དེ་རིང་ནི2024ལོའི་ཟླ09པའི་ཚེས20ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་གྱི་ཉེན་རྟོག་པས་ཐ་མག་རྫུན་མ་འཚོང་མཁན་ཁ་ཤས་བཟུང་འདུག

2024-05-27 15:32:07   |   605

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཀྲུང་གོའི་བོད་སྐད་རྒྱང་སྒྲོག་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


གསར་འགོད་པས་མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའི་མཁར་བྱང་སྤྱི་བདེ་ཡན་ལག་ཅུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། ཉེ་ཆར་རྒྱལ་ཡོངས་ཀྱི་ཞིང་ཆེན22དང་འབྲེལ་བ་ཡོད་པའི་ཁྲིམས་འགལ་ངང་ཐ་མག་ཚོང་གཉེར་བྱས་པའི་གྱོད་གཞི་ཞིག་བདེ་བླག་ངང་རྩད་ཆོད་པ་དང་། གྱོད་འབྲེལ་མ་དངུལ་སྒོར་ཁྲི2000ལྷག་ཙམ་ཟིན་ཡོད་ཅིང་ཁྱོན་ཉེས་བསགས་དོགས་ཡོད་མི་སྣ13འཛིན་བཟུང་བྱས་པ་དང་། ཐ་མག་རྫུན་མ་རྡར་ཚན700ལྷག་ཙམ་ས་གནས་དེ་གར་རྩད་ཆོད།

 2023ལོའི་ཟླ9པའི་ཚེས་14ཉིན། ཟི་ལིང་གྲོང་ཁྱེར་སྤྱི་བདེ་ཅུའི་མཁར་བྱང་སྤྱི་བདེ་ཡན་ལག་ཅུའི་དཔལ་འབྱོར་མྱུལ་ཞིབ་རུ་ཆེན་གྱི་མི་དམངས་ཉེན་རྟོག་པས་ལས་ཀ་བྱེད་རིང་། མི་ལ་ལས་དྲ་རྒྱའི་སྟེགས་བུ་སྤྱད་དེ་མཚོ་སྔོན་སོགས་ས་ཁུལ་དུ་བྲིན་ཁ་རྒྱུག་པའི་ཐ་མག་རྫུན་མ་འཚོང་གི་ཡོད་པ་ཤེས་རྟོགས་བྱུང་། ཉེན་རྟོག་ཕྱོགས་ཀྱིས་དངོས་ཟོག་གི་ཡོང་ཁུངས་དང་མྱུར་སྐྱེལ་སྤྱི་གཉེར། ཚོང་ཟོག་བསྐུར་ཡུལ། དངུལ་སྤྲོད་སྟངས། མ་དངུལ་འགྲོ་ཕྱོགས་སོགས་ལ་ཞིབ་འཇུག་དང་དབྱེ་ཞིབ་བྱས་ནས་རྩ་འཛུགས་ནན་པོ་དང་ལས་བགོས་མཉམ་ལས་ཀྱིས་མི་སྣ་གཏན་འཇགས་ཡིན་པ། འཁོར་སྐྱོད་བདེ་བླག་ཡིན་པ་བཅས་ཀྱི་ཆེད་ལས་ཀྱི་ཐ་མག་རྫུན་མ་ཚོང་གཉེར་བྱེད་པའི་ཉེས་གསོག་ཐོན་ལས་འབྲེལ་ཐག་ཅིག་ཤེས་རྟོགས་བྱུང་།

1.jpeg

 ཟི་ལིང་གྲོང་ཁྱེར་མཁར་བྱང་སྤྱི་བདེ་ཡན་ལག་ཅུས་འཕྲལ་དུ་ཆེད་དོན་ཚོ་ཆུང་བཙུགས་ནས་གྱོད་གཞི་མྱུལ་ཞིབ་དང་ཐག་གཅོད་ཀྱི་ལས་དོན་སྤེལ་ཡོད། ཉེས་གསོག་གི་བྱེད་ཐབས་གང་མགྱོགས་གསལ་པོ་ཤེས་པ་དང་ཉེས་གསོག་གི་དཔང་རྟགས་གཏན་འཁེལ་བྱ་ཆེད། ཆེད་དོན་ཚོ་ཆུང་གིས་མྱུར་སྐྱེལ་མངགས་ཐོའི་ཨང་གྲངས་ཁུངས་སྣེ་གཙོ་བོར་བྱས་ནས་ཞིབ་དཔྱད་ཞིབ་ཕྲ་བྱས་ཏེ་ཟོག་འགྲེམས་ལ་ཞིབ་བཤེར་བྱས་པ་བརྒྱུད། དངོས་ཟོག་བསྐུར་ཁུངས་ནི་ཀོང་ཀྲོའུ་གྲོང་ཁྱེར་པའེ་ཡུན་ཆུས་ཡིན་པ་ཤེས་རྟོགས་བྱུང་བ་དང་། དངོས་ཟོག་གི་ཡོང་ཁུངས་རྗེས་འདེད་བྱས་པ་བརྒྱུད་ཐ་མག་རྫུན་མ་དེ་དྲ་ཐོག་ནས་མཁོ་འདོན་བྱེད་མཁན་ནི་ཉེས་བསགས་དོགས་ཡོད་མི་སྣ་ཝང་ཆེ་གེ་མོ་པིང་དང་ཝང་ཆེ་གེ་མོ་ཕིང་བཟའ་ཚོ་གཉིས་ཡིན་པ་ཤེས་རྟོགས་བྱུང་ཡོད།

 ཟླ་བ་གསུམ་ལྷག་ཙམ་རིང་མྱུལ་ཞིབ་བྱས་པ་བརྒྱུད། ཉེས་བསགས་དོགས་ཡོད་མི་སྣ་ཚོགས་པའི་ཐ་མག་རྫུན་མ་སྐྱེལ་འདྲེན་བྱེད་པ་དང་ཕྱིར་འཚོང་བྱེད་པའི་ཁོངས་མིའི་ཐོབ་ཐང་དང་སྒྲོམ་གཞི། འབྲེལ་བ་བཅས་གཞི་རྩའི་ཆ་ནས་ཤེས་རྟོགས་གསལ་པོ་བྱུང་ཡོད། དོགས་ཡོད་མི་སྣའི་འགྲོ་སྐྱོད་གནས་ཚུལ་དང་དེ་བཞིན་གྱོད་གཞི་དང་འབྲེལ་བ་ཡོད་པའི་དངུལ་གྲངས། ཉེས་གསོག་དཔང་རྟགས་བཅས་ཁོང་དུ་ཆུད་རྗེས་ཆེད་དོན་ཚོ་ཆུང་གི་མི་དམངས་ཉེན་རྟོག་པས་དོགས་ཡོད་མི་སྣ་དེ་ཚོ་འཛིན་བཟུང་བྱ་རྒྱུའི་ཐག་བཅད།

2024ལོའི་ཟླ་དང་པོར། ཆེད་དོན་ཚོ་ཆུང་གིས་ཀོང་ཀྲོའུ་ཡི་ས་ཁུལ་ལྔ་རུ་དུས་གཅིག་ཏུ་འཛིན་བཟུང་བྱ་སྤྱོད་སྤེལ་ནས། གྱོད་གཞི་དང་འབྲེལ་བ་ཡོད་པའི་མི་སྣ་གཙོ་བོ་སྟེ་ཉེས་བསགས་དོགས་ཡོད་མི་སྣ5བདེ་བླག་ངང་འཛིན་བཟུང་བྱས་པ་དང་། མཛོད་ཁང1རྩ་མེད་བཟོས་ནས་ཡུལ་དངོས་སུ་གྲགས་ཅན་ཐ་མག་རྫུན་མ་སྣ་ཚོགས་ཁྱོན་རྡར་ཚན700ལྷག་ཙམ་གཞུང་བཞེས་བཏང་།

འབྲེལ་ཡོད་ཁུངས་སྣེར་གཞིགས་ནས་ཆེད་དོན་ཚོ་ཆུང་གིས་ཉེས་བསགས་དོགས་ཡོད་མི་སྣ་ཝང་ཆེ་གེ་མོ་པིང་དང་ཝང་ཆེ་གེ་མོ་ཕིང་བཟའ་ཚོ་གཉིས་ཀྱི་མངའ་འོག་གི་ཟོག་འགྲེམས་མི་སྣ་ཡིན་པའི་ཉེས་བསགས་དོགས་ཡོད་མི་སྣ8འཛིན་བཟུང་བྱས་ཡོད། མིག་སྔར་གྱོད་གཞི་འདི་སྔར་བཞིན་ཞིབ་གཅོད་བྱེད་བཞིན་པའི་སྒང་རེད།


མཉམ་སྤྱོད།