དེ་རིང་ནི2024ལོའི་ཟླ09པའི་ཚེས17ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་རང་ས་ནས་ཐོག་མའི་རྒྱལ་ཁ་བླངས།

2024-05-27 08:48:06   |   725

རྩོམ་སྒྲིག    དོན་འགྲུབ་མཚོ།     ཡོང་ཁུངས།     མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར།     བཤེར་འབེབས།     རིན་ཆེན་ཚེ་རིང་།


ཟླ5པའི་ཚེས25ཉིན། "རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་ལས་མཚོ་བྱང་འགྲན་ཁུལ་གྱི་ཐོག་མའི་འགྲན་སྡུར་འཇུ་ལག་རྫོང་མི་རིགས་ལུས་རྩལ་ར་བ་རུ་སྤེལ་ལ། མཚོ་བྱང་མདོ་ལ་རི་བོ་བོད་ལུག་རུ་ཁག་གིས་རང་ས་ནས་ཐོག་མའི་རྒྱལ་ཁ་བླངས་ཏེ3:1གིས་སྐུ་མགྲོན་རུ་ཁག་མཚོ་ནུབ་ཁུལ་ཚྭ་འདམ་འཕང་འབྲས་རུ་ཁག་ལས་རྣམ་པར་རྒྱལ།

1 [原始大小].jpg

2 [原始大小].jpg

ཐེངས་འདིའི་འགྲན་སྡུར་ཁྲོད"ཆས་རྟགས་རྐང་གྲུག་སྤོ་ལོའི་འགྲན་བསྡུར+ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང+ཁྱད་ལྡན་རིག་གནས་གནས་སྐོར་གྱི་འགྲེམས་དངོས་འགྲེམས་སྟོན+ཁྱད་ལྡན་རིག་རྩལ་ལེ་ཚན་འཁྲབ་སྟོན+དྲ་ཐོག་དྲ་ཕྱིའི་དྲིལ་སྒྲོག་ཁྱབ་གདལ"བཅས་ཀྱི་བྱ་ཐབས་བརྒྱུད་ཕྱོགས་ཡོངས་དང་རྣམ་པ་མང་བ། ཟློས་ཚད་མཐོ་བ་བཅས་ཀྱི་སྒོ་ནས་མཚོ་བྱང་གི་རང་བྱུང་ཡུལ་ལྗོངས་དང་ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་རྫས་འགྲེམས་སྟོན་བྱས་ཏེ“མཚོ་བྱང་གི་སྤུས་ལེགས་ཐོན་རྫས”ཕྱིར་ཚོང་ཐབས་ལམ་རྒྱ་སྐྱེད་ནུས་ལྡན་བཏང་ལ། “མདོ་ལ་རི་འདབས་ཀྱི་ཕྱུགས་ར་བཟང་པོའི”ས་ཁོངས་ཀྱི་སྤྱི་སྤྱོད་ཆས་རྟགས་ཀྱི་སྙན་པ་ཇེ་མཐོར་བཏང་སྟེ“རྐང་གྲུག་སྤོ་ལོ་ཆུང་ཆུང”གིས“ཐོན་ལས་ཆེན་པོར”སྐུལ་ཁྲིད་བྱས་ཏེ་སྤུས་ཚད་གསར་པའི་ཐོན་སྐྱེད་ནུས་ཤུགས་སྐྱེད་སྲིང་བྱེད་པ་ཇེ་མགྱོགས་སུ་བཏང་བ་དང་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས། རོང་འབྲོག་ཁུལ་དར་སྤེལ་དང་རོང་འབྲོག་པར་འབབ་འཕར་ཡོང་རྒྱུར་སྐུལ་འདེད་ཤུགས་ཆེན་བཏང་ནས་མཚོ་བྱང་གི"ཞིང་གསུམ"བྱ་བའི་སྤུས་ཚད་མཐོ་བའི་ལེའུ་གསར་པ་ཞིག་བརྩམས་ཡོད།

3 [原始大小].jpg

4 [原始大小].jpg

"རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་གྲུག"ལྷག་རིམ་འགྲན་སྡུར་ཆེན་མོ་ནི་རྐང་གྲུག་སྤོ་ལོའི་གསོལ་སྟོན་གཟབ་རྒྱས་ཤིག་ཡིན་ལ་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་འགྲེམས་སྟོན་ཚོགས་འདུ་ཞིག་དང་། གཟུགས་འདས་ཤུལ་བཞག་རིག་གནས་འགྲེམས་སྟོན་ཚོགས་འདུ། གནས་སྐོར་ལམ་ཐིག་རྩེ་གྲ་འོས་སྦྱོར་ཚོགས་འདུ་ཞིག་ཀྱང་ཡིན་ཏེ"ཞིང་ལས་ལུས་རྩལ་རིག་གནས་གནས་སྐོར་ཚོང་ལས"འགྲན་རར་འཛོམས་ནས་ས་ཁུལ་གྱི་མཁར་གྲོང་གི་ཉམས་འགྱུར་མངོན་པ་དང་། ཡུལ་སྲོལ་གོམས་གཤིས། ཁྱད་ལྡན་ཐོན་རྫས། རིག་གནས་ཆས་རྟགས། དཔལ་འབྱོར་གྱི་ལེགས་ཆ་བཅས་ཕྱོགས་ཡོངས་ནས་འགྲེམས་སྟོན་བྱས།

5 [原始大小].jpg

རྒྱུས་ལོན་པར་གཞིགས་ན། ཐེངས་འདིའི་ཁུལ་ཡོངས་ཀྱི་ཞིང་ཕྱུགས་ཁེ་ལས34སྒྲིག་འཛུགས་བྱས་ནས་འགྲེམས་སྟོན་ཁྲོད་ཞུགས་པ་དང་ཁྱོན་བསྡོམས་ཐོན་རྫས356དང་སྣ་ཁ74། རིག་གནས་གསར་གཏོད་རིགས5དང་སྣ་ཁ17། གཟུགས་འདས་ཤུལ་བཞག་རིག་གནས་ལས་གཞི་རིགས8བཅས་ཡོད། ཐོན་རྫས་ཕྱིར་ཚོང་ཧ་ཅང་བྲིན་ཆེ་ལ་ཡུལ་དངོས་དང་དྲ་ལམ་ཐད་གཏོང་གི་ཕྱིར་ཚོང་བྱེད་ཚད་སྒོར་ཁྲི8ལྷག་ཙམ་ཟིན།


མཉམ་སྤྱོད།