དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདའ་བཞི་རྫོང་གིས་བདེ་འཇགས་བཞི་ལ་དམིགས་ཏེ་འགོག་སྲུང་དྲ་བ་སྲ་བརྟན་དུ་བཏང་བ།

2024-05-27 17:30:32   |   909

རྩོམ་སྒྲིག  སངས་དོན།    ཡོང་ཁུངས།  མདའ་བཞི་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


མཚོ་བྱང་ཁུལ་མདའ་བཞི་རྫོང་གིས་ཐོག་མཐའ་བར་གསུམ་དུ་མ་མཐའི་བསམ་གཞིག་མཐའ་འཁྱོངས་བྱས་ཏེ། ཁྲོམ་རའི་བདེ་འཇགས་ཀྱི“མ་མཐའི་མཚམས་ཐིག་བཞི”དམ་འཛིན་ནན་པོ་སྒོས་བཟའ་བཅའ་དང་སྨན་རྫས། དམིགས་བསལ་སྒྲིག་ཆས་བཅས་ཀྱི་སྤུས་ཚད་བདེ་འཇགས་ལ་ལྟ་སྐུལ་དོ་དམ་ཡག་པོ་བྱས་པ་དང་། ཐེར་འདོན་ཐབས་ལམ་ཤར་གཏོང་བྱས་ནས་ཁྲོམ་རའི་ཁྱབ་ཁོངས་ཀྱི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གལ་ཆེན་ཕྱོགས་ཡོངས་ནས་བརྟག་དཔྱད་གཏིང་ཟབ་དང་དུས་ཐོག་ཏུ་ཐག་གཅོད་ནུས་ལྡན་བྱས་ཏེ། རྫོང་ཡོངས་ཀྱི་ཁྲོམ་རའི་ལྟ་སྐུལ་དོ་དམ་ལས་དོན་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏང་། 

“ནན་ཤོས་བཞི”དོན་འཁྱོལ་བྱས་ནས་བཟའ་བཅའི་བདེ་འཇགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་བཏང་བ། བཟའ་བཅའི་བདེ་འཇགས་དོ་དམ་གྱི་འགན་འཁྲི་དམ་འཛིན་བྱས་ནས་བཟའ་བཅའི་ཐོན་སྐྱེད་ཁེ་ལས་དང་ལས་སྣོན་བཟོ་གྲ། བདེ་སྲུང་བཟའ་བཅའ་དང་བྱིས་པའི་འོ་ཕྱེ་སོགས་ཀྱི་ཆེད་དོན་བཅོས་སྒྲིག་སྤེལ་ནས་ཁྱོན་སྡོམ་ཁྲིམས་འཛིན་མི་སྣ་མི་ཐེངས45སོང་ནས་སློབ་གྲྭའི་མཐའ་འཁོར་གྱི་བཟའ་བཅའི་གཉེར་སྐྱོང་ལས་ཁུངས112ལ་བདེ་འཇགས་ཞིབ་བཤེར་སྤེལ་བ་དང་། གནད་དོན་ཁག3དུས་ལྟར་བཅོས་སྒྲིག་བྱས་ཤིང་། གནད་དོན་ཁག2ལ་ཆད་པ་སྒོར400བཅད།  སློབ་གྲྭའི(བུ་བཅོལ་ཁང)ཟ་ཁང19ལ་ཞིབ་བཤེར་བྱས་པ་དང་ཡོ་བསྲང་བཀའ་འབེབས་ཀྱི་བརྡ་ཐོ2བཏང་། གྱོད་དོན་ཐོ་འགོད1བཅས་བྱས། བཟའ་བཅའི་བདེ་འཇགས་ཀྱི“འགན་འཁྲི་གཉིས”དོན་འཁྱོལ་བྱེད་པར་ཁྱོན་ཡོངས་ནས་སྐུལ་འདེད་གཏོང་ཆེད། རྫོང་དང་ཡུལ་ཚོ། སྡེ་བ(སྡེ་ཁུལ)བཅས་རིམ་པ་གསུམ་གྱི་འགན་ལེན་ལམ་ལུགས་བཙུགས་ནས་ལས་བྱེད་པ159དང་དུད་ཚང878འགན་ལེན་བྱས་ཡོད། དུས་ཚིགས་དང་པོར་བཟའ་བཅའི་འགན་ལེན་ལྟ་སྐུལ་མཛུབ་ཁྲིད་ལས་དོན་ཁྱོན་ཡོངས་ནས་ལེགས་གྲུབ་བྱུང་བ་དང་གནད་དོན་ཁག12ཤེས་རྟོགས་བྱུང་ནས་དུས་ཐོག་ཏུ་གནད་དོན་ངོས་འཛིན་དང་ཚུར་ལན་སྤྲད་པས་གནད་དོན་དག་ཐེར་བྱས་ཚད100%སླེབས་ཡོད། 

ལྟ་སྐུལ་དོ་དམ་གྱི་འགན་འཁྲི་ནན་མོ་བཏང་ནས་སྨན་རྫས་དང་སྨན་དཔྱད་ཡོ་བྱད་ཀྱི་བདེ་འཇགས་འགན་སྲུང་ཆུ་ཚད་མཐོ་རུ་བཏང་བ། སྨན་རྫས་བདེ་འཇགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲིའི་ལམ་སྲོལ་དང་ལས་ཀའི་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་། སྨན་རྫས་སྤུས་ཚད་བདེ་འཇགས་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་རྒྱག་པ། སྨན་རྫས་དང་ཡོ་བྱད་སྤུས་ཚད་བདེ་འཇགས་ཀྱི་ཉེན་ཁའི་གྲོས་མོལ་དང་ཞིབ་འཇུག ཐག་གཅོད་བཅས་ཀྱི་ལས་ཀའི་ལམ་སྲོལ་ལེགས་སུ་གཏོང་བ། མང་ཚོགས་ཀྱི་སྨན་སྤྱོད་པའི་བདེ་འཇགས་འགན་ལེན་བྱེད་པ།  སྨན་རྫས་དང་སྨན་རྫས་མཁོ་ཆས་ཀྱི་རིན་གོང་བརྟན་པོ་དང་སྤུས་ཚད་འགན་ལེན་གྱི་ཆེད་དོན་བྱ་སྤྱོད་དང་། སྨན་རྫས་བདེ་འཇགས་ཐོན་སྐྱེད་ཀྱི་མངོན་མེད་རྐྱེན་ངན་ལ་བརྟག་དཔྱད་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་ཁྲིམས་འཛིན་མི་སྣ་ཐེངས60སོང་ནས་སྨན་བཅོས་སྒྲིག་གཞི8དང་། སྨན་རྫས་གཉེར་སྐྱོང་ཁེ་ལས་ཐེངས30ལ་ཞིབ་བཤེར་བྱས། ཁུལ་གྱི་ཁྲོམ་ར་ལྟ་སྐུལ་ཅུ་ལ་གཞོགས་འདེགས་བྱས་ཏེ། དུས་ཡུན་ལས་བརྒལ་བའི་སྨན་རྫས་ཕྱིར་འཚོང་གི་གྱོད་གཞི1དང་གཏན་འབེབས་ལྟར་སྨན་རྫས་གསོག་ཉར་མི་བྱེད་པའི་གྱོད་གཞི1ཞིབ་བཤེར་ཐག་གཅོད་བྱས་ནས་སྨན་རྫས་བདེ་འཇགས་ཁྱབ་ཁོངས་ཀྱི་ཁྲིམས་འགལ་སྒྲིག་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་པོ་བཏང་།

མང་ཚོགས་ཀྱིས་དོ་ཁུར་བྱེད་པར་དམིགས་ནས། དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་ཞིབ་བྱེད་ཤུགས་ཆེ་རུ་བཏང་བ། ཐོག་མཐའ་བར་གསུམ་དུ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ལྟ་སྐུལ་དོ་དམ་དེ་དམངས་འཚོའི་དོན་དངོས་གལ་ཆེན་ཞིག་ཏུ་བརྩིས་ནས་གནད་དོན་གྱི་ཁ་ཕྱོགས་མཐའ་འཁྱོངས་དང་། ཕྱོགས་ཁག་གི་འགན་འཁྲི་ནན་དུ་བཏང་སྟེ་དམིགས་བསལ་སྒྲིག་ཆས་ཀྱི་བདེ་འཇགས་ཐོན་སྐྱེད་ཆེད་དོན་བཅོས་སྒྲིག་བྱ་སྤྱོད་སྤེལ་ནས་གློག་སྐས་དང་ལྗིད་འདེགས་འཕྲུལ་ཆས། སོལ་རླངས་སོགས་དམིགས་བསལ་སྒྲིག་ཆས་ཀྱི་ཆེད་དོན་བཅོས་སྒྲིག་གཙོ་གནད་དུ་བཟུང་ནས་མི་ཐེངས12སྒྲིག་འཛུགས་བྱས་ནས་གློག་སྐས96དང་།  གཉེར་སྐྱོང་རང་བཞིན་གྱི་རང་སྐྲུན་ཁང་པ105དང་། ཁེ་ལས5དང་། དམིགས་བསལ་སྒྲིག་ཆས་བེད་སྤྱོད་བྱེད་མཁན་ལས་ཁུངས6དང་། དམིགས་བསལ་སྒྲིག་ཆས105དང་། གློག་སྐས་བེད་སྤྱོད་བྱེད་མཁན་སྡོད་ཁང1བཅས་ལ་ཞིབ་བཤེར་བྱས་ནས་དམིགས་བསལ་སྒྲིག་ཆས་ལྟ་ཞིབ་ཀྱི་བཀའ་བརྡ4བཏང་སྟེ་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་སྲུང་སྐྱོང་བྱས། 

ཐེར་འདོན་གྱི་ཐབས་ལམ་ཤར་གཏོང་དང་། བློ་ཁེལ་བདེ་འཇགས་ཀྱི་འཛད་སྤྱོད་ཁོར་ཡུག་བསྐྲུན་པ། མི་དམངས་ཀྱི་དོན་དུ་ལྟ་སྐུལ་དོ་དམ་བྱེད་པའི་འདུ་ཤེས་ཟབ་ཏུ་བཏང་ནས་ཞུ་གཏུག་ཐེར་འདོན་ཐག་གཅོད་བྱེད་པའི་བརྒྱུད་རིམ་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་། མགྱོགས་མྱུར་ལན་འདེབས་པ་དང་ལས་སྒྲུབ་བྱེད་པའི་ལམ་སྲོལ་དོན་འཁྱོལ་བྱས་ཏེ། གཞི་རྟེན་མང་བའི་འཛད་སྤྱོད་སློབ་གསོ་དང་ཁྲིད་སྟོན་ལས་དོན་གཏིང་ཟབ་སྤེལ་བ། ODR(དྲ་ཐོག་རྩོད་གཞི་ཐག་གཅོད་ལས་སྟེགས)ཁེ་ལས3བཙུགས་པ་དང་། རྫོང་ཡོངས་ནས་འཛད་སྤྱོད་པའི་ཞུ་གཏུག་ཐེར་འདོན་གནད་དོན་ཁག38བདག་སྤྲོད་བྱས་ཤིང་། ལས་སྒྲུབ་བྱས་ཚད100%ཡིན། འཛད་སྤྱོད་པའི་དཔལ་འབྱོར་གྱོང་གུན་སྒོར་ཁྲི1.37རེག་མི་ཐུབ་པར་བྱས། འཛད་སྤྱོད་དངོས་རྫས་བདེ་འཇགས་གནད་དོན་ལ་རྗེས་འདེད་ལམ་སྲོལ་སྤེལ་པ་བརྒྱུད། ཚོང་པས་ཁ་དན་ཚིག་གནས་གཉེར་སྐྱོང་བྱ་རྒྱུར་སྐུལ་འདེད་བཏང་ཞིང་འཛད་སྤྱོད་ཁོར་ཡུག་ལེགས་པོ་བསྐྲུན་ནས་འཛད་སྤྱོད་པའི་ཐོབ་སྣང་དང་བློ་ཡིད་ཚིམ་ཚད་རྒྱུན་ཆད་མེད་པར་ཆེ་རུ་བཏང་། 


མཉམ་སྤྱོད།