལ་ལ་དུངས་ཤིང་དེའི་ཕྱོགས་ལ་ལྷན་སྐྱེས་ཀྱི་ཤེས་རབ་ལྡན། 2018ལོར་མཚོ་སྔོན་ཞིང་ཆེན་གྱི་རི་ཀློང་ལྕགས་རྟ་རུ་ཁག་ཏུ་ཞུགས་ཤིང་། མཚོ་སྔོན་ཞིང་ཆེན་གྱི་རི་ཀློང་ལྕགས་རྟའི་ལུས་རྩལ་པ་སྐོར་དང་པོར་གྱུར། འདས་པའི་ལོ་འགའི་རིང་ལ་རྒྱལ་ནང་རྒྱལ་ཕྱིའི་འགྲན་སྡུར་རབ་དང་རིམ་པའི་ཁྲོད་བྱ་དགའ་ཐེངས་མང་བླངས།

5.png


མཉམ་སྤྱོད།