དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-27 07:29:48   |   2584

སྒྲིག་སྒྱུར།  སངས་དོན།     ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།   བཤེར་འབེབས།   རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན། 

  • ཀྲུང་གོ་དང་ཨ་རབ་ཕྱོགས་གཉིས་པོས་ཐུན་མོང་ཐོག་གྲོས་ཐག་བཅད་པ་བརྒྱུད། ཀྲུང་གོ་དང་ཨ་རབ་རྒྱལ་ཁབ(阿拉伯国家)ཀྱི་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཟླ5ཚེས30ཉིན་པེ་ཅིང་དུ་འཚོག་རྒྱུ་ཡིན་པ་རེད།  རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་རྒྱུ་དང་འབྲེལ་གཙོ་དོན་གསུང་བཤད་ཀྱང་གནང་རྒྱུ་རེད། 

  • ཉེ་ཆར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱ་ཡིག་སློབ་ཁྲིད་ཀྱི“སློབ་གྲྭ་བརྒྱ་རྣམ་གྲངས”ཀྱི་སློབ་མའི་འཐུས་མིར་འཕྲིན་ལན་བསྐུར་ནས་ཁོང་ཚོར་རྒྱ་ཡིག་ཡག་པོ་སྦྱོང་བ་དང་ཀྲུང་གོ་ཤེས་རྟོགས་བྱས་ཏེ། ཀྲུང་གོ་དང་ཨ་རབ་དབར་གྱི་མཛའ་གྲོགས་ལ་སྐུལ་འདེད་གཏོང་ཆེད་སྟོབས་ཤུགས་འབུལ་རྒྱུའི་ལྕག་སྐུལ་བྱས་པ་རེད། 

  • ཀྲུང་གུང་ཀྲུང་དབྱང་གི་ཏང་གི་ལོ་རྒྱུས་དང་ཚད་ལྡན་ཡིག་ཆ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་《ཏང་གི་སྒྲིག་ཁྲིམས་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་ཞི་ཅིན་ཕིང་གི་རྒྱས་བཤད་གནད་བསྡུས》ཞེས་པའི་དེབ་དེ་ཉེ་ཆར་ཀྲུང་དབྱང་ཚད་ལྡན་ཡིག་ཆ་དཔེ་སྐྲུན་ཁང་གིས་པར་སྐྲུན་བྱས་ནས་རྒྱལ་ཡོངས་སུ་འགྲེམས་སྤེལ་བྱས་པ་རེད། 

01.jpg

  • ཀྲུང་གོ་གློག་ཤུགས་ཁེ་ལས་མཉམ་འབྲེལ་ལྷན་ཚོགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་དུས་ཚིགས་དང་པོར་རང་རྒྱལ་གྱི་ནུས་རྒྱུ་གཙང་མའི་འཛུགས་སྐྲུན་བྱེད་བཞིན་པའི་གཞི་ཁྱོན་སྟོང་ཝ་ཁྲི51205ཟིན། དུས་མཚུངས་ལས30.97%འཕར་ཡོད་པ་རེད། 

  • ཚོང་དོན་པུའི་གྲངས་གཞི་ལས་མངོན་པ་ལྟར་ན། ད་ལོའི་ཟླ་དང་པོ་ནས་བཞི་བར་རང་རྒྱལ་གྱིས་ཕྱི་རྒྱལ་གྱི་མ་དངུལ་སྒོར་དུང་ཕྱུར3602བསྡུ་ལེན་བྱས་ཡོད། 

  • ཚེས26ཉིན། ཀོང་ཏུང་དང་ཤང་ཀང་། ཨའོ་མོན་མཚོ་ཁུག་ཆེན་པོའི་ཁུལ་གྱི་གྲོང་ཁྱེར་དབར་གྱི་ལྕགས་ལམ་བཞི་ཤར་གཏོང་ཐུབ་པ་དང་མཚོ་ཁུག་ཆེན་པོའི་ཁུལ་གྱི“ཆུ་ཚོད་གཅིག་གི་འཚོ་བའི་ཁུལ”མགྱོགས་མྱུར་ཆགས་ཡོད་པ་རེད། 

  • ཚེས26ཉིན། ཀྲུང་གོ་རྒྱལ་ཁབ་དྲ་སྦྲེལ་ཆ་འཕྲིན་གཞུང་དོན་ཁང་དང་ཧིན་རྡུ་ཉི་ཞི་ཡའི་རྒྱལ་ཁབ་དྲ་རྒྱ་དང་གསང་ཨང་ཅུས་ཀྱིས་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་དྲན་ཐོར་མུ་མཐུད་མིང་རྟགས་བཀོད་ནས་ཕྱོགས་གཉིས་པོས་ཀྲུང་གོ་དང་ཧིན་རྡུ་ཉི་ཞི་ཡའི་དྲ་རྒྱའི་བདེ་འཇགས་ཁྱབ་ཁོངས་ཀྱི་མཉམ་ལས་སྔར་བས་གཏིང་ཟབ་དང་རྒྱ་ཆེར་གཏོང་རྒྱུ་ཡིན་པ་རེད། 

  • ཚེས26ཉིན། མཉམ་འབྲེལ་རྒྱལ་ཚོགས་རྒྱལ་སྤྱིའི་གནས་སྤོས་ཡུལ་མི་རྩ་འཛུགས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ཕ་ཕུ་ཡ་ཀི་ནེ་ཡ་གསར་པའི(巴布亚新几内亚)རི་ཉིལ་ནས་མི670ལྷག་ཙམ་རྐྱེན་ལམ་དུ་ཤོར་ཡོད་པ་རེད། 

02.jpg

  • 2024ལོའི་འཛམ་གླིང་མཆོང་རྒྱུག་འཕེན་གསུམ་མཉམ་འབྲེལ་ལྷན་ཚོགས་ཀྱི་རྡོ་རྗེ་ཕ་ལམ་མཉམ་འགྲན་ཡིའུ་ཅིན་ས་ཚིགས(钻石联赛尤金站)ཀྱི་བུད་མེད་སྨི་ཁྲི་ཡི་འགྲན་བསྡུར་ནང་། ཁེན་ནི་ཡའི(肯尼亚)བདམས་ཐོན་པ་ཆེ་པེ་ཐེ(切贝特)སྐར་མ28དང་སྐར་ཆ54ཡི་ཐོག་ནས་འཛམ་གླིང་གི་ཟིན་ཐོ་ལས་བརྒལ་ཏེ་ཨང་དང་པོ་བླངས་པ་དང་། རྣམ་གྲངས་དེའི་སྐར་མ29ལས་བརྒལ་བའི་བདམས་ཐོན་པ་དང་པོར་གྱུར་ཡོད་པ་རེད། 

    སྤྱི་ཚོགས། 

03.jpg

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་གནས་ཚུལ་སྤེལ་བར་གཞིགས་ན། ད་ལོའི་རྒྱ་མཚོའི་རླུང་འཚུབ་ཨང1པ“ཨའེ་ཡུན་ཉི(艾云尼)”ཚེས26ཉིན་གྱི་སྔ་དྲོར་བྱུང་བ་རེད། 

  • རྒྱལ་ཁབ་དངུལ་རྩ་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས“གཡོ་ཐབས་སྐྱེལ་འདྲེན(套路运)”དང“གཡོ་ཐབས་དངུལ་བུན(套路贷)”སོགས་རྣམ་པ་སྣ་ཚོགས་ཀྱི་གཡོ་ཐབས་དངུལ་བུན་སྔོན་འགོག་བྱེད་དགོས་པའི་ཉེན་ཁའི་གསལ་འདེབས་ཁྱབ་བསྒྲགས་བྱས་པ་རེད། 

04.jpg

  • ཉེ་ཆར། འཛམ་གླིང་ཐོག་ཕག་ནས་མིའི་ནད་ཐོག་རམ་འདེགས་ཀྱི་རིགས་གཞན་མཆིན་པ་སྤོ་འཛུགས(异种肝移植)གཤགས་བཅོས་ཐོག་མ་དེ་ཨན་ཧུའེ(安徽)རུ་ལེགས་གྲུབ་བྱུང་བ་རེད། 

  • པེ་ཅིང་སྨན་བཅོས་འགན་བཅོལ་ཅུས་གནས་ཚུལ་ཁྱབ་བསྒྲགས་བྱས་ནས་སྨན་ཐོ་མི་དགོས་པའི་སྨན་རྫས་དེ(非处方药)སྨན་བཅོས་འགན་བཅོལ་མི་སྒེར་གྱི་རྩིས་ཐོའི་དྲ་ཐོག་ནས་གཏོང་སྤྲོད་བྱེད་པའི་ཚོད་ལྟ་བྱས་པ་རེད། 

  • ཧོ་པེ་ཆིན་ཧོང་ཏའོ་ཡིས(秦皇岛)ཉེ་དུས་དྲན་སྐུལ་བྱས་དོན། ཧའེ་ཧུང(海虹)སོགས་འགྲོན་བུའི་རིགས་ཁྲོད་བེམ་སྦྲིད་རང་བཞིན(麻痹性)གྱི་འགྲོན་བུའི་རིགས་ཀྱི་དུག་རྒྱུ་ཚད་ལས་བརྒལ་བའི་ཉེན་ཁ་ཐོན་གྱི་ཡོད་པས་འཛིན་རྙབ་དང་། ཉོ་བ། ཟ་མི་རུང་པའི་གྲོས་མགོ་བཏོན་པ་རེད། 

05.jpg

  • ཚེས26ཉིན། རང་རྒྱལ་གྱི་ཚན་རིག་རྟོག་ཞིབ་གྲུ་གཟིངས་ཀྱིས་སན་ཡའི་མཚོ་མཐའ་རུ་ཐོན་པའི་ཆུ་སྲིན“ཧའེ་ཐང”རྒྱ་མཚོར་ཕྱིར་གཏོང་བྱས། 

  • ཚེས25ཉིན། ཧོང་ཧྲན(黄山)གྱི་ཧྥེ་ལེ་ཧྲིར(飞来石)ཐོག་བརྒྱབ་ནས་གནས་སྐོར་བ13ལ་རྨས་སྐྱོན་ཕོག་ནས་སྨན་བཅོས་བྱེད་པར་བསྐྱལ་བ་དང་། ཧྥེ་ལེ་ཧྲིའི་མཛེས་ལྗོངས་ཁུལ་གནས་སྐབས་སྒོ་བརྒྱབ་པ་རེད། 

  • ཧུའུ་ནན་ཁྲང་ཧྲ་རུ་སྐྱེས་པ་གཉིས་ཀྱིས“སྔོན་ཚོང་”བྱས་པ་དང་འབྲེལ་གླུ་གཞས་ཆེད་ཚོགས་ཀྱི་སྤ་སེ250རྫུན་བཟོ་བྱས་པ་དང་། མིག་སྔར། ཉེན་རྟོག་ཕྱོགས་ཀྱིས་ཉེས་དོན་བཀག་ཉར་བྱས་པ་དང་རྐུ་འཕྲོག་དངུལ་སྒོར་ཁྲི70ལྷག་ཙམ་ཚུར་ལེན་བྱས་པ་རེད། 

06.jpg

  • ཀོང་ཏུང་ཀྲུའུ་ཧའེ་ཡི་བུ་མོ་ཞིག་རྐུན་འགོག་སྒེའུ་ཁུང་གི་ཕྱི་རོལ་དུ་དཔྱངས་ཡོད་པ་དང་། ཐོག་ཁང་འོག་གི་ཚོང་ཁང་ཆུང་ཆུང་གི་སྦྱིན་བདག་དབྱང་ལན་མིང་གིས་མཐོང་རྗེས་འཕྲལ་མར་སུམ་ཐོག་ཏུ་འཛེགས་ནས་བུ་མོ་དེ་སྐར་མ15ལ་ཡར་བཀྱགས་ཤིང་། མཐར་གྲོང་མི་གཞན་དག་གིས་རོགས་རམ་འོག་བུ་མོ་དེ་སྐྱོབ་ཐུབ་པ་བྱུང་། 

སྲིད་ཇུས།

  • ཅང་སུའུ་ཡིས་ཇུས་གཞི་དཔར་འགྲེམས་བྱས་ནས་སྤྱི་པའི་ཁང་གླ་རེ་ཞུ་ཞིབ་བཤེར་གཏན་འབེབས་བྱེད་པའི་དུས་ཚོད་ཉུང་དུ་བཏང་ནས་ཉིན25ནང་ཚུན་དུ་ཚོད་འཛིན་བྱས་ཡོད། 

  • ཧའེ་ནན་གྱིས་བྱ་ཐབས་ཁྱབ་བསྒྲགས་བྱས་ནས་ཆ་རྐྱེན་དང་མཐུན་པའི་ཚན་རྩལ་གསར་གཏོད་སྟེགས་བུས་ཚན་ཞིབ་མཉེན་ཆས་དང་མཁྲེགས་ཆས་གསར་སྐྲུན(རྒྱས་སྐྲུན)བྱས་པར་ཞིང་ཆེན་རིམ་པའི་ནོར་སྲིད་ཀྱི་རྒྱབ་སྐྱོར་མཐོ་ཤོས་སྒོར་ཁྲི500སྤྲོད་རྒྱུ་ཡིན་པ་རེད།  

  • ཁྲུང་ཆིང་གིས་ཡིག་ཆ་བཀོད་ནས་ཕྲུ་གུ་གཉིས་པའམ་ཡང་ན་ཕྲུ་གུ་གསུམ་སྐྱེས་པ་མ་ཟད་ཉུང་མཐར་ཡང་ལོ་ན་མ་སོན་པའི་ཕྲུ་གུ་གཅིག་ཡོད་པའི་ཁྱིམ་ཚང་གིས་ལྟེ་བའི་གྲོང་ཁུལ་དུ་གསར་དུ་བསྐྲུན་པའི་ཚོང་ཟོག་སྡོད་ཁང་ཉོས་ནས་དྲ་ཐོག་གན་རྒྱ་བཞག་པའི་ཐོ་འགོད་སྙན་སེང་ལེགས་གྲུབ་བྱུང་བར། ཕྲུ་གུ་གཉིས་པའི་ཁྱིམ་ཚང་ལ་སྒོར་ཁྲི2དང་ཕྲུ་གུ་གསུམ་པའི་ཁྱིམ་ཚང་ལ་སྒོར་ཁྲི3ཁ་གསབ་སྤྲོད་རྒྱུ་ཡིན་པ་རེད། 

དེ་རིང་གི་གནམ་གཤིས།

07.jpg

  • འབྲི་ཆུའི་ལྷོ་རྒྱུད་ཀྱི་ས་ཁུལ་མང་ཆེ་བ་དང་། ཧྭ་ནན་གྱི་ས་ཁུལ་མང་ཆེ་བ་དང་། ཅང་ཧུའེ་ས་ཁུལ་མང་ཆེ་བ་དང་། ཅང་ཧན་གྱི་ཤར་རྒྱུད་དང་དེ་བཞིན་བྱང་ཤར་ས་ཁུལ་གྱི་ཤར་རྒྱུད། ཤིན་ཅང་གི་བྱང་རྒྱུད་ཀྱི་ཐེན་ཧྲན་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། མཚོ་སྔོན་གྱི་ཤར་ལྷོའི་རྒྱུད། སི་ཁྲོན་གྱི་ནུབ་རྒྱུད་དང་ལྷོ་རྒྱུད། ཁྲུང་ཆིང་གི་ཤར་རྒྱུད། ཡུན་ནན་གྱི་ནུབ་རྒྱུད་དང་ཤར་རྒྱུད། ཀུའེ་ཀྲོའུ་ལྷོ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་འབྲིང་ཙམ་ནས་ཆེ་བ་འབབ་ཀྱི་རེད།


མཉམ་སྤྱོད།