དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཞོགས་པའི་ཇ་ཡུན་གསར་འགྱུར།

2024-05-28 07:36:14   |   2102

སྒྲིག་སྒྱུར།  སངས་དོན།   ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར་འཕྲིན་སྟེགས།    བཤེར་འབེབས།  རིན་ཆེན་ཚེ་རིང་། 


གསར་འགྱུར་གལ་ཆེན།

  • ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཟླ5ཚེས27ཉིན་ཚོགས་འདུ་འཚོགས་ནས《དུས་རབས་གསར་པར་དབུས་རྒྱུད་ས་ཁུལ་མགྱོགས་མྱུར་དར་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་བྱེད་ཐབས་འགའ》དང《དངུལ་རྩའི་ཉེན་ཁར་དོགས་ཟོན་དང་འགན་འཁྲི་བདའ་འདེད་ཀྱི་གཏན་འབེབས(ཚོད་ལྟའི་ལག་བསྟར)》ལ་གྲོས་ཞིབ་བྱས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཚོགས་འདུར་གཙོ་སྐྱོང་གནང་། 

  • རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གདན་ཞུས་ལྟར་པ་རེན་གྱི་རྒྱལ་པོ་ཧ་མ་ཏེ་དང་། ཨེ་ཅིབ་ཀྱི་ཙུང་ཐུང་སའེ་ཤི། ཐུ་ནི་སིའི་ཙུང་ཐུང་སའེ་དབྱི་ཏེ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་ཙུང་ཐུང་མུའུ་ཧན་མོ་ཏེ་བཅས་ཀྱིས་ཟླ5ཚེས28ཉིན་ནས་ཟླ6ཚེས1ཉིན་བར་ཀྲུང་གོར་རྒྱལ་དོན་འཚམས་འདྲི་གནང་བ་དང་འབྲེལ་ཀྲུང་གོ་དང་ཨ་རབ་རྒྱལ་ཁབ་མཉམ་ལས་གླེང་སྟེགས་སྐབས་བཅུ་པའི་པུ་ཀྲང་རིམ་པའི་ཚོགས་འདུའི་མགོ་ཚུགས་མཛད་སྒོར་ཞུགས་རྒྱུ་རེད།

  • ཀྲུང་དབྱང་དྲིལ་བསྒྲགས་པུ་ཡིས་སྤྱི་ཚོགས་ཡོངས་ལ་སྐམ་དམག་གི་མཉམ་འདྲེས་སྟོང་དཔོན(合成旅)ག་གེ་མོའི“དབྱང་ཀེན་སི་བརྒྱ་དཔོན”གྱི་སྔོན་ཐོན་བྱས་རྗེས་དྲིལ་བསྒྲགས་དང་ཁྱབ་བསྒྲགས་བྱས་ནས་ཁོང་ཚོར“དུས་རབས་ཀྱི་མིག་དཔེ”ཞེས་པའི་མཚན་སྙན་གནང་བ་རེད། 

  • ཟླ1ནས4པའི་བར། རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་སྤོགས་སྡོམ་འབོར་སྒོར་དུང་ཕྱུར་20946.9མངོན་འགྱུར་བྱུང་བ་དང་། དུས་མཚུངས་ལས4.3%འཕར་ཡོད། 

  • ཟླ4པར། རྒྱལ་ཡོངས་སུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན9755ཞིབ་བཤེར་ཐག་གཅོད་བྱས་ཡོད། 

  • ལོ་ལྔའི་རིང་། རྒྱལ་ཡོངས་སྤྱི་བདེ་ལས་ཁུངས་ཀྱི་མི་དམངས་ཉེན་རྟོག་པ1482གཞུང་དོན་གྱི་དབང་གིས་རང་སྲོག་བློས་བཏང་བ་དང་མི་དམངས་ཉེན་རྟོག་པ་ཁྲི2.5གཞུང་དོན་གྱི་དབང་གིས་རྨས་སྐྱོན་ཕོག་ཡོད་པ་རེད། 

01.jpg

  • ཀྲུང་གོའི་མི་སྡོད་འཇིག་རྟེན་འཕུར་སྐྱོད་ལས་གྲྭ་གཞུང་དོན་ཁང་ནས་གནས་ཚུལ་སྤེལ་བར་གཞིགས་ན། ལྷ་གྲུ་ཨང་བཅོ་བརྒྱད་པའི་འཇིག་རྟེན་འཕུར་སྐྱོད་པའི་ཚོགས་ཆུང་གིས་ཉེ་ཆར་གོ་སྐབས་བདམས་ནས་གྲུ་གཟིངས་ནས་ཕྱིར་ཐོན་པའི་བྱེད་སྒོ་ཐེངས་དང་པོ་སྤེལ་རྒྱུ་ཡིན་པ་རེད། 

  • ཕྱི་འབྲེལ་པུས་ཀྲུང་གོ་ཕྱོགས་ཀྱིས་མུ་མཐུད་དུ་དགོས་ངེས་ཀྱི་བྱེད་ཐབས་མཐའ་དག་སྤྱད་ནས་རང་ངོས་ཀྱི་ལུགས་མཐུན་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱ་རྒྱུ་དང་རྒྱལ་ཁབ་གང་རུང་དང་། རྩ་འཛུགས་སམ་མི་སྒེར་གང་རུང་གིས་ཀྱང་ཐའེ་དབན་གྱི་གནད་དོན་ཐད་ས་མཚམས་ལས་བརྒལ་ནས་རིན་དོད་གཏོང་མི་དགོས་ཞེས་བཤད་པ་རེད། 

  • ཚེས27ཉིན། འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་སྐབས77པས་རྒྱལ་ཁབ་ཁ་ཤས་ཀྱིས་བཏོན་པའི“ཐའེ་དབན་ལྟ་ཞིབ་པའི་མིང་ཐོག་ནས་འཛམ་གླིང་འཕྲོད་བསྟེན་ཚོགས་ཆེན་ནང་ཞུགས་རྒྱུར་གདན་འདྲེན་ཞུ་རྒྱུ”ཞེས་པའི་གྲོས་གཞི་དེ་ཚོགས་ཆེན་གྱི་གྲོས་རིམ་ནང་འཇུག་རྒྱུའི་ཁས་མ་བླངས། 

སྤྱི་ཚོགས། 

  • ཀྲུང་དབྱང་གནམ་གཤིས་ལས་ཁུངས་ཀྱིས་དྲག་ཆར་གྱི་སྔོན་ཚུད་ཉེན་བརྡ་བཏང་དོན། དེ་རིང་ཀོང་ཏུང་དང་ཀོང་ཞི། བོད་ལྗོངས་སོགས་ས་ཁུལ་དུ་དྲག་ཆར་ཆེན་པོ་འབབ་རྒྱུ་རེད། 

  • སྤྱི་བདེ་པུས་གནས་ཚུལ་སྤེལ་བར་གཞིགས་ན། 2023ལོའི་ཟླ7པ་ནས་བཟུང་འབར་མའི་བྱང་རྒྱུད་ཀྱི་རང་རྒྱལ་དང་འབྲེལ་བ་ཡོད་པའི་ཉེས་གསོག་ལ་རྡུང་རྡེག་གཏོང་བའི་ཆེད་དོན་ལས་དོན་ལ་གྲུབ་འབྲས་གལ་ཆེན་ཐོབ་ནས་འབར་མའི་བྱང་རྒྱུད་ཀྱི་གློག་འཕྲིན་གཡོ་འཕྲུལ་ཉེས་གསོག་དོགས་ཅན་མི་ཁྲི4.9ངེད་ཕྱོགས་ལ་རྩིས་སྤྲོད་བྱས་པ་རེད། 

  • རྒྱལ་ཁབ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན་སོགས་སྡེ་ཚན་མང་པོ་ཞིག་གིས་བརྡ་ཐོ་བཏང་ནས་སྨན་བཅོས་སྒྲིག་གཞིས“སྨན་བཅོས་ལ་བརྟེན་ནས་རྒྱུ་དངོས་ལེན་པ”དང་བར་ཁེ་ལེན་པ་སོགས་ཀྱི་གནད་དོན་གཙོ་གནད་ཐོག་ཆད་པ་གཅོད་རྒྱུ་ཡིན་པ་རེད། 

  • དྲ་རྒྱ་འཕྲིན་གཏོང་སྡེ་ཚན་གྱིས་དྲ་ཚིགས་སྟེགས་བུར་ལྟ་ཞིབ་ཚད་ལེན་དང་ཐག་གཅོད་བྱེད་ཤུགས་མུ་མཐུད་དུ་ཆེ་རུ་གཏོང་རྒྱུར་མཛུབ་ཁྲིད་བྱས་ནས་ད་ལོ་ནས་བཟུང་ཁྲིམས་འགལ་སྒྲིག་འགལ་གྱི་རྩིས་ཐོ10859ཐག་གཅོད་བྱས་ཡོད་པ་རེད། 

  • འཛམ་གླིང་ཕིང་ཕང་སྤོ་ལོའི་ལས་རིགས་མནའ་འབྲེལ་ཆེན་པོའི(WTT)རྒྱུན་གཏན་འགྲན་སློང་འགྲན་བསྡུར་སྟེ་ཐའེ་ཡོན་ས་ཚིགས(太原站)ཚེས26ཉིན་གྱི་དགོང་མོ་མཇུག་འགྲིལ་ནས་ཀྲུང་གོའི་ཕིང་ཕང་སྤོ་ལོའི་རུ་ཁག་གིས་ཨང་དང་པོ་ལྔ་ཚང་མ་བླངས་པ་རེད། 

02.jpg

  • མིག་སྔར། དོམ་ཁྲ“ཧྥུའུ་པའོ”རྒྱུན་ལྡན་ལྟར་འཚོ་བ་རོལ་ཐུབ་པར་གྱུར་བ་དང་གནས་ཚུལ་ཡག་པོ་ཡོད་པས་ཟླ6པར་ཀུན་གྱིས་མཐོང་ཐུབ་རྒྱུ་རེད། 

  • ཚེས27ཉིན། ཀྲུང་གོའི་གྲུ་གཟིངས་ཏ་ལེན་གྲུ་གཟིངས་བཟོ་སྐྲུན་གྱིས་ཞིབ་འཇུག་གསར་སྤེལ་བྱས་ནས་བཟོས་པའི་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི17.5ཅན་གྱི LNG(གཤེར་འགྱུར་རང་བྱུང་སོལ་རླངས)སྐྱེལ་འདྲེན་གྲུ་གཟིངས་ཆུ་ནང་དུ་འཛུལ་རྒྱུ་ལེགས་གྲུབ་བྱུང་བ་རེད། 

  • ཚེས27ཉིན། ལོ20ཡི་དུས་ཡུན་རིང་བོའི་དམིགས་བསལ་རྒྱལ་བུན་མི་སྒེར་ལ་འཚོང་རྒྱུ་ཡིན་པ་རེད། 

03.jpg

  • ཉེ་ཆར། ཡུན་ནན་ལུའུ་ཧྥེང(禄丰)དུ་ལོ་ངོ་དུང་ཕྱུར1.2གོང་གི་ཁུང་འབྲུག་གི་རྐང་རྗེས་རྡོ་འགྱུར་རྙེད་ཡོད། 

སྲིད་ཇུས།

  • རྒྱལ་ཁབ་ཤེས་བྱའི་ཐོན་དབང་ཅུས་སྡེ་ཚན་མང་པོ་དང་མཉམ་འབྲེལ་བྱས་ནས་ཇུས་གཞི་བཟོས་ཏེ2025ལོར་སླེབས་སྐབས། གསར་གཏོད་ཁེ་བེད་བདག་ཐོབ་ལ་ཞིབ་བཤེར་བྱེད་པའི་དུས་འཁོར་ཟླ་བ15བར་ཉུང་དུ་བཏང་ཡོད་པ་རེད། 

  • ཧྲང་ཧའེ་ཡིས་ཡིག་ཆ་བཏོན་ནས་ཧྲང་ཧའེ་ནས་ཡིན་པའི་གྲོང་མིས་ཁང་པ་ཉོ་སྐབས་སྤྱི་ཚོགས་འགན་བཅོལ་ནམ་ཡང་ན་སྒེར་གྱི་དཔྱ་ཁྲལ་འཇལ་དགོས་པའི་ལོ་ཚད་དེ“བསྟུད་མར་ལོ5དང་དེའི་ཡན་འཇལ་བ”ནས“བསྟུད་མར་ལོ3དང་དེའི་ཡན་འཇལ་བའི”བར་ལེགས་སྒྲིག་བྱས་པ་རེད། 

  • ཧྲན་ཤིས་ཀྱིས་བྱ་ཐབས་རབ་དང་རིམ་པ་བཏོན་ཏེ་དམའ་ས་དཔལ་འབྱོར(低空经济)འཕེལ་རྒྱས་ལ་རྒྱབ་སྐྱོར་བྱས་པ་དང་། ཐག་ཉེ་སྐྱེལ་འདྲེན(短途运输)དང་དམའ་ས་གནས་སྐོར(低空旅行)སོགས་མཁའ་འགྲུལ་ཤར་གཏོང་ལས་སྒོར་ཁ་གསབ་བྱ་རྒྱུ་ཁ་གསལ་བཏང་ཡོད། 

དེ་རིང་གི་གནམ་གཤིས། 

04~1.jpg

  • ཀྲེ་ཅང་ཤར་རྒྱུད་དང་། ཀོང་ཏུང་དབུས་ལྷོ་རྒྱུད། ཀོང་ཞིའི་ནུབ་རྒྱུད་དང་ལྷོ་རྒྱུད། ཧའེ་ནན་གླིང་ཕྲན་གྱི་བྱང་ཤར་རྒྱུད། ཡུན་ནན་ཤར་རྒྱུད་དང་ནུབ་བྱང་རྒྱུད། ཀུའེ་ཀྲོའུ་ལྷོ་ནུབ་རྒྱུད། སི་ཁྲོན་གཤོངས་སའི་ནུབ་རྒྱུད། བོད་ལྗོངས་ཀྱི་ཤར་ལྷོའི་རྒྱུད། ཐའེ་དབན་གླིང་ཕྲན་གྱི་ནུབ་རྒྱུད་སོགས་ས་ཁུལ་ཁ་ཤས་སུ་ཆར་བ་ཆེན་པོ་ནས་དྲག་ཆར་འབབ་རྒྱུ་རེད། 


མཉམ་སྤྱོད།